Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ།

3 occurrences of ཆོས་རྒྱལ་ཕུག་
[Clear Hits]


collapse section
  
  
  
  
  
  
  
  
  
 
 
  
  
collapse section
  
  
  
  
  
  
 
༼ཨ༽རྟགས་ཅན། ཁྲིད་ཡིག་སྣ་ཚོགས་དང་ཞལ་གདམས་ལྟ་མགུར་སྔགས་དང་ལས་སྣ་ཚོགས་བཅས་བཞུགས།


3 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previous༼ཨ༽རྟགས་ཅན། ཁྲིད་ཡིག་སྣ་ཚོགས་དང་ཞལ་གདམས་ལྟ་མགུར་སྔགས་དང་ལས་སྣ་ཚོགས་བཅས་བཞུགས།no next

༼ཨ༽རྟགས་ཅན། ཁྲིད་ཡིག་སྣ་ཚོགས་དང་ཞལ་གདམས་ལྟ་མགུར་སྔགས་དང་ལས་སྣ་ཚོགས་བཅས་བཞུགས།

དག་སྣང་རིན་པོ་ཆེའི་སྒྲོམ་བུ་ལྡེབ།༣༥ འོག་སྒོའི་གནད་བསྡུས་བདེ་ཆེན་མྱུར་འདྲེན་ལྡེབ།༢༤ རྩ་རླུང་སྤྱི་ལ་ཕན་པའི་གནད་ཀྱི་ཆིངས་ལྡེབ།༥༢ འོད་གསལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གསལ་བའི་ཨུ་པ་དེ་ཤ་ལྡེབ།༥༩ ཡེ་ཤེས་བླ་མའི་མུ་བཞི་ལྡེབ།༡༣ ལེགས་བཤད་རིན་པོ་ཆེའི་བང་མཛོད་ལྡེབ།༧ ཚིག་གསུམ་གནད་བརྡེག་ལྡེབ།༡༠ ལྟ་བ་དོན་གྱི་ཞེ་ཕུག་ལ་བརྣག་པ་ལྡེབ།༡༠ རྟོགས་པའི་ཐོལ་གླུ་ལྡེབ།༨ རིག་པའི་ཐོལ་གླུ་ལྡེབ།༦ ལྟ་བའི་རྒྱང་གླུ་ལྡེབ།༤ རྟོགས་པའི་དོན་གྱི་འདྲ་འབག་རྡོ་རྗེའི་དོ་ཧའི་རྩེ་མོ་ལྡེབ།༡༨ སྐྱེལ་སོ་ལྡེབ།༥ ཉམས་ལེན་དམར་བྱང་ལྡེབ།༥ གསུང་མགུར་ལྷའི་རྔ་སྒྲ་ལྡེབ།༡༨ ཞལ་གདམས་མཆིད་ལྷན་རྡོ་རྗེའི་ཐོ་ཆེན་ལྡེབ།༢༧ བདེན་གཏམ་དྲང་སྲོང་ཡོངས་ཀྱི་བླ་མ་ལྡེབ།༥ ཡིན་པ་དང་མིན་པ་སོགས་ཀྱི་གླུ་ལྡེབ།༥ ཞལ་གདམས་སྐྱོན་ཐོག་མདའ་མོ་ལྡེབ།༣ ཞལ་གདམས་ཀ་རྩོམ་ལྡེབ།༨ ཆོས་པ་བརྟགས་པའི་རབས་ལྡེབ།༢ སྐྱེ་མེད་རྡོ་རྗེའི་སྒྲ་དབྱངས་ལྡེབ།༣ སྐུ་ལུས་སྐྱོན་གྱིས་མ་གོས་ལྡེབ།༢ རང་སེམས་ཕུགས་དེད་ལྡེབ།༡ ཉམས་སྣང་རང་གྲོལ་ལྡེབ།༡ སྟོང་སྤྲུལ་ཕྱག་རྒྱའི་ངོ་སྐལ་ལྡེབ།༢ སེམས་དོན་བདུད་རྩིའི་བཅུད་ཐིག་ལྡེབ།༢ སེམས་དོན་གནད་ཀྱི་མེ་ལོང་ལྡེབ།༡ ཆོས་འབྱོར་ལ་གདམས་པ་ལྡེབ།༡ ཤིན་ཏུ་སྤྲོས་མེད་རྣལ་འབྱོར་ལྡེབ།༢ སྙིང་གཏམ་ཚིག་གསུམ་ལྡེབ།༣ དམ་པ་གསུམ་གྱི་ཟིན་བྲིས་ལྡེབ།༢ མཁན་བསོད་རྡིས་ལ་གདམས་པ་ལྡེབ།༡ བླ་མ་ཨོ་མུག་ལ་སྤྲིངས་བ་ལྡེབ།༦ ཞལ་གདམས་སྙིང་གི་ཐུར་མ་ལྡེབ།༦ སྐྱོན་མཚང་སུན་འབྱིན་ལྡེབ།༡༣ ཆོས་སྐུའི་བླ་མའི་ལྡེབ།༣ སྐུ་གསུམ་ལམ་སྣང་དུ་སྦྱང་བ་ལྡེབ།༡ ཞལ་གདམས་ངེས་འབྱུང་ཤིང་རྟ་ལྡེབ།༥ མངོན་མཐོ་སྤོ་ལ་ལྡེབ།༢ ཀྱེེ་ཧོ་རང་གི་སེམས་ལ་ལྡེབ།༡ ཀྱེ་བདག་འཛིན་བློ་ཡིས་ལྡེབ།༡ འདས་རྗེས་ལྡེབ།༥ ཚོགས་བཤད་འབུལ་གཏམ་གྱི་མགོ་མཇུག་ལྡེབ།༢ ཡུམ་ཀའི་ཚོགས་ཀྱི་སྐབས་དང་འབྲེལ་བའི་ལུས་གནས་སྐོར་བཤད་པ་ལྡེབ།༥ ས་དཔྱད་རིན་ཆེན་བང་མཛོད་ལྡེབ།༡༤ སྔགས་འབུམ་ཉེར་མཁོ་རིན་ཆེན་ཕྲེང་བ་དང་བཟླས་ཆོག་རྡོ་རྗེའི་གོ་ཁྲབ་དང་མཁའ་འགྲོ་འགུག་སྔགས་བཅས་ལྡེབ།༢༠ འབྱུང་བ་གཡོ་འཁྲུགས་བཟློག་པའི་ལས་མཐའ་ལྡེབ།༤ གསོ་བ་རིག་པའི་རྣོ་མདེའུ་གདུང་སེལ་ཟིལ་ཐིག་བརྒྱད་པ་ལྡེབ།༡༠ གློ་རྩི་བླུད་ཐབས་ལྡེབ།༣ འབྱུང་བ་དགྲར་ལངས་བཟློག་ཐབས་ལྡེབ།༢ རྔ་བསྲུང་རྡོ་རྗེའི་རྒྱ་ཆིངས་ལྡེབ་༢བཅས་བཞུགས། དེ་ལྟར་བཞུགས་བྱང་ཉུང་བསྡུས་སུ་བཀོད་པ་འདི་ནང་མ་འཁོད་པའི་ཆོས་ཚན་ཐོར་བུ་འགའ་ད་དུང་ཡོད་ངེས་ཀྱང་འདིར་ཕྱོགས་མགོ་དཔེ་ཆ་རེ་ལྟ་ཞིབ་བདེ་བའི་ཆེད་དུ་འབྲི་ཁུལ་བྱས་པ་ཡིན་ལ།ལྡེབ་གྲངས་སོགས་ཁོང་གི་དངོས་སློབ་དམ་པ་གྲུབ་དབང་ཤེས་རབ་མེ་འབར་གྱིས་previous hit རྒྱལ་བ་ཕུག་ཁང་དགོན་དུ་གསར་བཞེངས་གནང་བའི་སྤར་ཁང་མདོ་སྔགས་ཆོས ་མཛོད་དུ་བཞུགས་པའི་པར་ཤིང་གི་ལྡེབ་གྲངས་དང་མཐུན་པར་བཀོད་པ་ཡིན། ཐེག་དགུ་མཚོན་པའི་ཕྱིར་པོད་གྲངས་དགུར་ཕྱེས་པ་དེ་གཏེར་ཆེན་ཉིད་ཀྱི་གསུང་རྒྱུན་དང་། ཆོས་ཚན་སོགས་ཀྱི་གོ་རིམ་སྒྲིག་སྟངས་ཕལ་མོ་ཆེ་ནི་མཁན་ཆེན་བསོད་ནམས་ཚེ་རིང་གི་ཐུགས་བཀོད་ལྟར་ཡིན་ནོ། །

དེ་ལ་སྤྱིར་མཉམ་མེད་ཐུབ་པའི་དབང་པོ་དང་། འཕགས་བོད་མཁས་གྲུབ་གོང་མའི་གསུང་རྣམས་ནི། ཐར་དང་རྣམ་མཁྱེན་གྱི་ལམ་མཆོག་གཅིག་པུར་གྱུར་བ་ཡིན་ཞིང་། ཁྱད་པར་འཁྲུལ་བྲལ་གྲུབ་བརྙེས་ཀྱི་སྤྲུལ་བའི་གཏེར་སྟོན་ཆེན་པོ་རྣམས་ཀྱི་ཟབ་གཏེར་རྡོ་རྗེའི་གསུང་རྣམས་ནི་བྱིན་རླབས་དང་དངོས་གྲུབ་ཀྱི་མཚན་མ་གཞན་ལས་ལྷག་པར་མྱུར་བ་དང་། ལྷག་པར་དུ་གཏེར་ཆེན་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར་གྱི་ཆོས་སྡེ་འདི་རྣམས་ནི། བརྒྱུད་ཐག་ཉེ་བ། བྱིན་རླབས་ཀྱི་ནུས་པ་ཆེ་བ། མན་ངག་གི་ཁྲིད་རྐང་ཁ་ཚང་བ། གང་ཟག་གི་བློ་ནུས་དང་བསྟུན་པའི་རྒྱས་བསྡུས་སྣ་ཚོགས་བཞུགས་པ་ཡིན་པས། རྗེས་འཇུག་སྐལ་ལྡན་གྱི་གང་ཟག་ཚོ་གྲོང་ཆོག་གཏོ་ཡས་ཙམ་ཞིག་བྱ་བའི་སྙིང་བོར་མི་འཛིན་པར། ངེས་གསང་རྫོགས་པ་ཆེན་པོའི་མན་ངག་གསལ་བར་སྟོན་པའི་རྟོགས་པའི་འདྲ་འབག་ཆེན་པོ་རྣམས་ལ་རང་ནུས་དང་བསྟུན་པའི་འཆད་ཉན་དང་ཉམས་ལེན་རེ་བྱས་ན་རང་དྲིན་རང་ལ་ཆེ་བ་ཡིན་པས་དེ་ལྟར་ཐུགས་ལ་གཞག་འཚལ་ལོ། །

སླར་སྨྲས་པ།

ཁྱབ་བདག་ཀུན་བཟང་པདྨ་ཀཱ་ར་ཡི། །

གང་འདུལ་སྤྲུལ་བའི་ཟོལ་བསྒྱུར་སྙིགས་འགྲོའི་མགོན། །

ངེས་གསང་ཐེག་མཆོག་བསྟན་པའི་སྣང་བྱེད་མཆོག །

ནམ་མཁའ་འཇིགས་མེད་སླར་ཡང་ཕྱག་བགྱིའོ། །

བརྒྱུད་གསུམ་གསང་མཛོད་འོ་མཚོ་བསྲུབ་པ་ལས། །

བྱུང་བའི་ཟབ་གཏེར་རོ་མཆོག་བརྒྱ་ལྡན་ཟས། །

རྗེས་འཇུག་ཁས་མཆེ་དམར་སེར་རྟགས་འཆང་རྣམས། །

རབ་གུས་དྭངས་བའི་ཡི་གར་ཅིས་མི་འོང་། །

སྙིགས་དུས་མི་མཐུན་རྒུད་པ་ཆེས་ཆེར་གཡོ། །

ཕྱི་ནང་སྣོད་བཅུད་སྒྱུ་མའི་གར་སྟབས་ངོམས། །

བདེན་མེད་འཁྲུལ་བའི་རང་མཚང་དེ་མཐོང་ཚེ། །

གཏན་བདེ་ཐར་བའི་ལམ་བཟང་གཉེར་ན་ལེགས། །

འདི་ལྟར་བགྱིས་མཚོན་བདག་གཞན་འགྲོ་ཀུན་གྱི། །

དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་ཚོགས། །

གཅིག་ཏུ་བསྡོམས་ཏེ་ཕངས་བ་མེད་པའི་བློས། །

ཤེས་རབ་རལ་གྲི་ཕྱར་དེའི་རྗེས་སུ་གཞོལ། །

གང་ཞིག་དྲན་པའི་མོད་ལ་སྲིད་གསུམ་དཔུང་། །

འཇོམས་པའི་སྟོབས་མངའ་ཕན་བདེའི་བྱེད་པོ་མཆོག །

བསྟན་པའི་སྲུང་མ་ཡིད་བཞིན་དབང་གི་རྒྱལ། །

ངེས་གསང་ཐེག་མཆོག་ཆོས་ཀྱི་བྱ་ར་གྱིས། །

རིག་འཛིན་སྡེ་སྣོད་ཡོངས་ཀྱི་སྤྱི་ཕུད་མཆོག །

འོད་གསལ་ཐིག་ལེ་ཉག་གཅིག་བསྟན་པའི་དོན། །

གསལ་མཛད་གྲུབ་ཆེན་ནམ་མཁའ་འཇིགས་མེད་ཀྱི། །

བསྟན་པ་དར་རྒྱས་ཡུན་རིང་གནས་གྱུར་ཅིག །

ཅེས་རྒྱལ་དབང་པདྨའི་རྒྱལ་ཚབ་སྤྲུལ་བའི་གཏེར་ཆེན་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་རགས་རིམ་ཙམ་ཞིག་དང་། གསུང་འབུམ་གྱི་དཀར་ཆག་ཉུང་བསྡུས་སུ་བཀོད་པ་ནི། ས་ཕྱོགས་འདི་གར་གཏེར་ཆེན་འདིའི་གསུང་རྣམས་ལ་ཤིན་ཏུ་གལ་ཆེན་དུ་བརྩི་བ་དང་འཆད་ཉན་རེ་ཡོད་ཀྱང་། རྣམ་ཐར་སོགས་ངག་རྒྱུན་ཙམ་རེ་ལས་མེད་པས་ད་ཕྱིན་ལོ་རྒྱུས་ཀྱི་མཚམས་སྦྱོར་རེ་ལ་ཨེ་ཕན་སྙམ་པའི་བློས། རྒྱལ་བ་ཕུག་ཁང་པའི་ངེས་དོན་དགེ་བའི་བཤེས་གཉེན་རྣམ་གསུམ་༼ཀུན་གཟིགས་མཁན་ཆེན་བླ་མ་དགེ་ལེགས་ཆོས་འཕེལ། རྟོགས་པའི་དབང་ཕྱུག་མཁན་ཆེན་བསོད་ནམས་ཚེ་རིང་། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་པདྨ་འོད་ཟེར།༽གྱི་ཞབས་རྡུལ་སྤྱི་བོས་ལེན་ཞིང་། གཏེར་ཆེན་མཆོག་གི་ཟབ་ཆོས་ཡོངས་ཀྱི་སྐལ་བཟང་ཐོབ་པའི་བཙུན་གཟུགས་ཐ་ཤལ་བ་འཇིགས་བྲལ་པདྨ་རིག་འཛིན་དེས་སྔ་མོ་ནས་སུག་བྲིས་བགྱིས་ཟིན་ཀྱང་། ཕྱིས་སུ་གཏེར་ཆེན་གང་ལ་མི་ཕྱེད་པའི་དད་པ་མཆོག་ཏུ་མངའ་ཞིང་གསུང་ཆོས་དར་སྤེལ་སོགས་ལ་ཕྱག་ལས་མང་དུ་བགྱིས་པའི་མཁན་འཇིགས་མེད་རྡོ་རྗེས་སྔར་མ་འཁོད་པའི་ཞལ་རྒྱུན་སོགས་ཀྱི་ཁ་སྐོང་བྱས་ནས་ཡང་བསྐྱར་འབྲི་བའི་བསྐུལ་མ་ནན་ཏན་དུ་བྱས་པ་ལྟར། གཏེར་ཆེན་ཁོང་གི་རྣམ་ཐར་གྱི་སྐོར་ལ་ཅུང་རྒྱུས་ཆ་མངའ་བའི་འབྲེལ་ཡོད་མི་སྣ་ཁག་ལ་བཀའ་འདྲི་དང་། ཁ་གསབ་འབྲི་སྣོན་ཅི་རིགས་གསར་དུ་བྱས་པའི་ཡི་གེ་པ་ནི་མཁྱེན་དཔྱོད་ལྡན་པ་ཕུར་བ་རྣམ་རྒྱལ་ནས་བགྱིས་ཤིང་།འདི་ཡི་རྣམ་དཀར་དགེ་བས་སྐྱེ་ཀུན་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པའི་གདུལ་བྱར་འགྱུར་བའི་རྒྱུར་གྱུར་ཅིག་གུ། །ཕྱི་ལོ༢༠༢༢ ལོའི་ཟླ༤པའི་ཚེས༡༠ལའོ།


previous༼ཨ༽རྟགས་ཅན། ཁྲིད་ཡིག་སྣ་ཚོགས་དང་ཞལ་གདམས་ལྟ་མགུར་སྔགས་དང་ལས་སྣ་ཚོགས་བཅས་བཞུགས།no next