Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་དཔལ་ཆེན་ཕུར་པའི་ཁ་བསྐང་སྲི་མནན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་དཔལ་ཆེན་ཕུར་པའི་ཁ་བསྐང་སྲི་མནན།next

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་དཔལ་ཆེན་ཕུར་པའི་ཁ་བསྐང་སྲི་མནན།

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་དཔལ་ཆེན་ཕུར་པའི་ཁ་བསྐང་སྲི་མནན་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་རཱ་ཡེ༔ བརྡ་ཡིག །འདི་ལ་བྱ་བ་ཆོ་གའི་སྔོན་འགྲོ་གཉིས༔ དངོས་གཞིའི་རིམ་པ་དང་ནི་རྗེས་ཆོག་བཞི༔ དང་པོ་ལ་ནི་ཆས་གསོགས་མནན་དོང་བརྐོ༔ ཆས་ལ་ལིང་ཀ་མནན་སྣོད་ཕུང་རེ་དང་༔ བྱད་ཐག་རོ་གཡམ་རྡོ་རྗེ་རྒྱ་གྲམ་མཚན༔ ལིངྐ་དབང་པོ་ཀུན་ཚང་རང་བཞིན་ཅན༔ མན་ངག་སྤྱི་འགྲོ་ལྟར་རམ་དམིགས་བསལ་དུ༔ དུག་ཤོག་ངོས་ལ་དུག་ཁྲག་འདྲེས་མས་བྲིས༔ རུ་པ་ཁ་ངུ་ཤི་མིག་མྱ་ངན་རྒྱ༔ རྐང་ལག་ལྕགས་སུ་བཅུག་པ་སྤྱི་ལྟར་ཡང་༔ ཤ་རྒྱས་ལུས་ཁམས་དར་བས་མི་ཐུལ་ལ༔ མགོ་བོ་གཞོན་སྟོབས་ལོ་གསུམ་མི་ནོན་ནོ༔ ཡན་ལག་གཉེན་ལྕུག་ལོ་རེ་ཕྱོགས་ཀྱི་འགོར༔ ཡན་ལག་རིང་ན་སྲིད་རྒྱུད་རིང་བར་གནས༔ རྐེ་རིང་པ་ཡིས་ད་དུང་ལན་གཅིག་ལྡང་༔ རྐེད་པ་སྦོམ་ན་གཏན་ནས་མི་ནོན་ཏེ༔ ཕྲ་ཡང་རིང་ན་ཟུག་ཀྱི་བསྲིང་སྟེ་འཚེ༔ དབང་པོ་བཀྲ་མཛེས་ལན་གཉིས་ཕྱིར་ལ་འཁོར༔ ཉིང་ལག་ཕོ་མོའི་དབང་པོའང་རིག་པས་དཔག༔ ཆེ་སྲི་གཟུགས་ཆེ་ཆུང་སྲི་ཆུང་བ་ལ༔ དགྲ་སྲི་ཕོ་དང་མོ་སྲི་མོ་ཡི་གཟུགས༔ དམ་སྲི་ཕོ་དང་གོད་སྲི་ལ་སོགས་པ༔ ཕོ་མོ་གང་ལ་འཚེ་ཆེས་གཟུགས་སུ་བྱ༔ ན་འཆི་དུར་སྲི་ཕུང་སྲི་མཚོན་ལའང་མཐུན༔ གྱོད་འདྲེ་ཅན་གྱིས་དགྲ་གཟུགས་ཅི་བཞིན་ལ༔ གྲི་སྲི་བཅོ་བརྒྱད་གང་ལའང་ཕོ་མོའི་དཔག༔ ༈ཡང་ན་གཞོན་སྲི་གཞོན་ལ་རྒན་བྱས་སྲི༔ ཕོ་མོ་གང་ཡིན་མཚན་མར་བྱས་པ་ལ༔ ཆུང་སྲི་བྱ་མགོ་དམ་སྲི་སྲེ་མོང་གདོང་༔ གོད་སྲི་རི་བོང་གྱོད་འདྲེ་སྤྲེའུར་བྱ༔ དགྲ་སྲི་མི་ཕོ་འགགས་སྲི་མི་མོའི་དབང་༔ ཕུང་སྲི་རྔ་མོང་བྱུར་སྲི་ལུག་གི་མགོ༔ ན་སྲི་རྟ་བླ་ཤི་སྲི་གཤིན་རྗེའི་གདོང་༔ ཡན་ལག་རྣམས་ལ་ཆག་དང་ཉིང་ལག་ལ༔ ཞ་ཡི་ཡི་གེ་དབང་པོ་སྒོ་ལྔ་ལ༔ ༼ རྣ་བ། ༽འོན་ ༼ མིག ༽ལོང་ ༼ སྣ། ༽འགགས་ ༼ ལྕེ། ༽ཆད་ ༼ངག་གི་གནས་འགྲིན་པ་ལ། ༽ལྐུགས་༼ ཡིད་ཀྱི་གནས་སྙིང་གི་གཡས་སུ། ༽འགགས་ཞེས་མིང་ཡིག་བྲི༔ སྤྱི་བོར་ལུས་ཀྱི་ཡི་གེ་ཆིངས་ཞེས་དང་༔ སྙིང་དབུས་ཏྲི་ཡིག་ལྟེ་བར་མིང་བྲིས་ཤིང་༔ གསང་བའི་གནས་སུ་ཁམས་མཚོན་ཐིག་ལེ་བྲི༔ དེ་རྣམས་སྟེང་དུ་སྤྱི་བོར་ཏྲིག་ནན་དང་༔ སྙིང་ཀར་ཏྲི་ཇ་ཧུར་ཐུམ་རྦད༔ ཕུར་པའི་མནན་གཞུང་ནས་ནི་བྱུང་བ་ཡི༔ ན་སྲི་ནི་དང་གྲི་སྲི་ལ་སོགས་པ༔ ཆིངས་ཆིངས་ནན་ཤབ་ཚབ་མར་ཨ་ཀརྴ་ཛ༔ ཛཿཧཱུྃ་བཾ་ཧོ་ཞེས་པའི་མཐར༔ ཡིག་མགོ་ཕྱི་དང་མཇུག་ནང་བསྟན་པར་བྲི༔ དེ་མཐར་བསྐོར་ཏེ༔ གནོད་བྱེད་འབྱུང་པོ་ལོ་ཟླ་ཞག་ཟ་མ་ཡུད་ཙམ་གྱི་གེགས་དང་ཕུང་སྲི་འདྲེ་གནོད་ཐམས་ཅད་ཁུག་ཛ༔ ཞེས་བསྐོར༔ སྤྱི་བོར་ཅུང་དཔག་ཕཊ་ཅེས་དང་༔ ཡན་ལག་ལྷུ་མཚམས་ཛཿཧཱུྃ་བཾ་ཧོས་མཚན༔ མཚན་མར་ཕཊ་དང་རྐང་ཞབས་ཡཾ༔ བྲིས་པའི་མཐའ་མར་སྤྱི་བོར་ནན་ཞེས་དྲངས༔ གནོད་བྱེད་འབྱུང་པོ་མཐོ་རྒྱལ་བློན་དམངས་གཙང་ཤ་ཟའི་སྲི་ལངས་བ་ནན༔ ཕོ་མོའི་ཆེ་ཆུང་ན་ཤི་དུར་ ༼ སྲི་དཔྱད། ༽གོད་ཡམས་ཕུང་འདྲེ་ཞང་ཉེ་དགྲ་སྲི་མཚོན་སྲི་བྱུར་གདོན་ལངས་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཚེ་བསོད་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་ལ་སྲི་ལངས་པ་ཐམས་ཅད་རྦད་ནན༔ ཕྱི་ལ་ཁྲམ་རིས་མཚམས་ཀུན་ལཾ་ནན་བྲིས༔ ལིང་ཁྲུས་ལ་སོགས་སྤྱི་འགྲོ་བསྟུན་པའོ༔ གཉིས་པ་མནན་སྣོད་ཕོ་སྲི་གཟིག་ཐོད་དང་༔ མོ་སྲི་སྟག་ཐོད་དགྲ་ལ་ཁྱི་ཡིས་ཆོག༔ དུར་སྲི་ཝ་མོ་གོད་སྲི་སྤྱང་ཐོད་རུང་༔ ཕུང་སྲི་ཕུང་ཐོད་༩གཞོན་སྲི་བ་ལང་ཐོད༔ ཆུང་སྲི་འགགས་སྲི་ལ་ནི་རྟོལ་ལེ་དང་༔ གྲི་སྲི་གཡག་ཐོད་རྒབ་སྲི་རྫ་སྣོད་རལ༔ ན་ཤི་དུར་གསུམ་གྲི་ཐོད་གང་ཡང་འདྲ༔ ཕུང་ས་དུག་སྣ་རྫས་ངན་སྣ་ཚོགས་བཅས༔ སྟ་གོན་བྱ་ཞིང་རང་མིན་དགྲ་ཕྱོགས་ཀྱི༔ རེ་མཐའ་རྫས་ངན་བྱུག་དང་ཁྱི་ཕག་པ༔ རྔ་མོང་ཡུག་འགབ་སྤུ་ཡི་ཐག་པས་དཀྲིས༔ དུར་ཁྲོད་རོ་བརྡུང་གཏན་གྱི་རྡོ་གཡམ་ལ༔ རྡོ་རྗེ་རྒྱ་གྲམ་མཚན་པ་བྲིས་པ་དང་༔ རི་རབ་བང་རིམ་གསུམ་ལྡན་བྱས་པ་བཞག༔ དེ་དག་བྱ་བའི་སྔོན་འགྲོའི་ཆོ་ག་ལ༔ སྔོན་དུ་ལས་གཞུང་བསྲང་ནས་ཚོགས་བསྒྲལ་མཚམས༔ བསད་པ་རྒྱས་བསྡུས་གང་ཡིན་ལིང་ཚལ་བཟུང་༔ དེ་ནས་ཚོགས་རོལ་ལྷག་མར་དུམ་གཅིག་བསྟབས༔ ཐུན་གཏོར་ལ་བརྟགས་ ༼ དཔྱད། ༽ཟོར་གྱི་ལས་ཀའི་མཐར༔ ཁ་བསྐང་སྦྱིན་བསྲེགས་ནང་དུའང་དུམ་རེ་ཕུལ༔ བསྟན་མའི་མཇུག་ཏུ་བྲོ་མནན་རྒྱས་པ་ལ༔ དགྲ་སྲི་གང་ཡང་རུང་བ་མནན་པའོ༔ མནན་པའི་རྗེས་སུ་རྟ་བྲོ་བརྡུང་བར་བྱ༔ བསྟོད་དང་དངོས་གྲུབ་བླང་སོགས་མཇུག་བསྐྱང་གིས༔ གར་ཐོད་བྱས་ན་ཆོ་གའི་ལག་ལེན་འཆོལ༔ འོན་ཀྱང་རང་རང་ལུགས་ལ་ཞེན་ཅིང་ཆགས༔ དེ་ཕྱིར་འདིར་ནི་བྲོ་མནན་མཚམས་ཕྱིན་དུས༔ སྔར་༼ སླར་དཔྱད། ༽ཡང་ལིངྒ་གསུམ་ལ་འགུགས་བསྟིམ་ཀྱང་༔ གཞི་ནས་མནན་དོང་ཁར་ཕྱིན་བྲུབ་ཁུང་གི༔ ནང་དུ་མནན་སྣོད་དང་བཅས་བཅུག་པར་བྱ༔ ཡུལ་གཞིའི་བདག་པོར་གསེར་སྐྱེམས་ཐུན་གཏོར་བརྔན༔ འཁུ་ལྡོག་གདུག་རྩུབ་བར་ཆད་བསལ་བར་བསྒོ༔ གཉིས་པ་དངོས་གཞི་ཐུགས་དང་བསྐུལ་བ་དང་༔ དགྲ་བགེགས་འགུགས་བསྒྲལ་གཏད་མནན་རིམ་པ་ལས༔ དང་པོ་གཉིས་ནི་སྨད་ལས་ནང་ཚན་བཞིན༔ མཐའ་མར་འགུགས་པའི་སྔགས་ལ་སྟོང་ཚིག་ནི༔ གནོད་བྱེད་འབྱུང་བོ་སྲི་ངན་མཐོ་ནམ་མཁའི་ཁམས་ནས་འཚེ་ཞིང་ལྡང་བ་ཐམས་ཅད་མ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཁུག་ཛ༔ དམའ་རྒྱ་མཚོའི་གཏིང་ནས་འཚེ་ཞིང་ལྡང་བ་ཐམས་ཅད་མ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཁུག་ཛ༔ བར་འབྱུང་བཞིའི་ཁམས་ནས་འཚེ་ཞིང་ལྡང་བ་ཐམས་ཅད་མ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཁུག་ཛ༔ ལོ་ཟླ་བའི་ཁམས་ནས་འཚེ་ཞིང་ལྡང་བ་ཐམས་ཅད་མ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཁུག་ཛ༔ ཞག་ཟ་མའི་ཁམས་ནས་འཚེ་ཞིང་ལྡང་བ་ཐམས་ཅད་མ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཁུག་ཛ༔ དུས་ཚོད་དང་འབྱུང་བའི་གཡོ་འཁྲུགས་ཀྱིས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ བྱ་ཉེས་དང་ཕྱོགས་ངན་གྱིས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ ཕོ་སྲི་རི་རྩེ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ མོ་སྲི་ཆུ་འགྲམ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ ཆུང་སྲི་འགབ་འོག་གིས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ གོད་སྲི་སླས་མལ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔རྒྱལ་སྲི་ནམ་མཁའ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ བློན་སྲི་གྲོས་ཁང་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ གྲི་སྲི་འཐབ་ར་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ ཉེ་སྲི་ཆོ་རུས་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ གྱོད་སྲི་ཤཊ་ཁ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ དུར་སྲི་རོ་གླིང་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ དམ་སྲི་སྒྲུབ་ཁྱུ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ ཕུང་སྲི་ཡུལ་ཁམས་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ དགྲ་སྲི་མདུན་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ རྐུན་སྲི་རྒྱབ་ནས་ལངས་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ འགགས་སྲི་བཟའ་ཚོ་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ གདོན་སྲི་གྲོགས་ཕྱོགས་ནས་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ དར་སྲི་གཞོན་ལ་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ ཆུང་གེགས་ཆེ་ལ་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ ན་སྲི་ཚད་ལ་ལྡང་ཞིང་འཚེ་བ་ཐམས་ཅད་ཁུག་ཛ༔ གནོད་བྱེད་འབྱུང་བོ་སྲི་ངན་སྣ་འདྲེན་ལ་འཁྲི་ཞིང་རྒྱབ་བརྟེན་དུ་གནོད་པ་ལས་རྐྱེན་གྱིས་ལྡང་ཞིང་འཚེ་བ་ཐམས་ཅད་མ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཁུག་ཛ༔ བླ་ཤ་རེ་མ་ཏི་འགྲིམ་འགྲིམ༴སོགས་གང་འཐད་ཀྱི་སྔགས་ཀྱང་གྲངས་བསྐྱལ་ལོ༔ དེའི་ཁུག་རྟགས་ཡང་དག་བྱུང་ན་སྨད་ལས་ཀྱི་ལྷ་དབྱེ་བྱ་ཞིང་༔ རྒྱས་པར་སྤྲོ་ན་བསད་པ་དང་ཐུན་གདབས་ཚང་བར་བྱས་རྗེས་རྣམ་སྨིན་གྱི་ལྷག་མ་ལ་དམིགས་ཏེ་བསྟབ་པའི་གོ་སར༔ བདག་ཉིད་ཡི་དམ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པར་གསལ་བའི་སྐུ་གསུང་ཐུགས་གཏུམ་དྲག་རོལ་པའི་ཚུལ་སྒོ་རབ་ཏུ་བཟོད་པར་དཀའ་བ་ངོམ་ནས་གནོད་བྱེད་སྲི་ངན་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བ་ནུས་སྟོབས་དང་བཅས་པ་ཐམས་ཅད་མནན་པའི་ལས་མཛད་པར་གྱུར༔ རཱུ་པ་གནོད་བྱེད་སྲི་ངན་ཐམས་ཅད་འདུས་པའི་ངོ་བོར་ཉམ་ཐག་པར་གསལ་བའི་རྐང་ལག་ཐམས་ཅད་སྤྲུལ་པའི་ཕོ་ཉས་ལྕགས་ཀྱུའི་བཟུང་༔ ཞགས་པས་བསྡམས༔ ལྕགས་སྒྲོག་གིས་བཅིངས༔ དྲིལ་བུའི་བདེ་བ་ཆེན་པོའི་ངང་དུ་མྱོས་པར་བྱས་པ་ལ་སྙིང་ཀར་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་འཕར་ལྡང་གཡོ་འགུལ་མེད་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ གནོད་བྱེད་ཕོ་མོ་མཱ་ར་ཡ་ནན་ནན༔ སརྦ་ཏྲི་ཛ་ཏྲིག་ནན༔ ན་ཏྲི་ནི་ནན༔ དུ་ཏྲི་ནི་ནན༔ ཀ་ཏྲི་ནི་ནན༔ ཤ་ཏྲུ་ནི་ནན༔ ཡ་ཏྲི་ནི་ནན༔ མ་ཏྲི་ནི་ནན༔ སརྦ་བིགྣན་ཀ་ཡ་ཝཀྐ་ཙིཏྟ་ཛཿཧཱུྃ་བཾ་ཧོ༔ ཆིང་ཆིངས༔ སྟྭམ་བྷ་ཡ་ནན་ནན༔ བཀུགས་བསྒྲལ་མནན་པའི་སྔགས་གང་ཡང་༔ སྔ་ནས་ལས་སྦྱོར་དྲག་པོའི་གཤམ༔ རྟགས་ཐོན་བར་དུ་བྱ་བ་གནད༔ སྐབས་འདིར་དེ་ཉིང་ཅི་འགྲུབ་མཐར༔ བྱད་ཐག་གིས་དཀྲིས་ཕུང་རེའི་དྲིལ༔ དོང་ཚད་ཁྲུ་ནི་ཕྱེད་དང་གསུམ༔ མུ་རན་ཁྲུ་ནི་ཕྱེད་དང་གི༔ ཕྱོགས་རེ་ལྡན་པར་བྱ་བ་གནད༔ དེ་ནས་གཏད་ཡུལ་མེད་ཀྱང་རུང་༔ ཡང་ནི་ཡོད་པའི་དབང་བྱས་ན༔ ཧཱུྃ༔ བདག་ཉིད་དཔལ་ཆེན་རྡོ་རྗེ་ཀུ་མ་རའི༔ ཕྱག་གི་ཕུར་པ་རི་རབ་མཉམ་པ་ཡིས༔ རིམ་བརྩེགས་འབྱུང་བའི་དཀྱིལ་འཁོར་ལ་བཏབས་པས༔ ནམ་མཁའ་སྟོང་པའི་བར་དུ་ཐལ་མར་འབྱིན༔ དེ་དབྱིངས་འཆི་བདག་ནག་པོ་ཏི་པ་ཙ༔ འབྲུག་གི་གདོང་ཅན་ཁྲམ་བྱང་ཞགས་པ་འཛིན༔ འཁོར་དང་བཅས་པ་སྐད་ཅིག་བཞེངས་པ་ལ༔ ཡེ་ཤེས་ཕྱག་རྒྱའི་ཏིང་འཛིན་གྱིས་གཟིར་བས༔ བདག་ཉིད་ཡི་དམ་བཀའ་ཉན་གསུངས་སྡོད་གྱུར༔ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ནཱ་ག་དུ་ཕུ་ཀཱ་ལ་ཏི་པ་ཙ་ས་པཱ་རི་ཝ་ར་ཛ་ཛ༔ ཛྙཱ་ན་མུ་དྲ་ས་མ་ཏི་ས་མ་ཡ་ཏིཥྛ༔ ཞེས་ཅི་མང་བརྗོད་ལ༔ དེ་ལ་བརྔན་པ་འདི་ཉིད་སྦྱིན༔ ཧཱུྃ༔ ཡཀྴ་ཛྭ་ལ་ཏི་པ་ཙ༔ འཆི་བདག་འབུམ་གྱི་སྡེ་དཔོན་པོ༔ ཀླུ་སྲིན་གདོལ་བའི་འཁོར་དང་བཅས༔ དཔལ་ཆེན་ཧེ་རུའི་དམ་ལ་འདུ༔ ང་ནི་དོན་ཡོད་གྲུབ་པ་སྟེ༔ ང་ནི་ཀརྨ་ཧེ་རུ་ཀ༔ ཆེ་མཆོག་རྡོ་རྗེ་ཀུ་མ་ར༔ འཁོར་འདས་དབང་ཕྱུག་ང་ཡིན་ཏེ༔ ཁྱོད་ཀྱི་སྲོག་ཀྱང་ང་ལ་ཡོད༔ བརྔན་སྦྱིན་ཤ་ཁྲག་དམར་གཏོར་འདི༔ དགྲ་ཤ་ཁྲག་གི་ངོ་བོ་ལ༔ དཔལ་འབྱོར་འདོད་དགུའི་བརྒྱན་པ་སྟེ༔ རང་བཞིན་ཡེ་ཤེས་བདུད་རྩིར་བརླབས༔ ཆེ་ཐང་སྲིད་ན་དབེན་པའི་མཆོག༔ འདོད་དགུར་འགྱུར་བའི་ངོ་མཚར་འབར༔ གོང་དུ་འཕེལ་བའི་དཔག་བསམ་ལྗོན༔ འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་འབུལ༔ དཀོན་མཆོག་དབུ་འཕང་བསྟོད་ཕྱིར་འབུལ༔ སྔགས་འཆང་འདོད་དོན་བསྒྲུབ་ཕྱིར་འབུལ༔ དགྲ་བགེགས་བརྡུལ་དུ་བརླག་ཕྱིར་འབུལ༔ བཀའ་ལོག་ཆམ་ལ་འབབས་ཕྱིར་འབུལ༔ སྲི་གདོན་རྨེག་མེད་མཛད་ཕྱིར་འབུལ༔ ཡོངས་ལ་འཚེ་བ་ཞི་ཕྱིར་འབུལ༔ ཐར་པའི་ས་བོན་འདེབས་ཕྱིར་འབུལ༔ ཐབས་མཁས་དྲེགས་བྱེད་ཚུལ་བཟུང་ནས༔ སངས་རྒྱས་བསྟན་འཛིན་ཆེན་པོ་ཁྱོད༔ སྐྱེ་དགུ་ངེས་འབྱུང་བསྐུལ་བོ་ཁྱོད༔ དུས་གསུམ་རྒྱལ་བའི་ཞལ་ཡང་མཐོང་༔ རྣལ་འབྱོར་རྡོ་རྗེའི་ལུང་བསྟན་ཐོབ༔ ད་དུང་འཁོར་བ་མ་སྟོང་བར༔ གང་འདུལ་ཕྲིན་ལས་མཛད་པོར་བསྐུལ༔ དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད༔ ངས་ནི་བྱང་ཆུབ་སེམས་བསྐྱེད་དེ༔ ཕྲིན་ལས་དབང་ཕྱུག་ཆེན་པོར་གྱུར༔ སླད་ཀྱི་སྣང་སྲིད་དབྱིངས་སྒྲོལ་ཕྱིར༔ ལས་བྱེད་ཕོ་ཉར་ཁྱོད་བསྐོས་ཀྱིས༔ གཉེར་འདི་ལོངས་ཤིག་ཡལ་གམ་ཅན༔ དཔལ་ཆེན་ང་ཡི་རིག་འཛིན་པས༔ ཅི་བཅོལ་རབ་འབྱམས་ཕྲིན་ལས་ཀུན༔ བསྒྲུབ་ཤིག་བཛྲ་ས་མ་ཡཱ༔ ཅེས་རཀྟ་སྦྲེང་ལ་ཕུལ་ལོ༔ དེ་ནས་མནན་དོང་ཀླུ་བདུད་ཀྱི་སྐུར་གསལ་བའི་ཞལ་དུ་དགྲ་བགེགས་སྲི་ངན་ཐམས་ཅད་བསྟབས་བར་མོས་ལ༔ ཧཱུྃ༔ འཆི་བདག་ནག་པོ་འཁོར་དང་བཅས༔ སངས་རྒྱས་བསྟན་ལ་དགྲ་བྱུང་བས༔ ཞིང་བཅུ་ཚང་ཞིང་གཤིས་ངན་གྱིས༔ ཉམས་པ་བདུན་ལྡན་དམ་སྲི་གདོན༔ འདི་ཡིས་བྱང་ཆུབ་མྱུ་གུ་གཅོད༔ སྐྱེ་འགྲོ་ཀུན་ལ་སྲི་བྱེད་པས༔ དུས་གསུམ་རྒྱལ་བའི་གདུང་གསོབ་ངས༔ ཐབས་ཀྱི་སྤྱོད་པའི་གཞན་དོན་དུ༔ བྱམས་དང་སྙིང་རྗེའི་གང་འདུལ་དཔལ༔ ཤུགས་སྒྲོལ་དྲག་པོའི་དུས་ལ་བབས༔ ལས་ཐབས་བྱེད་པོར་ཁྱེད་བསྟོད་དོ༔ མ་ཤོར་མནན་པའི་ཕྲིན་ལས་མཛོད༔ ཀྱཻ༔ ཆུ་སྲིན་འབར་བའི་ཞལ་ཧོམ་དུ༔ སྲི་ངན་ལུས་ངག་ཡིད་གསུམ་བསྟབས༔ གནམ་ས་གདེངས་འདྲའི་ཞལ་ཕྱེས་ཤིག༔ ཕུང་འདྲེ་བསྒྲལ་མནན་ཟས་སྐལ་གཏད༔ བསྐལ་བ་སྟོང་ཀྱང་མ་བཏང་ཤིག༔ ཁྱོད་མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུང་༔ བན་བོན་འབུམ་གྱིས་བཀྲོལ་ཀྱང་མ་བཏང་ཞིག༔ ལྷ་ཀླུའི་དཔུང་བསྒྲིལ་ཕྱུང་ཀྱང་མ་བཏང་ཞིག༔ འབྱུང་བའི་གཡོ་འཁྲུགས་རྐྱེན་ཀྱང་མ་བཏང་ཞིག༔ བྱང་ཆུབ་སེམས་གཉིས་རྒྱུད་ལ་མ་སྐྱེས་བར༔ ནམ་ཡང་མནར་བ་མེད་པར་ཆིངས་ལ་ནོན༔ ལུས་ཀྱི་གཡོ་བའི་རྩལ་ཤུགས་ནོན༔ ངག་གི་སྨྲ་སྒོའི་གཡོ་བ་ནོན༔ སེམས་ཀྱི་དྲན་བསམ་ངན་རྒྱུན་ནོན༔ རྣམ་པར་སྨིན་པའི་ལྷག་མ་རོལ༔ ཐར་མེད་ལས་ཀྱི་བཙོན་རར་ཚུད༔ ལས་མགོན་དམ་ཚིག་གཉན་པོའི་རྒྱ༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་རྒྱ༔ ཆོས་ཉིད་འགྱུར་བ་མེད་པའི་རྒྱ༔ ཆོས་ཅན་བསླུ་བ་མེད་པའི་རྒྱ༔ གསང་སྔགས་ཟབ་མོའི་བདེན་སྟོབས་རྒྱ༔ མ་ཞིག་མ་ལྷོད་སྟྭམ་བྷ་ཡ་ནན༔ ཅེས་པའི་མཐར་སྤྲོ་ཞིང་ནུས་ན་བཀའ་གཏེར་ལ་གྲགས་པའི་མི་ཁུར་མ་སོགས་ཀྱང་ཅི་ནུས་སུ་གྲངས་བསགས་ལ་མནན་ནོ༔ ཡང་ན་སྔར་གྱི་མནན་སྔགས་མཐར༔ གནོད་བྱེད་འབྱུང་པོ་སྲི་ངན་མཐོ་ནམ་མཁའི་ཁམས་ནས་འཚེ་ཞིང་ལྡང་བ་ཐམས་ཅད་མཱ་ར་ཡ་རྦད༔ ཆིང་ཆིངས་ནན་ནན༔ ཞེས་སོགས་རྣམས་ཁུག་ཛ༔ ཞེས་པ་ཁ་བསྒྱུར་ཏེ་གྲངས་རེ་ལ་ས་སྤར་རེ་སོགས་གང་བབས་ཀྱིས་མནན་ནོ༔ དེ་ལྟར་གྲངས་ཅི་མང་རྫོགས་མཐར༔ ཧཱུྃ༔ སྟོབས་ལྡན་སྲིད་གསུམ་སྲོག་གི་བདག༔ བསྟན་པའི་ཟས་སྐལ་འདི་རོལ་ལ༔ ད་ནི་རང་གི་གནས་སུ་སོང་༔ རིམ་དགུ་ས་ཡི་འོག་རོལ་ན༔ གཤིན་རྗེའི་འཇིག་རྟེན་ཆེན་པོ་རུ༔ ས་སྟེང་སྲི་གདོན་ཀུན་ཁྱེར་ལ༔ སྐྱེ་དགུ་བདེ་བའི་ཕྲིན་ལས་མཛོད༔ དུས་གསུམ་རྒྱལ་བའི་བཀའ་མ་བཅག༔ སརྦ་ནཱ་ག་ཡ་མ་རཱ་ཛ་ས་པཱ་རི་ཝ་ར་གཙྪ༔ ཅེས་བརྗོད་ལ༔ དེ་ནས་རོ་གཡམ་རྡོ་རྗེ་རྒྱ་གྲམ༔ བརྟེན་བྱེད་རླུང་གི་རང་བཞིན་སྦུབས༔ མནན་སྔགས་སྟོང་ཚིག་བཅས་པ་བསགས༔ དེ་ནས་ཆུ་དཀྱིལ་ངོ་བོ་ཡི༔ ཆུ་ཡིས་རྒྱས་གདབས་མནན་སྔགས་གཤམ༔ སླར་ཡང་དབང་ཆེན་ངོ་བོ་ས༔ དེ་སྟེང་རི་རབ་མཚན་པའི་གཡམ༔ སླར་ཡང་ས་ཡིས་ཁོད་སྙོམས་མོ༔ དེ་ནས་མནན་པའི་རྔམ་གླུ་བླངས༔ ཡང་ན་གཏད་དེ་མ་བརྒྱབ་ཀྱང་༔ ཧཱུྃ༔ ང་ནི་དཔལ་ཆེན་བཛྲ་ཀུ་མ་ར༔ འཁོར་འདས་མ་ལུས་ང་ཡི་དབང་དུ་འདུས༔ དུས་གསུམ་སངས་རྒྱས་ང་ཡིས་རིག་པའི་རྩལ༔ ཁམས་གསུམ་རྒྱུད་དྲུག་སེམས་ཅན་ང་ལས་གོལ༔ གནོད་བྱེད་སྲི་རྐུན་འབྱུང་པོ་ཀུན་གྱི་གཤེད༔ ང་ལས་ཆེ་བའི་དབང་ཕྱུག་གཞན་མེད་ཀྱི༔ བདག་སྣང་དབང་དུ་མ་འདུས་སྲི་གདོན་བགེགས༔ མངོན་སྤྱོད་དྲག་པོའི་འདུལ་བའི་དུས་ལ་བབས༔ རེ་ཞིག་དཀྱིལ་འཁོར་གྲྭལ་ཐོབ་སྐལ་མེད་ཀྱང་༔ ལས་ངན་རྒྱུན་གཅོད་རྣམ་སྨིན་ཡུན་ཐུང་ཞིང་༔ བསྐལ་མང་སྡིག་ཟད་ཉོན་མོངས་མེད་པའི་སླད༔ གདུང་ཞིང་གཡོ་བ་མེད་པའི་ངང་དུ་མནན༔ ཞེས་རྔམ་གླུ་བླང་ལ༔ ཕཊ༔ རི་རབ་ཕུར་བས་འབྱུང་བཞི་ཐལ་འབྱིན་ཏེ༔ གཟེས་པོའི་སྙིང་གར་ཚད་དེ་འུབ་འདུས་པ༔ རྡོ་རྗེ་རྒྱ་གྲམ་རླུང་གི་འོག་ཏུ་བསྐྱལ༔ ནམ་ཡང་ལྡང་མེད་ཕྱག་རྒྱ་ཆེན་པོའི་བཏབས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ༔ དགྲ་བགེགས་འབྱུང་པོ་མ་ར་ཡ་ནན་ནན༔ ཞེས་པའི་མཐར་གོང་གི་མནན་སྔགས་དང་འགུགས་ཚིག་ཁ་བསྒྱུར་གྱིས་མནན་པ་གྲངས་བསགས་སོ༔ དེ་རྗེས་བྲོ་མནན་ནས་འཇུག་གོ༔ ཅེས་པ་འདི་ཡང་བླ་མ་དམ་པ་ཨོ་མུག་ནས་བཀའ་སྩལ་བ་མ་ལྡོག་སྟེ་སྔགས་མིང་ག་གཱ་ཨ་བྷྱེ་ནས་སོ། །དགེའོ། །དགེའོ། །དགེའོ། །


previousཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་དཔལ་ཆེན་ཕུར་པའི་ཁ་བསྐང་སྲི་མནན།next