Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྡོང་པོ་བརྒྱན་པའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྡོང་པོ་བརྒྱན་པའི་མདོ།next

འཕགས་པ་སྡོང་པོ་བརྒྱན་པའི་མདོ།

༄༅། །འཕགས་པ་སྡོང་པོ་བརྒྱན་པའི་མདོ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་དྷཱ་མཉྫ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྡོང་པོ་བརྒྱན་པའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་བསྐྱབ་ཏུ་གསོལ། །བྱང་ཆུབ་མཆོག་ལ་ཕྱག་འཚལ་ལོ། འཕགས་པ་ཀུན་གྱིས་བསྐྱབ་ཏུ་གསོལ། །རྡོ་རྗེ་མཆོག་ལ་ཕྱག་འཚལ་ལོ། །རིག་བྱེད་ཀུན་གྱིས་བསྐྱབ་ཏུ་གསོལ། །ཀླུ་རྣམས་ཀུན་ལ་ཕྱག་འཚལ་ལོ། གནོད་སྦྱིན་ཀུན་གྱིས་བསྐྱབ་ཏུ་གསོལ། །ཚངས་རིགས་ལྷ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལྷས་ནི་བསྐྱབ་ཏུ་གསོལ། །བར་སྣང་ལྷ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱིས་བསྐྱབ་ཏུ་གསོལ། །ཁམས་གསུམ་སྲིད་པ་དབང་མཛད་པའི། །ཀུན་ལ་ཕྱག་འཚལ་རྗེས་སུ་གསོལ། །བདག་གི་ལྔ་ཕུང་འདི་དག་ལ། །ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །བདག་ལ་ངན་པར་གྱུར་པ་དག །དེ་དག་ཟིལ་གྱིས་གནོན་པར་གསུངས། །ཨོཾ་ཀ་ར་ཀ་ར་སྭཱ་ཧཱ། ཀུ་རུ་ཀུ་རུ་སྭཱ་ཧཱ། ག་ར་ག་ར་སྭཱ་ཧཱ། སུ་རུ་སུ་རུ་སྭཱ་ཧཱ། ཕུ་རུ་ཕུ་རུ་སྭཱ་ཧཱ། ཨ་ར་མ་ཎི་ཕྲིང་ཨ་ལ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཧཱུཾ་ཕཊ། བདག་གི་ལྔ་ཕུང་འདི་དག་ལ། །ལོ་མི་རུང་དང་ཟླ་མི་རུང༌། །གཟའ་མི་རུང་དང་སྐར་མི་རུང༌། །ཉིན་མི་རུང་དང་མཚན་མི་རུང༌། །སྔ་དྲོ་ཕྱི་དྲོ་མི་རུང་དང༌། རྨི་ལམ་ངན་དང་མཚན་མ་ངན། །མུན་པ་ལྟ་བུའི་དབང་བྱས་ཀྱང༌། །ཉི་ཟླ་ལྟ་བུའི་འོད་བྱུང་སྟེ། །མཐའ་ནས་རྣམ་པར་གསལ་བར་གསུངས། །ཏདྱ་ཐཱ། ཨོཾ་པྲཛྙཱེ་པྲཛྙཱེ་མ་ཧཱ་པྲཛྙཱེ། པྲཛྙཱེ་ཨ་བ་པྲཛྙཱེ། ཨ་ཝ་ལོ་ཀི་ཀ་ར་ཀ་ར་ཨད་ན་སིདྡྷེ་ཧེ་ད་ཏ་ལོ་པྲ་ས་ར་དྷ་ཏེ། ཤྭ་ར་སཾ་བྷ་བཱ། ཨཱརྻ་ཛ་ལ་མ་ན་སྭཱ་ཧཱ། བདག་གི་ལྔ་ཕུང་འདི་དག་ལ། །འབར་མ་བཅུ་དང་ཕྲ་མན་བཅུ། །ཟློས་དང་ངན་པར་འོང་བ་དེང༌། །ཁྱད་དང་སྟེམས་དང་བོན་ཟོར་དང༌། །གདོན་དང་འདྲེ་དང་ངན་བྱེད་རྣམས། །སྣ་ཚོགས་ཀྱིས་ནི་འབབ་པ་དང༌། །སྣ་ཚོགས་ནད་དང་སྣ་ཚོགས་རིམས། །སྣ་ཚོགས་གདོན་དང་སྣ་ཚོགས་དུག །ཕྱུགས་ཀྱི་ནད་རྣམས་ཐམས་ཅད་ཀུན། །ཕྱོགས་སྐྱོང་བཅུ་ཡིས་རྣམ་པར་བཏུལ། །དེ་ཡི་སྙིང་པོ་འདི་སྐད་གསུངས། །ཨོཾ་ཧ་ཀུ་ཧཱུཾ། ཧཱུཾ་དུ་ཧཱུཾ། ཧཱུཾ་ན་ཧཱུཾ། ཧཱུཾ་ཡཾ་ཧཱུཾ། ཧཱུཾ་ཀེ་ཧཱུཾ། ཧཱུཾ་ཀི་ཧཱུཾ། ཧཱུཾ་ཀུ་ཧཱུཾ། ཧཱུྃ་ཏི་ཧཱུཾ། ཧཱུཾ་བེ་ཧཱུཾ། ཕྱོགས་སྐྱོང་བཅུ་ཡིས་བསྲུང་དུ་གསོལ། །བདག་གི་ལྔ་ཕུང་འདི་དག་ལ། །ཐོག་མ་མ་མཆིས་གནས་སྐབས་ནས། །ད་ལྟ་མི་ལུས་འདི་བར་དུ། མི་དགེ་བཅུ་དང་མཚམས་མེད་ལྔ། །ཁ་ན་མ་ཐོ་གསུམ་པོ་དག །སྒོམ་ཉེས་པ་དང་བཤད་ཉེས་དང༌། བྲིས་ཉེས་པ་དང་ཀློག་ཉེས་དང༌། །ཕྱག་རྒྱ་ནོར་ཞིང་འཁྲུལ་བ་དང༌། །སྙིང་པོ་ནོར་ཞིང་ཟུར་ཆག་དང༌། །དམ་ཉམས་དང་ནི་ཁྲིམས་རལ་བ། །ཐམས་ཅད་ཀུན་ནས་སྦྱང་དུ་གསོལ། །འཕགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ་ཀེ་ཏུ་ཡེ་སྭཱ་ཧཱ། །སྡོང་པོ་རྒྱན་པའི་མདོ་རྫོགས་སོ།། །།

རིག་སྔགས་འདི་ཡིས་བྱིན་གྱིས་རློབས། །བདག་དང་ཡོན་བདག་འཁོར་བཅས་ལ། །རྨི་ལམ་ངན་དང་མཚན་མ་ངན། །ལོ་དང་ཟླ་བ་ངན་པ་དང༌། །ཞག་དང་ཟ་མ་ངན་པ་དང༌། །གཟའ་དང་རྒྱུ་སྐར་ངན་པ་དང༌། །ལོ་བསྐོར་གསུམ་བརྒྱ་དྲུག་བཅུ། །ལྟ་ངན་བརྒྱད་ཅུ་རྩ་གཅིག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། །གློ་བུར་བརྒྱད་ཅུ་རྩ་གཅིག །གེགས་རིགས་སྟོང་ཕྲག་བརྒྱད་ཅུ། །དུས་མ་ཡིན་པའི་འཆི་བ་རྣམ་པ་བརྒྱད། །ཞང་ཞུང་གི་གཙོ་བོ། སུམ་པའི་གླང༌། དྲང་སྲོང་གི་སྔགས། བྲམ་ཟེའི་ངན་སྔགས། མུ་སྟེགས་ཀྱི་གཟེར་བུ། ཀླུའི་བྱད་ཀ །སྲིན་མོའི་རྦོད་གཏོང༌། རྒྱལ་པོའི་རླངས་ཁ། བདུད་ཀྱི་ཁྲམ་ཁ། བཙན་གྱི་གཟེར་ཁ། མ་མོའི་ཁྲག་ནད། འབྱུང་པོའི་རིམས་ནད། མི་ཁ་དང་བྱད་ཆུ། ནད་དང་རིམས་དང༌། བྱུར་དང༌། སྟེང་གི་ཆེ་སྲི། གཡོན་གྱི་མོ་སྲི། བྱིས་པའི་ཆུང་སྲི་ལ་སོགས་པ་རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་སྤེན་ཕྱགས་ཀྱིས་ཕྱོགས་ཤིག །རིལ་མ་བཞིན་དུ་ཆུས་ཁྱེར་ཞིག །བོང་བ་བཞིན་དུ་ཆུས་ཞིག་ཅིག །འཇག་མ་བཞིན་དུ་རླུང་གིས་སྒྱེལ་ཅིག །འཕགས་པ་བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་རྫོགས་སོ།། །།མངྒ་ལཾ། །


previousའཕགས་པ་སྡོང་པོ་བརྒྱན་པའི་མདོ།next