འཕགས་པ་ཚེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོ།
༈ རྒྱ་གར་སྐད་དུ། ཨཱརྻ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སརྦ་ཧྲི་ད་ཡ། བོད་སྐད་དུ། འཕགས་པ་ཚེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོའོ། །བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་འཕེལ་འགྱུར་ཞིང༌། །རྫོགས་པའི་སངས་རྒྱས་མྱུར་ཐོབ་པའི། །བདེ་གཤེགས་ཀུན་གྱི་སྙིང་པོ་གསུངས། །ཐུན་ཀླག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ། ཨཱ་ཡུརྫྙཱ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ། ཨ་ཡུ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨ་ཡུར་ཛྙཱཱ་ན་སརྦ་རུ་པ་སིདྡྷི། ཨཱ་ཡུར་ཛྙཱ་ན་ཥེཚེ་བྲུཾ་ཨོཾ་བྲུཾ་ཨ་བྲུཾ་སྭཱ་བྲུཾ་ཧཱ་བྲུཾ་ཚེ་བྲུཾ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། །སྟོང་གསུམ་འཇིག་རྟེན་འདི་དག་ཀུན། །གསེར་དངུལ་ཟངས་ལྕགས་རིན་ཆེན་དང༌། །ནོར་བུ་རིན་ཆེན་ལ་སོགས་པས། །བདེ་གཤེགས་སྐུ་གཟུགས་བྱས་པ་བས། །སྔགས་འདི་ཚར་གཅིག་བཟླས་པ་མཆོག །བསོད་ནམས་བརྒྱ་ཡིས་ཆར་མི་ཕོད། །བསྐལ་པ་སྟོང་དུ་བདེ་གཤེགས་ཀྱི། །རིང་བསྲེལ་སྐུ་གཟུགས་བྱས་པ་བས། །སྔགས་འདི་ཚར་གཅིག་བཟླས་པ་མཆོག །བདེ་གཤེགས་ཞལ་ནས་གསུངས་པ་ཡི། །སྡེ་སྣོད་ཆོས་རྣམས་བཀླགས་པ་བས། །སྔགས་འདི་ཚར་གཅིག་བཟླས་པ་མཆོག །མི་རྟོག་ཡེ་ཤེས་སྒོམ་པ་ཡི། །ཡོན་ཏན་རྒྱ་མཚོ་མ་གཏོགས་པ། །འདུས་བྱས་དགེ་སྦྱོང་མཐའ་དག་ཀུན། །རྣལ་འབྱོར་གཅིག་གིས་བྱས་པ་བས། །སྔགས་འདི་ཚར་གཅིག་བཟླས་པ་མཆོག །སྔགས་འདི་བཟླས་པའི་རྣལ་འབྱོར་ལ། །འཆི་བ་རྣམ་པ་བརྒྱད་མི་བྱུང༌། །སྡུག་བསྔལ་གསུམ་གྱིས་སེམས་མི་གཡེང༌། །ལྟས་ངན་མཚན་མ་ངན་པ་ཟློག །ངན་སྔགས་མཐུ་དང་གནོད་པ་མཐའ་དག་ཟློག །འཆི་བ་རྣམ་པ་བརྒྱད་པོ་བསླུ་བའི་མཆོག །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་ཐོབ་གཟི་བརྗིད་བྱིན་གྱིས་རློབས། །བཅུ་མི་ཐུབ་པས་བརྒྱ་ཐུབ་འགྱུར། །གཟུངས་འདི་སྒྲོག་པའི་བྱིན་རླབས་ཀྱིས། །ཡུལ་དང་ས་ཕྱོགས་ཐམས་ཅད་དུ། གེགས་མེད་ནད་མེད་བཀྲ་ཤིས་འབྱུང༌། །གཟུངས་འདིའི་ཡོན་ཏན་བསམ་མི་ཁྱབ། །སངས་རྒྱས་སྲས་དང་བཅས་པས་ཀྱང༌། །འདི་ཡི་ཡོན་ཏན་བརྗོད་མི་ནུས། །འདི་ནི་ཆོས་ཉིད་རང་སྒྲ་ཡིན། །ཞེས་གསུངས་སོ། །འཕགས་པ་ཚེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོ་རྫོགས་སོ།། །།མངྒ་ལཾ།