བྱ་གཏོ་བསྡུས་པ།
བྱ་གཏོ་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །བྱ་གཏོ་བཅའ་ཐབས་ལ། བྱ་གང་རྒྱབ་པ་དེ་གཙོ་བོ་བྱེད། འདེད་མི་གང་རེད་པ་དེ་རྒྱབ་ན་བཞག །རི་རབ་བང་རིམ་བཞི་པ་བྱ། གཙོ་བོ་དེ་ཡི་གཟུགས་རི་རབ་སྟེང་དུ་བཞག །དེའི་མཐར་ཐུག་པ། ལྕང་ཁྲ། སྐྱུང་ཀ །སྲེག་པ། ཁྲ། ཁ་ཏ། ཕུག་རོན། གོང་མོ། ཁུ་ལོང་། ཀོ་ཁོ། དེ་རྣམས་བཅས་ལ་བཞག །བྱ་ཁ་ཏའི་སྒྲོ་བཙུགས་ལ་འདི་སྐད་དོ། །ཀྱཻ། ང་ནི་ཀོང་ཙེ་འཕྲུལ་རྒྱལ་ཡིན། །སྣང་སྲིད་ལྷ་འདྲེ་ཚུར་ཉོན་དང་། །སྲིན་བྱ་འུག་པ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །བདུད་བྱ་ལྕང་ཁྲ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །འདྲེ་བྱ་སྲེག་པ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །གཉན་གྱི་བྱ་ཁྲ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །གོད་བྱ་ཁ་ཏ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །སྡུག་བྱ་ཕུག་རོན་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །ལྷ་བྱ་གོང་མོ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །
ཐན་བྱ་ཁུ་ལོང་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །རྨོང་བྱ་ཀོ་ཁོ་མདོས་ལ་གཤེགས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག། ཀྱཻ། གནམ་ནས་བདུད་ཀྱི་འབོད་པ་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །ས་ལ་སྲི་ཆེན་ལྡང་བ་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །བར་ན་གྲི་བཙན་རྒྱུག་པ་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །གནམ་ནས་བྱ་ཐན་མཐོང་བ་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །ལྷ་སྲིན་སྡེ་བརྒྱད་དམོད་པ་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །དཔྱིད་གསུམ་ཐོག་འབྲུག་ལྟས་ངན་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །དབྱར་གསུམ་ཐན་ལྟས་ངན་པ་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །སྟོན་གསུམ་མོན་བུ་ལྟས་ངན་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །དགུན་གསུམ་སྦྲུལ་མཐོང་ལྟས་ངན་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །དུས་བཞི་འབྱུང་བཞིའི་ལྟས་ངན་ཡང་། །བཟློག་གོ་བྱ་གཏོ་འདི་ཡིས་ཟློག །དེ་ནས་ཐན་ལྟས་ཟློག་པ་ནི། ཀྱཻ། བྱ་ཐན་ཁྱིམ་དུ་འོང་བའི་ལྟས་ངན་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །སྲིན་བྱས་
འབུ་རོ་ཁུར་ནས་ཁྱིམ་དུ་འོང་བ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །སྲིན་བྱས་ཕུག་རོན་ཁུར་བའི་ལྟས་ངན་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །ཁྱིམ་དུ་འུག་པ་འོང་བའི་ལྟས་ངན་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །ཁྱད་པར་བྱ་ཐན་རྨེ་ཡང་། །བྱ་སུ་རྒྱབ་པ་དེས་མིང་སྦྱར་ཤེས་དགོས་སོ། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །ནག་བྱིལ་སྒོ་ཁར་འགྲིམས་པའི་ལྟས་ངན་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །ཀྱཻ། སྲིན་བྱ་འུག་པ་བབ་པ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །བདུད་བྱ་ལྕང་ཁྲ་འབབ་པ་ཡང། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །འདྲེ་བྱ་སྲེག་པ་རྒྱབ་ནས་འདེད་པ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །གཉན་བྱ་ཁྲ་ཡང་རྒྱུག་པ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །གོད་བྱ་ཁ་ཏཱ་གུང་གི་ཀླད་ན་ལྡིང་བ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །སྡུག་བྱ་ཕུག་རོན་འཁུན་པོ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །ལྷ་བྱ་གོང་མོ་གླག་གི་ཁྱིམ་དུ་དེད་པ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །ཐན་བྱ་ཁུ་ལོང་ཁྱིམ་དུ་འཛུལ་བ་ཡང་། །དེ་ཡང་བྱ་གཏོ་འདི་ཡིས་ཟློག །རྨོང་བྱ་ཀོ་ཁོས་བསྐོས་པ་ཡང་། །
དེ་ཡང་བྱ་གཏོ་འདི་ཡིས་ཟློག །བྷྱོ་བྷྱོ། ཟློག་ཟློག །ཅེས་ཐལ་མོ་བརྡབ་བོ། །དེ་ནས་རྫོངས་རྣམས་བཏབ་ལ། ཀྱཻ། ཚྭ་ཡོས་རམ་རུག་རྫོངས་སུ་འདེབས། །ཤ་ཤུན་སྦང་རྒུམ་རྫོངས་སུ་འདེབས། །ཆངས་བུ་ཏིང་ལོ་རྫོངས་སུ་འདེབས། །མར་མེ་འབྲང་རྒྱས་རྫོངས་སུ་འདེབས། །གླུད་གཟུགས་ཡས་སྟགས་རྫོངས་སུ་འདེབས། །རྫོ་ངས་འདེབས་དྲག་པོ་འདི་བཞེས་ལ། །ཡོན་བདག་སྐག་ཆེན་བསྒྱུར་དུ་གསོལ། །དེ་ནས་མདོས་ཁ་ཕྱིར་བསྒྱུར་ལ། ཡོན་བདག་གི་མཆིན་ཁུར་སླ་ང་བརྡུང་ལ་འདི་སྐད་དོ། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་བྱ་འུར་མཐིལ་བཞག་པ་འཕང་ལ་འདི་སྐད་དོ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །ལྷ་འདྲེའི་བྱ་ཐན་བཏང་བ་ཡང་། །ཉི་མ་ཤར་ཕྱོགས་ཕ་ཀའི་དྲུང་། །མཐའ་ཡི་རྒྱ་མཚོའི་ཕ་རོལ་སོང་། །བྷྱོ་བྷྱོ་ཟློག་ཟློག །ཕེའོ། མི་ཐམས་ཅད་ཀྱིས་བརྗོད་ལ་ཤར་ཕྱོགས་སུ་འཕང་ངོ། །ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །མི་མན་བྱ་ཐན་བཏང་བ་ཡང་། །ཉི་མ་ལྷོ་ཕྱོགས་ཕ་ཀའི་དྲུང་། །མཐའ་ཡི་རྒྱ་མཚོའི་ཕ་རོལ་སོང་། །བྷྱོ་བྷྱོ་ཟློག་ཟློག །ཕེའོ། །མི་ཐམས་ཅད་ཀྱིས་བརྗོད་ལ་ལྷོ་རུ་འཕང་། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་
ནུབ་ཕྱོགས་ཕ་ཀི་ན། །ལྷ་མིན་བྱ་ཐན་བཏང་བ་ཡང་། །ཉི་མ་ནུབ་ཕྱོགས་ཕ་ཀའི་དྲུང་། །མཐའ་ཡི་རྒྱ་མཚོའི་ཕ་རོལ་སོང་། །བྷྱོ་བྷྱོ་ཟློག་ཟློག །ཕཻའོ། །མི་ཐམས་ཅད་ཀྱི་བརྗོད་ལ་ནུབ་ཏུ་འཕང་ངོ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །དགྲ་བསྒྱུར་བྱ་ཐན་བཏང་བ་ཡང་། །ཉི་མ་བྱང་ཕྱོགས་ཕ་ཀའི་དྲུང་། །མཐའ་ཡི་རྒྱ་མཚོའི་ཕ་རོལ་སོང་། །བྷྱོ་བྷྱོ་ཟློག་ཟློག །ཕེའོ། མི་ཐམས་ཅད་ཀྱིས་བརྗོད་ལ་བྱང་དུ་འཕང་ལ། དེ་ནས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ལ་ཐུན་གཏོར། སུམ་བྷ་ནི་བརྗོད། ཡོན་བདག་རྣམས་ཀྱི་བྱ་ཐན་བཟློག་པའི་ཕྱིར། །ཀིང་ཀང་ནང་ནས་ཚུར་བསྡུས་པའོ། །རཱ་ག་ཨ་སྱས་ཉུང་ངུ་བསྒྲིགས་པའོ། །སྔགས་འཆང་མཁོས་ཆུང་རྣམས་ལ་ཕན་ཐོགས་ཤོག །དགེའོ། །མངྒ་ལཾ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།