Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
  
 
  
  
 
 
 
གཏེར་གསར་ལྷན་འཐབ་བསྡུས་པ། 
 
  
  


48 occurrences of གཙང་
[Clear Hits]

 
previousགཏེར་གསར་ལྷན་འཐབ་བསྡུས་པ།next

གཏེར་གསར་ལྷན་འཐབ་བསྡུས་པ།

རང་གི་རིག་པ་ཡེ་ཤེས་ཀྱི་རང་རྩལ་རྗེ་བཙུན་སྒྲོལ་མའི་དཀྱིལ་འཁོར་གྱི་རོལ་རྩལ་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛ༔ ཞེས་བརྗོད་ལ་གཞུང་གི་སྐྱབས་འགྲོ་ནས་བཟུང་བར་བྱའོ། །ཚོགས་ཞིང་བསྡུ་བ་ནི༔ ཛ་ཧཱུྃ་བཾ་ཧོ༔ ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅན་རང་བཞིན་འོད་གསལ་གཉུག་མའི་ངོ་བོ་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པ་ལྟར་འདྲེས་པར་བསམ་ལ༔ ༈ ཡན་ལག་བདུན་པ་ནི༔ ཧོཿ རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་སློབ་དཔོན་ལ༔ རྣམ་གསུམ་དད་པའི་སྒོ་ནས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་འབུལ༔ སྒོ་གསུམ་མི་དགེའི་ལས་ཀུན་མཐོལ་ལོ་བཤགས༔ རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་བརྗོད༔ ༈ དཀར་གཏོར་བཏང་བ་ནིཿཨོཾ་སྭཱ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷཱོ྅་ཧཾ། སྦྱངས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨདྱ་ནུཏྤནྣ་ཏྭཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃཿ མཆོད་སྦྱིན་གཏོར་སྐྱེམས་དམ་པ་འདི༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་སྟེ༔ གནས་ཡུལ་ཞིང་སྐྱོང་གཏེར་གྱི་བདག༔ ཡུལ་ལྷ་གཞི་བདག་ཐམས་ཅད་དང་༔ རི་བྲག་ནག་ཚལ་ཆུ་བོའི་མདོ༔ གཡས་གཡོན་ཉིན་སྲིབ་ལ་གནས་པའི༔ དཀར་ནག་སྐྱོང་བའི་ལྷ་འདྲེ་ལ༔ མཆོད་ཅིང་འབུལ་ཏེ་བཞེས་སུ་གསོལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོངས༔ བཅོལ་བའི་ལས་མཛོད་ས་མ་ཡ༔ ཞེས་སྐྱེམས་ཕུད་previous hit གཙང next hit་སར་གཤེགས༔ དེ་ནས་བགེགས་གཏོར་བྱིན་རླབས་ལ༔ ཧྲཱིཿ པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཞེས་པ་ནས༔ ཨོཾ་སྭཱ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷཱོ྅་ཧཾ། བྷྲུྃཿ ལས་རིན་པོ་ཆེའི་སྣོད་དུ་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཨོཾ་སརྦ་བྷུ་ཏ་ཨ་ཀར་ཤ་ཡ་ཛཿ ལན་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨདྱ་ནུཏྤནྣ་ཏྭཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུྃ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདག་ཉིད་དབང་ཆེན་རྟ་མགྲིན་གནས་གྱུར་ཏེ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུར་ལམ་གྱིས་གསལ་བར་གྱུར། ཐོག་མར་གླུད་བསྔོ་བ་ནི༔ ཧཱུྃ་ཧྲཱིཿའདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི༔ ཟད་མེད་ནམ་མཁའི་མཛོད་ཀྱི་སྤྲིན་དུ་སྤེལ༔ གདོན་དང་བགེགས་རིགས་གཉུག་གནས་གློ་བུར་ལྷག༔ ཚེ་རབ་སྔོན་ནས་ལན་ཆགས་བུ་ལོན་བདག༔ གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་ལ༔ ཕམ་རྒྱལ་འཐབ་རྩོད་མེད་པའི་ངང་དུ་བསྔོ༔ འདོད་ཡོན་མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ དགའ་མགུ་ཡི་རངས་ཚིམ་པར་གྱུར་ནས་ནི༔ འཁོར་འདིར་གནོད་ཅིང་གདུག་པའི་སེམས་སྤོངས་ལ༔ བྱང་ཆུབ་སྒྲུབ་ལ་བར་ཆད་མ་བྱེད་ཅིག༔ གལ་སྟེ་མི་ཉན་འདི་རུ་འཚེ་བྱེད་ན༔ ལུས་ངག་ཡིད་གསུམ་བསྲེག་ཅིང་བརླག་པར་གྱུར༔ སརྦ་ཨུསྩ་ཏ་ཡ་ཕཊ༔ ཅེས་པ་ནས་གཞུང་བཞིན་བྱའོ༔


previousགཏེར་གསར་ལྷན་འཐབ་བསྡུས་པ།next