Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
  
 
  
  
 
རྡོ་རྗེ་རྣམ་པར་འཇོམས་པ། ལག་ན་རྡོ་རྗེ།
 
 
 
  
  


48 occurrences of གཙང་
[Clear Hits]

 
previousརྡོ་རྗེ་རྣམ་པར་འཇོམས་པ།ལག་ན་རྡོ་རྗེ།next

རྡོ་རྗེ་རྣམ་པར་འཇོམས་པ།
ལག་ན་རྡོ་རྗེ།

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏེང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་པར་བྱེད་པ། རིགས་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིགས་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིགས་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུག་པར་བྱེད་པའི་གསང་སྔགས་ཀྱིས་མཐུ་ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩནྚ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྤུ་ཊ་སྤུ་ཊ། སྤོ་ཊ་ཡ་སྤོ་ཊ་ཡ། གྷཱུརྞ་གྷཱུརྞ། གྷཱུརྞ་པ་ཡ་གྷཱུརྞ་པ་ཡ། སརྦ་ས་ཏྭཱ་ནཾ། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་བོ་དྷ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤ་ཏྲུནཾ། གྷ་ཊ་གྷ་ཊ། སཾ་གྷ་ཊཡ་སཾ་གྷ་ཊ་ཡ། སརྦ་བིདྱཱ་བཛྲ་བཛྲ། སྤོ་ཊ་ཡ་བཛྲ་བཛྲ༌། ག་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། ཧེ་ཕུལླུ་ནི་རུ་ཕུལླུ། གྲྀཧྣ་ཀུལླུ། མི་ལི་ཙུ་ལླུ། ཀུ་རུ་ཀུ་ལླུ། བཛྲ་བི་ཛ་ཡཱ་སྭཱ་ཧཱ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་སྲ་མོ་ཊ་ཎཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ༌། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙནྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲ་ས་ཡ། མཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱ་ཧི་བཛྲ། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟཱ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། ན་མཿས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ། མ་ཧཱ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མཱ་ཡེ། ཨ་ཏི་བཛྲ་མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙནྚ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ་ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཤྩནྚ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། །མཛའ་སྡུག་སྐྱེ་བོ་སྡང་བ་དང༌། །བྲན་བཟའ་ལ་སོགས་གཙེས་པ་དང༌། །ཕན་ཚུན་མཐུན་པ་མ་ཡིན་དང༌། །ནོར་འགྲིབ་པས་ནི་གནོད་པ་དང༌། །མྱ་ངན་ངལ་དང་གནོད་པ་དང༌། འཇིག་པ་དང་ནི་ཕོངས་པ་དང༌། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང༌། །མི་བཟད་གདོན་གྱིས་ཉེན་པ་དང༌། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །དེས་ནི་རབ་བཀྲུས་previous hit གཙང next hit་མ་ཡི། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དྭངས་ཞིང༌། །previous hit གཙང next hit་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་ཟད་པ་ཡི་ནད་རྣམས་ཀྱང༌། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་དཀར་དུར་བ་དང༌། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང༌། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང། །previous hit གཙང next hit་མའི་གོས་ཀྱིས་དཀྲི་ཞིང་དག །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། རྒྱ་གར་གྱི་མཁན་པོ་ལཤྲཱི་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཤང་སྟོད་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའོ། དུས་ཕྱིས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྒྱ་དཔེ་དག་པ་རྣམ་དང༌། རྒྱ་འགྲེལ་བཟང་པོ་རྣམས་ཀྱིས་འབྲུ་སྦྱོར་དང་མཐུན་པར་བཅོས་ཏེ་ཤིན་ཏུ་དག་པར་བགྱིས་པའོ།། །།


previousརྡོ་རྗེ་རྣམ་པར་འཇོམས་པ།ལག་ན་རྡོ་རྗེ།next