Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
རྗེ་བཙུན་བླ་མ་གཏེར་ཆེན་བདུད་འཇོམས་མཆོག་གི་སྤྲུལ་སྐུ་མྱུར་ཏུ་འབྱོན་པར་གསོལ་བ་འདེབས་པ་འདོད་དོན་དཔལ་སྟེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousརྗེ་བཙུན་བླ་མ་གཏེར་ཆེན་བདུད་འཇོམས་མཆོག་གི་སྤྲུལ་སྐུ་མྱུར་ཏུ་འབྱོན་པར་གསོལ་བ་འདེབས་པ་འདོད་དོན་དཔལ་སྟེར།next

རྗེ་བཙུན་བླ་མ་གཏེར་ཆེན་བདུད་འཇོམས་མཆོག་གི་སྤྲུལ་སྐུ་མྱུར་ཏུ་འབྱོན་པར་གསོལ་བ་འདེབས་པ་འདོད་དོན་དཔལ་སྟེར།


JSD004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་གཏེར་ཆེན་བདུད་འཇོམས་མཆོག་གི་སྤྲུལ་སྐུ་མྱུར་ཏུ་འབྱོན་པར་གསོལ་བ་འདེབས་པ་འདོད་དོན་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི། ཡེ་ཤེས་རྡོ་རྗེ་ཆོས་སྐུ་སྤྲོས་དང་བྲལ། །བདེ་ཆེན་རྡོ་རྗེ་ལྔ་ལྡན་ལོངས་སྤྱོད་རྫོགས། །འགྲོ་འདུལ་གླིང་པ་གང་འདུལ་སྤྲུལ་པའི་གར། །དབྱེར་མེད་བླ་མར་འབོད་དོ་བརྩེ་བས་དགོངས། །མགོན་ཁྱོད་གདོད་མའི་སངས་རྒྱས་མངོན་བརྙེས་པས། །སྐྱེ་འགགས་མཚན་མའི་ཆོས་ལས་རབ་འདས་ཀྱང་། །གདུལ་བྱའི་སྣང་ངོར་དྲང་དོན་སྒྱུ་མའི་སྐུ། །ཆོས་དབྱིངས་ཞི་བ་ཆེན་པོར་བཏུལ་བ་འདིས། །བསྟན་འགྲོ་སྤྱི་དང་ཁྱད་པར་སྔ་འགྱུར་བའི། །བཀའ་གཏེར་བཤད་སྒྲུབ་ཉི་མ་ཆུ་ལྷར་ཕྱོགས། །བདག་ཅག་རྗེས་འཇུག་སློབ་མའི་ཚོགས་འདི་རྣམས། །མགོན་མེད་སྐྱབས་བྲལ་ཉམ་ཐག་གཟིགས་


JSD004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ། །དེ་སླད་ཟག་མེད་ཐུགས་ཀྱི་དགོངས་པ་མཆོག །ནང་དབྱིངས་གཏིང་གསལ་གཞོན་ནུ་བུམ་སྐུར་རྫོགས། །སློབ་པ་མིན་པའི་ཟུང་འཇུག༔ འཕྲུལ་གར། །འཁྲུལ་མེད་སྤྲུལ་པའི་ཟླ་ཞལ་མྱུར་སྟོན་གསོལ། །ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །རྣམ་འདྲེན་སྟོང་རྩའི་ངོ་མཚར རྣམ་ཐར་དང་། །ཕྲིན་ལས་མཐའ་དག་ཡོངས་སུ་རྫོགས་པ་ཡིས། །འཛམ་གླིང་ཡངས་པའི་ས་ཆེན་འགེངས་མཛད་གསོལ། །རྨད་བྱུང་སྤྲུལ་སྐུར་ཕྱི ནང་བར་ཆད་ཀྱི། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་དང་། །རིགས་གསུམ་སེམས་དཔའི་མཁྱེན་བརྩེ་ནུས་རྩལ་འབར། །ཚེ་དཔག་མེད་བཞིན་སྐུ་ཚེ་རིང་འཚོ་གསོལ། །གསན་བསམ་སྒོམ་པའི་ཡོན་ཏན་དཔལ་མངའ་ཞིང་། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རྨད་བྱུང་བས། །སྙིགས་ལྔའི་རྒུད་


JSD004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཐེག་དགུའི་མེ་རོ་གསོ། །ཕན་བདེའི་པདྨོ་བཞད་པའི་གཉེན་མཛད་གསོལ། །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་དང་། རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་མཐུ་སྟོབས་ཀྱིས། །གསོལ་བཏབ་སྨོན་པའི་འབྲས་བུ་མྱུར་སྨིན་ནས། །འདོད་དགུའི་རེ་བ་སྐོང་བའི་བཀྲ་ཤིས་ཤོག །ཅེས་པའང་སྐྱབས་རྗེ་བཀའ་དྲིན་འཁོར་མེད་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གནོལ་ཚུལ་བསྟན་པའི་སྐབས་མྱུར་འབྱོན་གསོལ་འདེབས་འདོད་དོན་དཔལ་སྟེར་ཞེསབྱ་བ་འདི་ལྟ་བུ་ཞིག་བྲིས་ཞེས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འདབས་སུ་རྟག་བཞུགས་རྡོ་རྗེའི་མཆེད་དམ་པར་གྱུར་པའི་བླ་སྤྲུལ་གྲྭ་བཙུན་ཡོན་བདག་རྣམས་ནས་བཀྲ་ཤིས་པའི་ལྷ་རྫས་དང་ཤྲཱི་ནེ་པཱ་ལའི་དངུལ་དོད་ཤོག་སྒོར་དུ་མའི་སྐྱེས་བཅས་ནན་བསྐུལ་ལྡོག་མ་ནུས་པར། གཏེར་སློབ་ཐ་ཤལ་བ་སངས་རྒྱས་རྡོ་རྗེས་རབ་ཚེས་མེ་སྟག་ཧོར་ཟླ་བཅུ་གཅིག་པའི་ཤེར་ཕྱོགས་ཀྱི་


JSD004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་དང་པོར་སྒྲུབ་གནས་ཡང་ལེ་ཤོད་དུ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་དེ་དེ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།


JSD004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་ནས་བདུད་འཇོམས་སྒྱུ་འཕྲུལ་གར། །སྨོན་ལམ་ཐུགས་རྗེས་གདུལ་བྱའི་དཔལ་དུ་བྱོན། །འཁོར་བ་གཏིང་སྤྲུགས་གཞན་དོན་རླབས་ཆེན་སྤྱོད། །ཐུགས་ཡིད་གཅིག་འདྲེས་མངོན་པར་བྱང་ཆུབ་ཤོག །ཅེས་པའང་བུདྡྷས་སོ།། །།


JSD004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་བཙུན་བླ་མ་གཏེར་ཆེན་བདུད་འཇོམས་མཆོག་གི་སྤྲུལ་སྐུ་མྱུར་ཏུ་འབྱོན་པར་གསོལ་བ་འདེབས་པ་འདོད་དོན་དཔལ་སྟེར།next