Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྗེ་བཙུན་སྒྲོལ་མའི་གསོལ་འདེབས་འཇིགས་སྐྱོབས་སྨོན་ལམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previous རྗེ་བཙུན་སྒྲོལ་མའི་གསོལ་འདེབས་འཇིགས་སྐྱོབས་སྨོན་ལམ།next

རྗེ་བཙུན་སྒྲོལ་མའི་གསོལ་འདེབས་འཇིགས་སྐྱོབས་སྨོན་ལམ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ རྗེ་བཙུན་སྒྲོལ་མའི་གསོལ་འདེབས་འཇིགས་སྐྱོབས་སྨོན་ལམ་བཞུགསཿ ཨེ་མ་ཧོཿ རང་སྣང་རྣམ་དག་གཡུ་ལོ་བཀོད་ཞིང་ནསཿ རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལྷ་ཚོགས་གཤེགསཿ འཇིགས་བརྒྱད་ཉེར་འཚེ་མི་འདོད་འཚུབ་མ་བཟློགཿ མཐར་ཐུག་གཡུ་ལོ་བཀོད་ཞིང་སྐྱེ་བར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐུ་གསུམ་དགོངས་ཀློང་བརྡ་ཐིམ་ཨཿ ཨ་འདིའི་ཨ་མཚར་དུ་མ་འདིཿ རབ་བྱུང་བཅུ་བདུན་ས་སྟག་ལོརཿ ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིནཿ མ་དང་མཁའ་འགྲོ་འདུ་བའི་ལྟསཿ བཟང་པོ་ཡོད་པའི་གནས་མཆོག་ནསཿ གཡུ་ཁོག་བསྟན་པའི་མངའ་བདག་གདནཿ བར་མ་ཆད་པའི་རྒྱ་བླ་བྲངཿ ཚེ་ཕུར་ཁ་སྤྲོད་འདོན་པའི་དགུངཿ ཐུན་སྐབས་རྒྱལ་མཆོག་གླིང་པ་ཡིསཿ གང་ཤར་བྲིས་པ་དགེ་ལེགས་འཕེལཿ སརྦ་མང་ག་ལཾཿ


previous རྗེ་བཙུན་སྒྲོལ་མའི་གསོལ་འདེབས་འཇིགས་སྐྱོབས་སྨོན་ལམ།next