Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀློང་སྙིང་རྩ་གསུམ་ལས་བྱང་གང་ལའང་སྦྱར་རུང་བའི་བདུད་རྩི་སྨན་གྱི་བརྒྱུད་མཆོད།
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཀློང་སྙིང་རྩ་གསུམ་ལས་བྱང་གང་ལའང་སྦྱར་རུང་བའི་བདུད་རྩི་སྨན་གྱི་བརྒྱུད་མཆོད།next

ཀློང་སྙིང་རྩ་གསུམ་ལས་བྱང་གང་ལའང་སྦྱར་རུང་བའི་བདུད་རྩི་སྨན་གྱི་བརྒྱུད་མཆོད།


JSD002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་སྙིང་རྩ་གསུམ་ལས་བྱང་གང་ལའང་སྦྱར་རུང་བའི་བདུད་རྩི་སྨན་གྱི་བརྒྱུད་མཆོད་ནི། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད། །རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཨྰཿ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས། །སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཤྲཱི་སིདྷ་དོན་དམ་ཆོས་ཀྱི་མཛོད། །འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་ང། །ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །འཛམ་བུ་གླིང་གི་རྒྱན་


JSD002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པདྨ་འབྱུང་། །ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས། །ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབས། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །མཁའ་འགྲོའི་དབྱིངས་མཛོད་བཀའ་བབ་འཇིགས་མེད་གླིང་། །ཆོས་ཀྱི་བདག་པོ་ཀུན་བཟང་གཞན་ཕན་ཞབས། །སྤྱན་རས་གཟིགས་དབང་རྒྱལ་བའིམྱུ་གུ་ལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང་། །སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་། །གནས་ལུགས་མངོན་གཟིགས་བསྟན་པའི་ཉི་མ་ལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཟབ་གསང་སྙིང་ཐིག་བཀའ་བབ་ལས་འབྲེལ་རྩལ།


JSD002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་སྲོལ་ཀུན་འདུས་རིགས་རྣམས་ཀུན་གྱི་བདག །འཁོར་ལོའི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །འཁོར་ལོའི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་དང་། །དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་སེལ་མཛད་མཁའ་འགྲོ་དམ་ཅན་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །བདུད་རྩི་ ི སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླང་། །ཀཱ་ཡ་སིདྡྷི་ཨོཾ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ ཞེས་མཐེབ་སྲིན་ཉི་ཟླའི་གའུས་བླང་ངོ་། །ཞེས་པའང་སྤྲོས་པ་ལ་དགའ་བའི་སྐབས་འགར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་བྱ་བྲལ་


JSD002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷས་རྩ་བའི་གཞུང་དང་མི་འགལ་བར་བྲིས་པའོ།།


previousཀློང་སྙིང་རྩ་གསུམ་ལས་བྱང་གང་ལའང་སྦྱར་རུང་བའི་བདུད་རྩི་སྨན་གྱི་བརྒྱུད་མཆོད།next