Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེ་ཚེའི་སྒྲུབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིན་པོ་ཆེ་ཚེའི་སྒྲུབ་པ།next

རིན་པོ་ཆེ་ཚེའི་སྒྲུབ་པ།

༈ རྒྱ་གར་སྐད་དུ། ཨ་པ་རི་མི་ཏ། བོད་སྐད་དུ། རིན་པོ་ཆེ་ཚེའི་སྒྲུབ་པ་ཞེས་བྱ་བ། བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་འཕེལ་བར་གྱུར་ཅིག །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་བདེ་གཤེགས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བཟླས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཙིཏྟ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ། ཛྙཱ་ན་སམྦྷ་རོ་པ་ཙི་ཏེ་ཨ་པ་རི་མི་ཏ་ཨ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །སངས་རྒྱས་སྣང་བ་མཐའ་ཡས་བཀྲ་ཤིས་ཚེ་ཡི་ལྷ། །སྣང་བ་མཐའ་ཡས་སྐུ་ལ་ཕྱག་འཚལ་བསྟོད། །པདྨ་མཁའ་འགྲོ་འཆི་མེད་ཚེ་ཡི་ལྷ། །པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་སངས་རྒྱས་རྣམས་ནི་མི་འགྱུར་ཚེ་ཡི་ལྷ། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་ལ་ཕྱག་འཚལ་བསྟོད། །ཚེ་ཡི་ལྷ་མོ་རྣམས་ནི་གཡུང་དྲུང་ཚེ་ཡི་ལྷ། །ཚེ་ཡི་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཚེ་དཔག་མེད་ནི་རྡོ་རྗེ་ཚེ་ཡི་ལྷ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །བདག་གི་དུས་མིན་འཆི་བ་བཟློག་ཏུ་གསོལ། །མི་འཆི་ཚེ་ཡི་དངོས་གྲུབ་ཁྱེད་ལ་ཞུ། །ཚེ་དང་བསོད་ནམས་གཉིས་ཀྱིས་བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཙིཏྟ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། རྡོ་རྗེ་སེམས་དཔའ་བཀྲ་ཤིས་ཚེ་ཡི་ལྷ། །རྡོ་རྗེ་སེམས་དཔའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མཁའ་འགྲོ་འཆི་མེད་ཚེ་ཡི་ལྷ། །རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་སངས་རྒྱས་མི་འགྱུར་ཚེ་ཡི་ལྷ། །རྒྱལ་བ་སྲས་བཅས་སྐུ་ལ་ཕྱག་འཚལ་བསྟོད། །ཚེ་ཡི་ལྷ་མོ་རྣམས་ནི་གཡུང་དྲུང་ཚེ་ཡི་ལྷ། །ཚེ་ཡི་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཚེ་དཔག་མེད་ནི་རྡོ་རྗེ་ཚེ་ཡི་ལྷ། །གཟི་བརྗིད་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །བདག་གི་དུས་མིན་འཆི་བ་བཟློག་ཏུ་གསོལ། །མི་འཆི་ཚེ་ཡི་དངོས་གྲུབ་ཁྱེད་ལ་ཞུ་ཚེ་དང་བསོད་ནམས་གཉིས་ཀྱིས་བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན། སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་ཚེ་ཡི་ལྷ། །རིན་ཆེན་འབྱུང་ལྡན་སྐུ་ལ་ཕྱག་འཚལ་བསྟོད། །རིན་ཆེན་མཁའ་འགྲོའི་འཆི་མེད་ཚོ་ཡི་ལྷ། །རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་སངས་རྒྱས་མི་འགྱུར་ཚེ་ཡི་ལྷ། །རྒྱལ་བ་སྲས་བཅས་སྐུ་ལ་ཕྱག་འཚལ་བསྟོད། །ཚེ་ཡི་ལྷ་མོ་རྣམས་ནི་གཡུང་དྲུང་ཚེ་ཡི་ལྷ། །ཚེ་ཡི་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཚེ་དཔག་མེད་ནི་རྡོ་རྗེ་ཚེ་ཡི་ལྷ། །བཅོམ་ལྡན་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །བདག་གི་དུས་མིན་འཆི་བ་བཟློག་ཏུ་གསོལ། མི་འཆི་ཚེ་ཡི་དངོས་གྲུབ་ཁྱེད་ལ་ཞུ། ཚེ་དང་བསོད་ནམས་གཉིས་ཀྱིས་བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སངས་རྒྱས་རྣམ་པར་སྣང་མཛད་བཀྲ་ཤིས་ཚེ་ཡི་ལྷ། །རྣམ་པར་སྣང་མཛད་སྐུ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་མཁའ་འགྲོ་འཆི་མེད་ཚེ་ཡི་ལྷ། །སངས་རྒྱས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་སངས་རྒྱས་མི་འགྱུར་ཚེ་ཡི་ལྷ། །རྒྱལ་བ་སྲས་བཅས་སྐུ་ལ་ཕྱག་འཚལ་བསྟོད། །ཚེ་ཡི་ལྷ་མོ་རྣམས་ནི་གཡུང་དྲུང་ཚེ་ཡི་ལྷ། ཚེ་ཡི་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཚེ་དཔག་མེད་ནི་རྡོ་རྗེ་ཚེ་ཡི་ལྷ། །བཅོམ་ལྡན་ཚེ་ཡི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དུས་མིན་འཆི་བ་བཟློག་ཏུ་གསོལ། མི་འཆི་ཚེ་ཡི་དངོས་གྲུབ་ཁྱེད་ལ་ཞུ། ཚེ་དང་བསོད་ནམས་གཉིས་ཀྱིས་བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། དོན་ཡོད་གྲུབ་པ་བཀྲ་ཤིས་ཚེ་ཡི་ལྷ། །སངས་རྒྱས་དོན་ཡོད་གྲུབ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ལས་ཀྱི་མཁའ་འགྲོ་འཆི་མེད་ཚེ་ཡི་ལྷ། །ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་བདེ་གཤེགས་མི་འགྱུར་ཚེ་ཡི་ལྷ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །ཚེ་ཡི་ལྷ་མོ་རྣམས་ནི་གཡུང་དྲུང་ཚེ་ཡི་ལྷ། །ཚེ་ཡི་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཚེ་བདག་གཟི་བརྗིད་རྒྱལ་པོ་རྡོ་རྗེ་ཚེ་ཡི་ལྷ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །བདག་གི་དུས་མིན་འཆི་བ་བཟློག་ཏུ་གསོལ། །མི་འཆི་ཚེ་ཡི་དངོས་གྲུབ་ཁྱེད་ལ་ཞུ། །ཚེ་དང་བསོད་ནམས་གཉིས་ཀྱིས་བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་སཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །བཅོམ་ལྡན་ལྷ་ཡི་དབང་ཕྱུག་གིས། །སྐུ་ལ་བཀྲ་ཤིས་རྫས་བརྒྱད་ལྷ་མོར་སྤྲུལ་བྱས་ནས། །བདག་ཀྱང་ཚེ་རིང་ནད་མེད་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཚེ་དང་བསོད་ནམས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །བདག་མིང་འདི་ཞེས་བགྱི་བས་དུས་ད་རེས་ནས་བཟུང་སྟེ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐྱབས་འོག་ཏུ་ཚུད་པར་གྱུར་ཅིག །བདག་ཚེ་རིང་པོའི་མཆོག་ཐོབ་པར་གྱུར་ཅིག །ཚེ་སྲོག་བྲག་ལས་སྲ་བར་གྱུར་ཅིག །ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག །མི་བརྒྱུད་ཆུ་ལས་རིང་བར་གྱུར་ཅིག །ལྕགས་ཀྱི་སྲོག་རྩ་འགྲུབ་པར་གྱུར་ཅིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །འཆི་མེད་ཚེའི་གཡུང་དྲུང་ཐོབ་པར་གྱུར་ཅིག །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨཱ་ཡུ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨ་པ་རི་མི་ཏ་ཨཱ་ཡུ་ཥེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། རིན་པོ་ཆེ་ཚེའི་སྒྲུབ་པ་ཞེས་བྱ་བ་བཀྲ་ཤིས་སྨོན་ལམ་དང་བཅས་པ་རྫོགས་སོ།། །།


previousརིན་པོ་ཆེ་ཚེའི་སྒྲུབ་པ།next