Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱ་གཏོ་ཁྱེར་བདེ་ཉུང་ངུ་།
   
   
   
   
   
   
   
   
   
   
   


 
previousབྱ་གཏོ་ཁྱེར་བདེ་ཉུང་ངུ་།next

བྱ་གཏོ་ཁྱེར་བདེ་ཉུང་ངུ་།


CMR039_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གཏོ་ཁྱེར་བདེ་ཉུང་ངུ་བཞུགས་སོ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱ་ཐན་གང་བྱུང་བ་ལ། དེའི་མགུལ་དུ་གོ་གསུམ་གྱི་ཐལ་བ་སྐྱེད་གསུམ་གྱི་དྲེག་པ་བསྡུས་ནས་བཏགས། དེ་དང་ལྷན་དུ་ཐུན་རྡོ་གཅིག་ལ་བློ་ཟློག་བྲིས་ནས་བཞག །ཆུ་གཙང་གིས་བྲན་ལ་འདི་སྐད་དོ། ཧཱུྃ། གཏོ་འདི་སུ་དང་སུ་ཡི་གཏོ། །ཐན་འདི་སུ་དང་སུ་ཡི་ཐན། །བྱ་ཐན་ལྷ་ཡི་ཡུལ་དུ་བྱུང་། །ལྷ་ཡི་བཀའ་ཆད་མི་ལ་བབ། །མི་ལ་ཐན་ལྟས་སྣ་ཚོགས་བྱུང་། །རྟ་ནོར་གོད་ཁ་རྒྱུན་མི་འཆད། །མི་ལ་མི་བདེ་སྣ་ཚོགས་བྱུང་། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དོ་ནུབ་ཐན་ལྟས་བསྒྱུར་དུ་གསོལ། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །ཧཱུྃ། ཁྲོ་རྒྱལ་ཁམས་གསུམ་ཧཱུྃ་སྒྲ་སྒྲོག །ཟངས་ཁྲབ་གསོལ་ནས་མདུང་དམར་ཐོགས། །བ་དན་རྩེ་གསུམ་གཡབ་པ་ཡིས། །ལྷ་སྲིན་དབང་སྡུད་དགྲ་བགེགས་གསོད། །བདུད་དཔུང་འཇོམས་ཤིང་སྲོག་དབང་ཟློག །མདུང་དམར་བཙན་གྱི་ལོག་འདྲེན་ཟློག །ལྟས་ངན་ཐམས་ཅད་བཟློག་ཏུ་གསོལ། །སྲིད་པའི་ལྟས་ངན་དགྲ་ལ་སྒྱུར། ཅེས་ལོ་ཏྲི་པ་ལའི་སྔགས་བཟླས་ཤིང་གང་བྱུང་གི་ཕྱོགས་སུ་འཕང་། དེ་རྒྱབ་ཐུན་རྡོ་འུར་ལྟེབས་སུ་བཞག་ལ་འཕངས། །ཕེའོ་བརྗོད། ཅེས་སྔགས་ཆུང་རྟ་


CMR039_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གྱིས་བསྐུལ་བ་ལྟར་༧ ཨ་རཱ་གས་སྦྱར་བའོ།། །། ༈ ཨོཾ་ལོ་ཏྲི་པཱ་ལ་ནན༔ ས་ག་པ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ་ནན༔ རྩིརྩ་རྩི༔ ཆད་རུ་ལུ། རྦད་རུ་རྦད་ཏྲ་ཀོ་ཤ་ཡ༔ རྦད་ཏྲ་ཀོ་ཤ་ཡ་ཧོ་ར་ཧོ་ར་རྩི་དུ་སོད་རྩི་དུ་སོད༔ ཤིག་ལྷུ་རུ་གཏུབ༔ ཧ་ལ་པ་ཏི་ནན་འཁོར་བ་དུལ་དུལ༔ གནོད་བྱེད་བྱ་ཐན་ཀ་ཝ་རྩི་བརླག་བརླག༔ ཐན་ལྟས་བྱ་ཐན་གཏོང་མཁན་གང་ཡིན་པའི་ལྟས་ངན་ཁོ་རང་ལ་སྡིག༔ རང་གཤེད་རང་ལ་ཕོབ༔ རང་བྱད་རང་ལ་ཟློག༔ ཡ་བཟློག་མ་བཟློག༔ བློ་བློ་ཟློག༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་སུ་བྷ་ནི་སོགས་བརྗོད། ༈ ཨོཾ་ཨཱཿཧཱུྃ༔ བཛྲ་གླུ་རུ་པདྨ་ཀྲོ་ཏ་ཡ་མ་ཐ་དུ་རཀཱ་ཡ་པ་ཏཱི༔ ཕུ་ནི་ཏྲི་ག་རྨི༔ ཨ་བྷྱོ་ཛ་གནོད་བྱེད་དགྲ་བགེགས་བན་བྱད་བོན་བྱས༔ ཆོད་གཏོང་ས་མ་ཡ་ཟློག་ཟློག༔ བྷྱོ་བྷྱོཿ ཞག་རེ་ལ་སྔགས་འདི་སུམ་བརྒྱ་ལས་མི་ཉུང་༔ དེ་མན་ཨརྩིག་བསྙེན༔ བཟློག་གཞུང་རྐྱང་པ་དུ་ཐོན་གསོག༔ བསྒྲལ་ལས་རེ་རེས་ཆོག༔


previousབྱ་གཏོ་ཁྱེར་བདེ་ཉུང་ངུ་།next