Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
བསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་ངོར།
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousབསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་ངོར།next

བསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་ངོར།


JSD004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འཆི་མེད་གྲུབ་པའི་རིག་འཛིན་པདྨ་འབྱུང་། །དབྱིངས་ཕྱུག་དགྱེས་སྡེ་ཡེ་ཤེས་མཚོ་རྒྱལ་དང་། །ཟབ་གཏེར་མངའ་བདག་བདུད་འཇོམས་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ལྡན་རིགས་དྲུག་འཁོར་ལོའི་མགོན། །འཇིགས་བྲལ་དཔའ་བོའི་ཞབས་པད་ནོར་བུའི་རྒྱལ། །བདེ་གཤེགས་མོས་པའི་སྒྲོན་མེ་མ་ཤར་བར། །བདག་ཅག་དད་གསུམ་མི་ནུབ་རྒྱལ་མཚན་རྩེར། །ངེས་པ་ལྔ་ལྡན་ངོ་བོར་འཚོ་གཞེས་གསོལ། །ཕྲིན་ལས་ལྷ་མཆོག་རྡོ་རྗེའི་མཚོན་གདེངས་པས། །མི་བསྲུན་བདུད་དཔུང་ཕྱེ་མར་འཐག་བྱས་ཏེ། །གསང་ཆེན་བསྟན་པའི་རྒྱལ་རྔ་ཆེར་བརྡུང་བས། །འགྲོ་ལ་ཕན་བདེའི་དགའ་སྟོན་སྩོལ་མཛད་གསོལ། །བདག་ཀྱང་ཁྱེད་དང་དབྱེར་མེད་གཅིག་གྱུར་བར། །འབྲལ་མེད་རྟག་ཏུ་ཕྲིན་ལས་དཔལ་གྱུར་ནས།


JSD004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་ཞིང་གི་གདུལ་བྱ་མ་ལུས་པ། །འདྲེན་པའི་དེད་དཔོན་དམ་པར་ཆས་གྱུར་ཅིག །ཅེས་འགྲོ་འདུལ་སྤྲུལ་པའི་གཏེར་འབྱིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་༧ཞབས་བརྟན་སྨོན་ཚིག་འདི་ཡང་རྡོ་རྗེའི་མཆེད་དམ་པ་བསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་བའི་ངོར་སྤྲང་སྙོམས་ལས་འཛིན་པ་ཁྲོ་རྒྱལ་རྡོ་རྗེས་འབྲས་བུ་བཅུད་དུ་སྨིན་པའི་དུས་ཀྱི་ཡར་ངོའི་རྒྱལ་བ་གཉིས་པ་ལ་དབུས་འགྱུར་ལྷ་ལྡན་གྱི་གནས་མཆོག་ནི་ཙུ་ལའི་ཚལ་ཉམས་དགའ་བར་སྦྱར་བ་སིདྡྷིརསྟུ།


previousབསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་ངོར།next