Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
  
 
  
  
 
 
 
 
རྗེ་བཙུན་སྒྲོལ་མའི་བསྒྲུབ་ཐབས། བདུད་འཇོམས།
  
  


48 occurrences of གཙང་
[Clear Hits]

 
previousརྗེ་བཙུན་སྒྲོལ་མའི་བསྒྲུབ་ཐབས།བདུད་འཇོམས།next

རྗེ་བཙུན་སྒྲོལ་མའི་བསྒྲུབ་ཐབས།
བདུད་འཇོམས།

ཟབ་ཆོས་གསང་བ་འཕྲུལ་ཡིག་ལས༔ རྗེ་བཙུན་སྒྲོལ་མའི་བསྒྲུབ་ཐབས་བདུད་རྩིའི་མཆོག་སྦྱིན་བཞུགས༔ ན་མོ་ཨཱརྱཱ་ཏ་རེ་ཡེ༔ འཁོར་བ་ལས་སྒྲོལ་རྗེ་བཙུན་ཏཱ་རེ་མ༔ རྒྱལ་ཀུན་བསྐྱེད་ཡུམ་མཆོག་ལ་ཕྱག་འཚལ་ལོ༔ འཕགས་མ་ལྗང་མོའི་སྒྲུབ་ཐབས་ཉམས་ལེན་ཚེ༔ མཎྜལ་འདབ་ལྡན་དབུས་སུ་གཙོ་སྐུ་དང་༔ གཏོར་ཆེན་རྒྱན་ལྡན་སྨན་རཀ་བཱ་ལིང་ཏ༔ ཕྱི་ནང་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་བཤམས༔ སྐྱབས་འགྲོ་ནི༔ ན་མོ༔ རྒྱལ་ཀུན་བསྐྱེད་མཛད་རྒྱལ་བའི་ཕྲིན་ལས་དཔལ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་མ་ལུས་ཀུན༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ཧོ༔ མར་གྱུར་ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར༔ བདག་ཉིད་འཕགས་མའི་སྒོར་ཞུགས་སྒྲུབ་ལ་བརྩོན༔ འཁོར་བ་དོང་སྤྲུགས་ནུས་པར་སེམས་བསྐྱེད་དོ༔ ཚོགས་བསགས་ནི༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ༔ མི་དགེ་སྡིག་བཤགས་དགེ་ལ་རྗེས་ཡི་རིང་༔ ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་བཞུགས༔ འགྲོ་དྲུག་སྡུག་བསྔལ་རྒྱུ་འབྲས་ལས་སྒྲོལ་ཕྱིར༔ དགེ་ཚོགས་བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོ༔ བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་ཆོས་ཉིད་རང་བྱུང་དོན་གྱི་ལྷ༔ སྒྲུབ་ལ་བར་དུ་གཅོད་པའི་འབྱུང་པོ་རྣམས༔ གནས་འདིར་མ་འདུག་གཞན་དུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་གནོད་ཅིང་འཚེ་བྱེད་ན༔ ཡེ་ཤེས་མཚོན་ཐུན་འབར་བས་བསྒྲལ་ནས་ཀྱང་༔ རྣམ་ཤེས་འཁྲུལ་མེད་དབྱིངས་སུ་བསྐྲད་པར་བྱ༔ ཏཱ་རེ་ཀྲོ་དྷི་ཧཱུྃ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ སྲུང་འཁོར་ནི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་གཡུ་ལོ་བཀོད་པའི་ཞིང་༔ བཅུད་ཀྱི་སེམས་ཅན་རྗེ་བཙུན་སྒྲོལ་མ་སྟེ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་ལ༔ མ་དག་ལོག་འདྲེན་བགེགས་ཀྱི་མིང་ཡང་མེད༔ ཛྙཱ་ན་རཀྵ་ཨཱ༔ བྱིན་འབེབ་ནི༔ ཧཱུྃ༔ ཕྱོགས་དུས་བདེ་གཤེགས་བླ་མ་ཡི་དམ་ལྷ༔ མྱུར་མ་དཔའ་མོ་རིག་འཛིན་མཁའ་འགྲོའི་ཚོགས༔ མ་འགགས་ཆོས་སྐུའི་ཀློང་ནས་གཟུགས་སྐུར་བཞེངས༔ གནས་འདིར་བྱིན་ཕོབ་དབང་བསྐུར་དངོས་གྲུབ་སྩོལ༔ ཨཱརྱ་་ཏཱ་རེ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨཱ་བེ་ཤ་ཡ་ཧོ༔ མཆོད་པ་བྱིན་བརླབས་ནི༔ ཨོཾ༔ རིན་ཆེན་དུ་མ་ལས་གྲུབ་སྣོད་ནང་དུ༔ previous hit གཙང next hit་ལྡན་ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ བླ་མེད་མཆོག་གི་དམ་རྫས་མི་ཟད་སྤྲིན༔ སྣ་ཚོགས་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ། པཱདྱཾ། པཱུཥྤེ། དྷུ་པྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻཝི་དྱཱ། ཤབྟ་པུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བཱ་ལིང་ཏ་ཨཱཿཧཱུྃ༔ ལྷ་བསྐྱེད་པ་ནི༔ ཨཱ༔ སེམས་ཉིད་མ་བཅོས་སྤྲོས་བྲལ་དེ་བཞིན་ཉིད༔ རང་མདངས་མ་འགགས་ཐུགས་རྗེ་ཀུན་ཏུ་སྣང་༔ སྟོང་གསལ་དབྱེར་མེད་ངོ་བོ་ཏྃཿ ཡིག་ལྗང་༔ རང་སྣང་ལྷུན་གྲུབ་མཁའ་ལ་འཇའ་ལྟར་ཤར༔ དེ་ལས་འོད་འཕྲོས་བདེ་ཆེན་ཞིང་ཁམས་སུ༔ རང་བྱུང་ཡེ་ཤེས་ལྔ་ལྡན་གཞལ་མེད་ཁང་༔ སྒོ་གྲུ་རྟ་བབས་བཞི་སོགས་མཚན་ཉིད་དང་༔ རྒྱན་དང་ཡོན་ཏན་ཐམས་ཅད་ཡོངས་རྫོགས་དབུས༔ པདྨ་གེ་སར་རབ་རྒྱས་ཟླ་བའི་སྟེང་༔ ཏཱྃཿ ཡིག་ཡོངས་གྱུར་རྗེ་བཙུན་སྒྲོལ་མའི་སྐུ༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་མཚན་དཔེ་ལྡན༔ ཞལ་འཛུམ་སྤྱན་དངས་བདེ་སྟོང་གཟི་བྱིན་འབར༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་རྒྱན་གྱིས་མཛེས༔ ཟར་བུ་ཐུར་གྲོལ་འགྲོ་རྣམས་ཐུགས་རྗེས་འདྲེན༔ དབུ་བརྒྱན་སྙན་ཆ་མགུལ་ཆུན་དོ་ཤལ་དང་༔ དར་དམར་སྨད་ཤམ་ལ་སོགས་རྒྱན་གྱིས་སྤྲས༔ ཕྱག་གཡས་མཆོད་སྦྱིན་གཡོན་པས་སྐྱབས་སྦྱིན་གྱི༔ ཕྱག་རྒྱ་མཛད་ཅིང་སྡུག་བསྔལ་འཇིགས་ཀུན་སྐྱོབས༔ ཞབས་གཉིས་བརྐྱང་བསྐུམ་རྟ་བབས་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་པད་ཟླའི་སྟེང་དུ་ཏྃཿཡིག་ལྗང་༔ དེ་མཐར་སྔགས་ཕྲེང་ལྗང་སྔོན་གཡས་སུ་བསྐོར༔ ཨོཾ་ཨཱརྱ་ཏཱ་རེ་ཏྃ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ དཔྲལ་བར་ཞི་བྱེད་དཀར་མོ་རྣམ་རྒྱལ་དང་༔ མགྲིན་པར་དབང་སྡུད་ཀུ་རུ་ཀུལླེ་དམར༔ སྙིང་གར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་དཀར༔ ལྟེ་བར་རྒྱས་མཛད་འོད་ཟེར་ཅན་མ་སེར༔ གསང་གནས་དྲག་མོ་ནོར་རྒྱུན་གཡུ་ལྗང་མདོག༔ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་བཅས༔ སོ་སོས་རང་གི་རིགས་ཀྱི་ལས་རྣམས་བསྒྲུབ༔ གཞན་ཡང་ཕུང་ཁམས་སྤྲུལ་པའི་ལྷ་མོ་དང་༔ ཡན་ལག་སྒོ་སྐྱོང་ཡང་སྤྲུལ་ཆོ་རོལ་སྟོན༔ བདེ་སྟོང་སྒྱུ་འཕྲུལ་དྲ་བའི་འཁོར་ལོར་རྫོགས༔ ཨོཾ་ཏཱ་རེ་སརྦ་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔ ལྷ་ཚོགས་རྣམས་ཀྱིས་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་ནི༔ ཧཱུྃ༔ བདེ་ཆེན་འོག་མིན་གནས་དང་པོ་ཊ་ལ༔ རྣམ་དག་གཡུ་ལོ་བཀོད་པའི་ཞིང་ཁམས་སོགས༔ ས་སྤྱོད་མཁའ་སྤྱོད་གནས་ཡུལ་དཔག་མེད་ནས༔ རྩ་གསུམ་རྒྱལ་བ་རིག་འཛིན་རྒྱ་མཚོའི་ཚོགས༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ བདག་སོགས་དད་གུས་མོས་པས་སྤྱན་འདྲེན་ན༔ འདིར་གཤེགས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་སརྦ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ནི༔ ཧྲཱི༔ བདེ་ཆེན་ལྷན་སྐྱེས་རོལ་བའི་དཀྱིལ་འཁོར་འདིར༔ རྗེ་བཙུན་ཐུགས་རྗེས་དབང་ཕྱུག་གཙོ་འཁོར་རྣམས༔ དམ་ཚིག་ཡེ་ཤེས་གཉིས་མེད་ཆེན་པོ་རུ༔ འགྲོ་བའི་དོན་དུ་བསྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃཿབཾ༔ ཧོ༔ སརྦ་ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཧྲཱི༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་ཆེན་མོ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་དཔལ་གྱུར་བ༔ འཁོར་བའི་སྡུག་བསྔལ་སྐྱོབས་མཛད་ཐུགས་རྗེ་ཅན༔ ཁྱེད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ན་མོ་ནཱ་མ་ཧོ༔ མཆོད་འབུལ་ནི༔ ཨོཾཿ ལྷ་རྫས་ཕྱི་ཡི་མཆོད་པ་སྣ་ཚོགས་དང་༔ རང་བྱུང་ལྷུན་གྲུབ་ནང་གི་མཆོད་པའི་སྤྲིན༔ གསང་མཆོད་སྨན་རཀ་གཏོར་ཚོགས་སྦྱོར་སྒྲོལ་དང་༔ བླ་མེད་བདེ་སྟོང་ཕྱག་རྒྱའི་དགྱེས་མཆོད་འབུལ༔ ཨོཾ་བཛྲ་ཨརྒྷཾ། པཱདྱཾ། པཱུཥྤེ། དྷུ་པྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻཝི་དྱཱ། ཤབྟསོགས་རུ་པ༴སོགས་སྤར་ཤེ་དྷརྨཱ་སརྦ་པུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བཱ་ལིང་ཏ་ག་ག་ན་མ་ཧཱ་མུ་དྲ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་ཧོ༔ བསྟོད་པ་ནི༔ ཨོཾཿ རྒྱལ་ཀུན་ངོ་བོ་རྒྱལ་བའི་ཕྲིན་ལས་དཔལ༔ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་དབང་ཕྱུག་རིགས་འདུས་གཙོ༔ ཁྱབ་བདག་བདེ་གཤེགས་སྤྱི་དཔལ་མཆོག་ལ་བསྟོད༔ ཞི་མཛད་རྡོ་རྗེའི་རིགས་མཆོག་མཚན་དཔེའི་སྐུ༔ རྒྱས་མཛད་རིན་ཆེན་རིགས་མཆོག་ཡོན་ཏན་གཏེར༔ དབང་མཛད་པདྨའི་རིགས་མཆོག་གསུང་གི་མཛོད༔ དྲག་མཛད་ལས་ཀྱི་རིགས་ཏེ་ཕྲིན་ལས་དཔལ༔ ལྷུན་རྫོགས་དེ་བཞིན་རིགས་མཆོག་མཁྱེན་བརྩེའི་ཐུགས༔ འཁོར་བ་ལས་སྒྲོལ་རྗེ་བཙུན་ཏཱ་རེར་བཞེངས༔ ཡིད་བཞིན་ཚེ་འཕེལ་མ་ལ་ཕྱག་འཚལ་བསྟོད༔ གྲུབ་གཉིས་དབང་འབྱོར་གཏེར་གྱི་དངོས་གྲུབ་སྩོལ༔ སྔགས་བཟླ་བ་ནི༔ ཐུགས་ཀར་པད་ཟླའི་སྟེང་དུ་ཏཱྃཿཡིག་མཐར༔ སྔགས་ཕྲེང་རིགས་ཀྱི་མདོག་ཅན་གཡོན་བསྐོར་ལས༔ འོད་འཕྲོས་དོན་གཉིས་བྱས་ཤིང་ཕྲིན་ལས་བསྒྲུབས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་ཐོབ་བསམ༔ ཨོཾ་ཨཱརྱ་ཏཱ་རེ་ཏྃ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་ལྔ་ཡིས་འགྲུབ་པར་འགྱུར༔ ཨོཾ་ཏཱ་རེ་སརྦ་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔ འདི་བདུན་ཁྲི་བཟླས་པར་བྱ༔ ཚོགས་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ རང་ཉིད་ཐུགས་ལས་ཡེ་ཤེས་མེ་རླུང་ཆུས༔ ཚོགས་ཀྱི་དངོས་འཛིན་རྣམ་རྟོག་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་སྣང་སྲིད་རྣམ་དག་རྫས༔ བདེ་སྟོང་ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ སྤྱན་འདྲེན་ནི༔ ཧྲཱི༔ ཆོས་དབྱིངས་མ་འགགས་ཀློང་ནས་ཡེ་ཤེས་སྐུ༔ ཤེས་རབ་རང་བྱུང་སྒྲོལ་མ་གཙོ་འཁོར་བཅས༔ རྩ་གསུམ་ལྷ་ཚོགས་སངས་རྒྱས་བྱང་སེམས་རྣམས༔ བདེ་ཆེན་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཚོགས་ཕུད་འབུལ་བ་ནི༔ ཧོ༔ བདེ་སྟོང་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན༔ ཞལ་ཟས་འདོད་ཡོན་ཚོགས་མཆོད་བསམ་མི་ཁྱབ༔ རྡོ་རྗེའི་ལྷ་མོ་མང་པོས་དགྱེས་གར་བཅས༔ དཔག་ཡས་ནམ་མཁའི་ཁམས་གང་སྤྲོས་ཏེ་མཆོད༔ སརྦ་ག་ཎ་ཙཀྲ་པུ་ཛ་ཧོ༔ ཚོགས་བཤགས་ནི༔ འཁོར་ཚེ་ཐོག་མེད་ནས་བསགས་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་ཉེས་སྐྱོན་དྲི་མའི་ཚོགས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཤུདྡྷེ་ཨཱ༔ བསྒྲལ་བསྟབས་ནི༔ ཧཱུྃ༔ ལོག་རྟོག་འཁྲུལ་སྣང་བདག་འཛིན་རུ་ཏྲ་ཀུན༔ མྱུར་མཛད་ཐུགས་རྗེའི་ལྕགས་ཀྱུས་འདིར་ཁུག་ལ༔ བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་སྒྲོལ༔ སྐྱེ་འགགས་འགྱུར་མེད་ཆོས་དབྱིངས་ཀློང་དུ་རོལ༔ སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ༔ ཁ་རམ་ཁཱ་ཧི༔ ལྷག་མ་ནི༔ ཨོཾ་ཨཱཿཧཱུྃ༔ མྱུར་མ་དཔའ་མོའི་ཐུགས་རྗེའི་དཀྱིལ་འཁོར་སྐྱོང་༔ གར་མཁན་ལས་བཞིའི་ཕོ་ཉ་ལྷག་སྡུད་རྣམས༔ ཞི་དང་ཁྲོ་བོའི་རྣམ་གྱུར་ཅིར་ཡང་སྟོན༔ རྫུ་འཕྲུལ་ཤུགས་ཀྱིས་གང་འདུལ་འགྲོ་དོན་མཛད༔ མཐའ་གཅིག་མ་ངེས་སྤྲུལ་འཁོར་བྲན་གཡོག་བཅས༔ ཚུར་གཤེགས་མཆོད་བཞེས་བཀའ་ཡི་བསྟན་པ་སྲུང་༔ དམ་སྐོང་ལས་བཞིའི་ཕྲིན་ལས་ལྷུན་གྲུབ་མཛོད༔ སརྦ་ས་མ་ཡ་བཱ་ལིང་ཏ་ཁ་ཧི༔ གཏོར་འབུལ་ནི༔ ཨོཾ་ཨཱཿཧཱུྃ༔ མཚན་ལྡན་བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ གཏོར་མ་ཟག་མེད་བདུད་རྩི་འདོད་དགུའི་གཏེར༔ ཡེ་ཤེས་རང་བཞིན་དགྱེས་མཆོད་དམ་པ་འདི༔ བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ ཁྱད་པར་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དང་༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ༔ ཟག་མེད་བདེ་ཆེན་ངང་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ བདག་གཞན་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བཟློག༔ མཐུན་རྐྱེན་ཕྲིན་ལས་བསམ་པ་ལྷུན་གྲུབ་མཛོད༔ གུ་རུ་སརྦ་ཏ་ཐཱ་ག་ཏ་དཱེ་ཝ་ཌཱ་ཀ་ཌཱ་ཀི་ནཱི་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་དྷརྨཱ་པཱ་ལ་ཨེ་དམ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདག་གཞན་འདི་ནས་བྱང་ཆུབ་མ་ཐོབ་པར༔ རྗེ་བཙུན་འཕགས་མ་སྲས་བཅས་རྒྱལ་བའི་ཚོགས༔ རྩ་གསུམ་ལྷ་ཡིས་རྗེས་བཟུང་བྱིན་གྱིས་རློབས༔ སྲུངས་སྐྱོབས་ཕྲིན་ལས་ཡིད་བཞིན་འགྲུབ་པར་ཤོག༔ དངོས་གྲུབ་བླང་བ་ནི༔ བཅོམ་ལྡན་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ཀྱིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་ཀུན༔ སྒྲུབ་མཆོག་བདག་གི་ལུས་ངག་ཡིད་ལ་རྩོལ༔ སྒོ་གསུམ་ལྷ་དང་གཉིས་མེད་མཉམ་སྦྱོར་མཛོད༔ ཨོཾ་ཨཱརྱ་ཏཱ་རེ་ཀཱ་ཡ་ཝཀྐ་ཙིཏྟ་ཛྙཱ་ན་སིདྡྷི་ཧཱུྃ༔ ནོངས་བཤགས་ནི༔ བདག་ནི་ཉོན་མོངས་དབང་གྱུར་སེམས་འཁྲུལ་ཞིང་༔ ལུས་ངག་བག་མེད་སྤྱོད་པའི་རྐྱེན་དབང་གིས༔ ཆོ་ག་ལྷག་ཆད་འགལ་འཁྲུལ་གྱུར་བ་སོགས༔ ཉམས་ཆགས་ཉེས་པའི་ཚོགས་རྣམས་ཅི་མཆིས་བཤགས༔ ས་མཱ་ཡ་ཤུདྡྷེ་ཨཱ༔ བསྡུ་ལྡང་ནི༔ ལྷ་སྣང་མི་དམིགས་ཆོས་སྐུའི་ཀློང་དུ་བསྡུ༔ གཉུག་མ་མི་ཤིག་མི་འགྱུར་ཐིག་ལེའི་ངང་༔ ཡེ་ནས་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ནས༔ ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར༔ དེ་སྲིད་འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ ཤིས་བརྗོད་ནི༔ མཆོག་གསུམ་བླ་མ་རྒྱལ་བ་སྲས་བཅས་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་རྒྱ་མཚོ་ཡིས༔ སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་གང་ལགས་དེས༔ ཁམས་གསུམ་སེམས་ཅན་ཡོངས་ལ་བདེ་ལེགས་ཤོག༔ གུས་ཤིང་གདུང་བས་འདི་བསྒྲུབ་ན༔ གནས་སྐབས་འགལ་རྐྱེན་གཡུལ་ལས་རྒྱལ༔ མྱུར་དུ་ས་ལམ་ཡོན་ཏན་རྒྱས༔ མཐར་ཐུགས་བླ་མེད་བྱང་ཆུབ་འགྱུར༔ ས་མ་ཡཱ༔ ཞེས་པ་འདི་ཡང་སྐལ་ལྡན་མ་ཚེ་དབང་སྒྲོན་གྱིས་བསྐུལ་ངོར་ ༧རྡོ་རྗེ་དགྲ་འདུལའམ་སྔགས་རྒན་མཉམ་ཉིད་ཀློང་ཡང་རྡོ་རྗེས་བྲག་དམར་ལྷུན་གྲུབ་སྟེང་གི་དབེན་གནས་ནམ་མཁའ་ཡང་རྫོང་བཀྲ་ཤིས་དག་པའི་སྐྱིད་ཚལ་དུ་བྲིས་པ་མཆོག་ཏུ་དགེ། ༈ །དེ་ནས་རྡོ་རྗེ་སློབ་དཔོན་ལ་དྲངས་བ་ནི༔ ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ གསང་སྔགས་མཆོག་གི་དགའ་སྟོན་རྫས༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ དེ་ནས་མཆེད་ལྕམ་ལ༔ ཧོཿརྡོ་རྗེ་མཆེད་དང་ལྕམ་དྲལ་རྣམས༔ དངོས་གྲུབ་ཀུན་འདུས་ངོ་བོ་རུ༔ ཤེས་ནས་དད་པའི་ཚོགས་ལ་རོལ༔ previous hit གཙང ་སྨེ་གཉིས་འཛིན་བསམ་པ་སྤོངས༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ བདུད་འཇོམས་པས་སོ། །


previousརྗེ་བཙུན་སྒྲོལ་མའི་བསྒྲུབ་ཐབས།བདུད་འཇོམས།next