Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
སྨོན་ལམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousསྨོན་ལམ། next

སྨོན་ལམ།


JSD004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་བི་ཛ་ཡནྟུ། ཀ་དག་ཀློང་ནས་ལྷུན་གྲུབ་འཕོ་ཆེན་བཞེངས། །ཁ་བའི་ལྗོངས་སོགས་རྡུལ་སྙེད་ཞིང་རྣམས་སུ། །ག་བུར་བསུང་ཞིམ་དྲི་མེད་པད་འབྱུང་ཞབས། །ང་ཡི་བདེ་ཆེན་ཚངས་པའི་རྒྱན་ཏུ་མཆོད། །ཅ་ཅོ་འདུ་འཛིའི་དགྲ་ཆེན་རྒྱང་བསྲིངས་ཤིང་། །ཆ་ཤང་དབེན་པའི་ཡོན་ཏན་དུ་མ་དང་། །ཇ་དང་མེ་ཤིང་ཆུ་སོགས་མཐུན་རྐྱེན་ཚང་། །ཉ་རྒྱས་ཟླ་དང་ཉི་འོད་ཟེར་གཉིས་རྟག །ཏ་ཐཱ་ག་ཏ་གུ་རུའི་ཞབས་བཅགས་ཤིང་། །ཐ་མལ་སྐྱེ་བོ་ལྷ་འདྲེའི་གླག་ཅོར་དབེན། །ད་ལྟ་དུས་གསུམ་ཆོས་བྱེད་ཉམས་བག་ཕེབས། །ན་མ་ཐེག་མཆོག་ལྷུན་གྲུབ་སྡིངས་ཞེས་བཏགས། །པཱ་པམ་བཞིན་འབྱོར་རྔམས་པའི་བློ་མེད་ཀྱང་། །ཕ་གཅིག་ཨོ་རྒྱན་པདྨས་གནས་འདི་བསྩལ། །བ་ལིང་ཤ་ཁྲག་དམར་དང་ཆང་མེད་ཀྱང་། །ཨ་མོ་མཁའ་


JSD004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཕྲིན་ལས་བསྒྲུབས་མིན་ནམ། །ཙ་རིའི་ནུབ་ཕྱོགས་འབྲས་ལྗོངས་སྦས་ཚལ་ཡིན། །ཚ་གྲང་ཁོད་སྙོམས་གནམ་སའི་དཔྱད་ཀྱང་ལེགས། །ཛ ལངས་དགྲ་གཉེན་ཆགས་སྡང་ཡུལ་མ་ལགས། །ཝ་ལེར་བསམ་གཏན་བསྒོམ་ལ་མེད་ཐབས་མེད། །ཞྭ་གོས་འཕྱོར་མཛེས་ཚུལ་འཆོས་ངོ་བསྲུངས་དང་། །ཟ་ཆོག་དཀོར་ནག་འདོད་པའི་བྲེལ་ཚུབ་སོགས། །འ་རེ་འུ་རེའི་ཆོས་འགལ་དོན་མེད་ལས། །ཡ་མཚན་དབེན་ཁྲོད་འདི་ན་མ་མཆིས་བདེ། ། ར་བསད་རྔ་བརྡུང་འཚེ་བ་ཀླ་ཀློའི་ཆོས། །ལ་ཀླུང་ཀུན་ཏུ་རྒྱུན་བཅད་ཞི་བདེའི་ལམ། །ཤ་ཆང་ལོག་འཚོ་ཡོངས་སྤངས་བརྟུལ་ཞུགས་ཀྱིས། །ས་ཕྱོགས་དཀར་པོའི་དགེ་ལ་སྦྱོར་ནུས་ཤོག །ཧ་ཡ་གྱྀ་ཝའི་ཐུགས་སྤྲུལ་ཙིའུ་དམར། །ཨ་ཏིའི་བསྟན་སྐྱོང་གཉན་པོ་ཁྱེད་རྣམས་ཀྱིས། །གནས་འདིའི་སྒྲུབ་


JSD004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འཁོར་བཅས་བུ་ལྟར་སྐྱོང་། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་འདོད་དོན་སྒྲུབས། །ཁྱད་པར་ཞིང་སྐྱོང་དུར་ཁྲོད་ལྷ་མོ་ལ། དགོན་གནས་དཀོར་ནོར་ལོངས་སྤྱོད་གཉེར་དུ་གཏད། །གནོད་བྱེད་དགྲ་རྐུན་འཚེ་བ་ཉིན་མཚན་ཀུན། །མེལ་ཚེ་བསྲུང་སྐྱོབ་གཡེལ་མེད་སྡོང་གྲོགས་མཛོད། །ས་མ་ཡ། ཞེས་སྔོན་ནས་སྨོན་ལམ་གྱིས་འབྲེལ་བའི་ཀ་ཇི་ལགས་སྟང་དཔྱལ་ནས་གཏོང་བའི་སྒོ་འཕར་ཡངས་པོར་ཕྱེས་ཏེ་ར་ལེང་ཀཊི་དགོན་གནས་རི་ཁྲོད་ཀྱི་ཆ་རྐྱེན་དུ་དད་པས་ཕུལ་བ་རང་གིར་བགྱིད་སྐབས་གར་བསྐྱིད་ཀྱི་རྣལ་འབྱོར་རྒྱལ་ཁམས་པ་བུདྡྷ་བཛྲ་གྱིས་མེ་ཕོ་འབྲུག་ལོ་ཧོར་ཟླ་གཉིས་པའི་ཡར་ཚེས་༨དགེ་བར་སུག་བྲིས་སུ་བགྱིས་པའོ། མངྒ་ལཾ། །


JSD004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྨོན་ལམ། next