Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

6 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
collapse section
  
  
  
  
  
  
  
 
  
  
  
 expand section
  
  
  
  
རྟོགས་པ་གཅིག་ཆོད་དུ་གྲོལ་བ་ཞེན་པ་བཞི་བྲལ་རྡོ་རྗེའི་མགུར།
expand section
 
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousརྟོགས་པ་གཅིག་ཆོད་དུ་གྲོལ་བ་ཞེན་པ་བཞི་བྲལ་རྡོ་རྗེའི་མགུར།next

རྟོགས་པ་གཅིག་ཆོད་དུ་གྲོལ་བ་ཞེན་པ་བཞི་བྲལ་རྡོ་རྗེའི་མགུར།

༄༅། །ཞེན་པ་བཞི་བྲལ་རྡོ་རྗེའི་མགུར་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་བྷྱཿ མཚུངས་མེད་རྒྱལ་སྲས་བླ་མ་ཉིད་ལྷུན་གྲུབ་གླིང་གི་དབེན་གནས་ན་བཞུགས་པའི་དུས་སུ་ཞེན་པ་བཞི་བྲལ་གྱི་མགུར་འདི་གསུངས་སོ། །ཡོན་ཏན་ཐམས་ཅད་རབ་རྫོགས་ཤིང་། །དངོས་གྲུབ་ཀུན་གྱི་ཡིད་བཞིན་གཏེར། །འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །གཉིས་མེད་གདོད་ནས་དག་པའི་ངང་། །གཞི་མེད་ནམ་མཁའ་ལྟ་བུར་མཐོང་། །གཟུང་འཛིན་ཞེན་པ་བྲལ་བ་ལགས། །ཉོན་མོངས་ཡེ་ཤེས་སྤང་གཉེན་བློ། །གཉིས་མེད་རང་བྱུང་ཡེ་ཤེས་ངང་། །གང་ཤར་ཡེ་ནས་གྲོལ་བར་མཐོང་། །སྤང་གཉེན་ཞེན་པ་བྲལ་བ་ལགས། །ལྟ་སྒོམ་སེམས་དང་སྤྱོད་འབྲས་བློ། །གཉིས་མེད་རིག་སྟོང་གཅིག་པུའི་ངང་། །རིས་མེད་ཟང་ཐལ་རྗེན་པར་མཐོང་། །ཐ་དད་ཞེན་པ་བྲལ་བ་ལགས། །བསྐྱེད་རྫོགས་སེམས་དང་བྱར་མེད་བློ། །གཉིས་མེད་རྩ་བྲལ་སྟོང་པའི་ངང་། །ཆོས་ཟད་བློ་འདས་ཆེན་པོར་མཐོང་། །བྱ་རྩོལ་ཞེན་པ་བྲལ་བ་ལགས། །ཞེན་པ་བཞི་བྲལ་རྡོ་རྗེའི་མགུར། །ཆོས་མེད་ཡན་པ་བློ་བདེས་བླངས། །སྐལ་ལྡན་རྣམས་ཀྱི་ཐུགས་ལ་ཞོག །དགེ་བས་འབད་མེད་ཡོངས་གྲོལ་ཤོག །ཞེན་(༢༥)པ་བཞི་བྲལ་རྡོ་རྗེའི་མགུར། རྟོགས་པ་གཅིག་ཆོད་དུ་གྲོལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ།། །།


previousརྟོགས་པ་གཅིག་ཆོད་དུ་གྲོལ་བ་ཞེན་པ་བཞི་བྲལ་རྡོ་རྗེའི་མགུར།next