Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

27 occurrences of བརྒྱུད་གསུམ་
[Clear Hits]


 
 
 
 
 
  
  
  
  
  
  
  
 
 
  
  
 
 
  
  
  
  
 
  
བླ་མ་དྲག་པོ་རྟ་ཁྱུང་འབར་བའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།
 
 
  
  
 
 
  
  
 
 
  
  
  
 
  


27 occurrences of བརྒྱུད་གསུམ་
[Clear Hits]

 
previousབླ་མ་དྲག་པོ་རྟ་ཁྱུང་འབར་བའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།next

བླ་མ་དྲག་པོ་རྟ་ཁྱུང་འབར་བའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།


JSD002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོ་རྟ་ཁྱུང་འབར་བའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས།།


JSD002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དྲག་པོ་རྟ་ཁྱུང་གི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྤྲོས་པ་བསྡུས་ཏེ་བྱ་བར་འདོད་པས། སྦྱོར་བ་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དྲག་པོ་རྟ་ཁྱུང་འབར་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿས་སད་པ་ལ། ན་མཿ བདག་དང་མཐའ་ཡས་སེམས་ཅན་ཀུན༔ མཆོག་གསུམ་ངོ་བོ་བླ་མ་དང་༔ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་ལ༔ སྙིང་ནས་


JSD002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་སུ་འགྲོ། ཧོཿ དྲག་པོའི་དཀྱིལ་འཁོར་འདིར་ཞུགས་ཧོཿ ནས༔ ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིར༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ༔ ལན་གསུམ་གྱིས་སེམས་བསྐྱེད། ཧོ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔ ཕྱག་འཚལ་མཆོད་འབུལ་ཉེས་སྒྲིབ་བཤགསཿ


JSD002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་ཚོགས་ཀུན༔ བླ་མེད་ཆོས་དབྱིངས་ཆེན་པོར་བསྔོ༔ ཞེས་ཚོགས་བསགས་མཐར། ཧཱུྃ་བཾ་ཧོཿས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ནི། ཧྲཱིཿ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ མ་རྟོགས་འཁྲུལ་པའི་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོའི་གདངས༔ ནམ་མཁས་གར་ཁྱབ་པདྨ་འོདཿ༔ དུར་ཁྲོད་རོལ་པའི་གཞལ་མེད་ཁང་༔ རྣམ་པར་བྱང་་་བའི་ཆོས་རྣམས་རྫོགས༔ དེ་དབུས་པདྨ་ཉི་ཟླ་དང་༔ མ་རིག་ལས་གྱུར་རྟེན་འབྲེལ་གདོན༔ དུག་སྦྲལ་བཅུ་གཉིས་བསྣོལ་བའི་སྟེང་༔ རང་རིག་ཧྲཱིཿདམར་མོངས་གྱུར་ལས༔ འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོད༔ ཞལ་གདངས་མཆེ་གཙིགས་ཞབས་གཉིས་བགྲད༔ སྐུ་མདོག་དམར་པོ་གསང་ཕོད་མཐིང་༔


JSD002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཤམ་རུས་རྒྱན་ཐོད་ཕྲེང་བརྗིདཿ༔ ཐོད་སྐམ་དབུ་རྒྱན་རལ་པའི་གསེབ༔ རྟ་མགོ་ལྗང་ཞུར་ཁྱུང་གདོང་དམར༔ ཕྱག་གཡས་རྡོ་རྗེ་གཡོན་མེ་ཁྱུང་༔ བ་སྤུའི་བུ་ག་ཐམས་ཅད་ཀྱང་༔ ཁྱུང་གི་ཚ་ཚས་གཏམས་ཤིང་འཕྲོ༔ གནོད་བྱེད་སྡེ་བརྒྱད་ཐལ་བར་བརླག༔ ཡེ་ཤེས་མེ་དཔུང་ཀློང་ན་བརྗིདཿ༔ ཚོགས་བརྒྱད་ལས་གྱུར་མ་རིག་གདོན༔ ཀླུ་ཆེན་བརྒྱད་པོ་འདར་བཞིན་འདུད༔ གཙོ་བོའི་སྤྱི་མགྲིན་སྙིང་ག་རུ༔ དཔལ་སྐུ་དང་པདྨ་གསུང་༔ ཡང་དག་རྡོ་རྗེ་ཐོད་ཁྲག་འཛིན༔ སྐུ་གསུང་ཐུགས་ཀྱི་ཡི་གེས་མཚན༔ ཆོས་ཀྱི་ཕྱག་རྒྱའི་འོད་ཟེར་ལས༔ ཡེ་ཤེས་ཕྱག་རྒྱ་ཆེ༔ ལས་ཀྱི་ཕྱག་རྒྱ་བཞིས་དྲངས་ནས༔ དམ་ཚིག་ཕྱག་རྒྱར་དབྱེར་མེད་བསྟིམ༔ ཐུགས་ཀར་ཉི་དཀྱིལ་ཧཱུྃ་གི་མཐར༔ སྔགས་འམ་ལྷར་སྣང་


JSD002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་མགལ་མེ་བཞིན་དུ་འཁོར༔ འོད་ཟེར་མེ་སྟག་ལྟ་བུ་དང་༔ བྱུང་གི་ཚ་ཚས་ལོག་འདྲེན་བསྲེགསཿ༔ རྟ་སྐད་འཚེར་བས་སྟོང་གསུམ་གཡོ༔ སྣོད་བཅུད་སྦྱངས་ནས་རང་ལ་བསྟིམ༔ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངང་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཧྲཱིཿཧཱུྃ་ཁྲོ་ཕཊཿ ཅེས་བཟླས་པ་བྱ། རྗེས ། ཐུན་གྱི་མཐར། ཧོ༔ ཆུ་ལས་ཆུ་བུར་རྡོལ་བ་བཞིན༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་དབྱིངས་སུ་བཛྲ་མུ༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་༔ ཞེས་བསྡུ་སྡང་བྱ། ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ༔ བདག་སོགས་འདུས་པར་བཅས་པ་རྣམས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ ཅེས་བསྔོ་སྨོན་དང་། ཧཱུཾ སྒེག་དཔའ་འཇིགས་རུང་བླ་མ་དྲག་པོའི་སྐུ༔ དགོད་གཤེ་དྲག་


JSD002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་།ཞེས་ཉེར་མཁོ་ཁྱེར་བདེའི་སླད་དུ་བྱ་བྲལ་སངས་རྒྱས་རྡོ་རྗེས་གུ་རུའི་སྒྲུབ་གནས་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་སྦྱར་བ་ཛ་།ཤུལ་རྟ་མཆོག་རོལ་པའི་གསུང་༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་ཁྱུང་གི་ཐུགས༔ ལོག་འདྲེན་འདུལ་བའི་ལྷ་ཡི་བཀྲ་ཤིས་ཤོགཿ ཤེས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། པནྟུ། སརྦ་དཱ་མངྒ་ལཾ།།


JSD002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབླ་མ་དྲག་པོ་རྟ་ཁྱུང་འབར་བའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།next