Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
འཇིག་རྟེན་དབང་ཕྱུག་མཐོན་མཐིང་ཅོད་པན་འཆང་བ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་རྟེན་འང་འགག་པ་མེད་པའི་རོལ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousའཇིག་རྟེན་དབང་ཕྱུག་མཐོན་མཐིང་ཅོད་པན་འཆང་བ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་རྟེན་འང་འགག་པ་མེད་པའི་རོལ་མོ།next

འཇིག་རྟེན་དབང་ཕྱུག་མཐོན་མཐིང་ཅོད་པན་འཆང་བ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་རྟེན་འང་འགག་པ་མེད་པའི་རོལ་མོ།


JSD004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་མཐོན་མཐིང་ཅོད་པན་འཆང་བ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་རྟེན་འང་འགག་པ་མེད་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།


JSD004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །བརྒྱུད་གསུམ་རིག་འཛིན་བླ་མ་རྒྱ་མཚོ་དང་། །རབ་འབྱམས་ཞི་ཆགས་ཁྲོ་གར་ཡི་དམ་ལྷ། །གནས་གསུམ་དྷ་ཀི་རྡོ་རྗེའི་ཆོས་སྲུང་ཚོགས། །མ་ལུས་ཀུན་ནས་དེང་འདིར་གསན་ཅིང་དགོངས། །དཔལ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་ཅན། །གཟོད་ནས་སྐུ་བཞིའི་རྒྱལ་ཐབས་མངོན་བརྙེས་ཀྱང་། །བདག་ཅག་ཚུར་མཐོང་རྣམ་ཤེས་


JSD004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ངོ་ལ། །གཟུགས་སྐུ་མི་རྟག་སྒྱུ་མའི་ཚུལ་བསྟན་མོད། །བགྲང་ཡས་བསྐལ་པར་གོམས་པའི་ཐུགས་བསྐྱེད་འབྲས། །ཞི་བའི་དབྱིངས་སུ་གཞོལ་བ་ཇི་ལྟར་རིགས། །རྒྱ་ཆེན་སྨོན་ལམ་ཐུགས་རྗེའི་འོད་དཀར་ཅན། །ངོ་མཚར་སྤྲུལ་པའི་ཟླ་གཞོན་མྱུར་འཆར་གསོལ། །རྒྱལ་བསྟན་སྤྱི་དང་ཕྱག་རྫོགས་དབྱེར་མེད་པའི། །ངེས་དོན་སྒྲུབ་བརྒྱུད་བསྟན་


JSD004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པའི་པད་ཚལ་གཉེན། །མཁྱེན་བརྩེ་ནུས་པའི་ཚ་ཟེར་འབུམ་སྤྲོ་བའི། །སྤྲུལ་པའི་ཉིན་བྱེད་གསར་པ་འཆར་བར་གསོལ། །ཐུབ་བསྟན་གངས་རིར་སྤྲུལ་སྐུའི་སེང་ཆེན་ནི། །ཤེས་རབ་གསུམ་གྱི་ལུས་རྩལ་རབ་རྫོགས་ཤིང་།ྋ།མཁས་བཙུན་བཟང་པོའི་གཡུ་རལ་ངོམ་བཞིན་དུ། །འཆད་རྩོད་རྩོམ་པའི་རང་སྐད་སྒྲོགས་པར་གསོལ། །རྒྱལ་བསྟན་ལྔ་ཕྲག་ཐ་མའི་བྱ་མ་རྟ། །བཤད་སྒྲུབ་བསྟན་པ་སྣུམ་ཟད་མར་མེ་དང་། །མཚུངས་འདིར་དགོངས་ཏེ་འཛམ་གླིང་ཐ་གྲུ་ཆེར། །སླར་ཡང་སྤེལ་བའི་བྱེད་པོ་ཁྱེད་མིན་ནམ། །ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལུང་། །ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར། །འགྲོ་འདུལ་ཀརྨའི་ཕྲིན་ལས་རྫོགས་པ་མེད། །ཅེས་གསུངས་བསླུ་མེད་རྡོ་རྗེའི་ཐ་ཚིག་དགོངས། །ཀྱེ་མ་ད་ནི་སྣོད་བཅུད་


JSD004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྒུད་པས་བཅོམ། །ནག་ཕྱོགས་བདུད་རིགས་འབྱུང་པོས་བསྟན་ལ་འཚེ། །འདི་ལ་ཚར་གཅོད་རྗེས་འཛིན་མཐུ་རྩལ་བདག །སྤྲུལ་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་གསོལ། །དཀོན་མཆོག་རྩ་བ་གསུམ་གྱི་བདེན་སྟོབས་དང་། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་གདུང་ཤུགས་དྲག་པོས་གསོལ་བཏབ་འབྲས། །ཡོངས་འགྲུབ་དགེ་ལེགས་ས་གསུམ་ཁྱབ་གྱུར་ཅིག །ཅེས་༧རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེ་རིན་པོ་ཆེ་ཞིང་འདིར། སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་སྐྱེ་བོ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་མཛད་པ་ཐ་མའི་ཚུལ་བསྟན་ནས་ལྔ་བདོའི་འགྲོ་རྣམས་ལོང་བ་བཤེས་བྲལ་ཐང་སྟོང་དུ་ལུས་པ་ལྟ་བུར་གྱུར་སྐབས། ཡང་སྲིད་མྱུར་འབྱོན་གསོལ་འདེབས་སྨོན་ཚིག་ཤྭ་ལོ་ཀ་ཐེག་པ་རིམ་དགུའི་གྲངས་ལྡན་འདིའང་མགོན་པོ་གང་


JSD004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་ཀུ་སཱ་ལི་སངས་རྒྱས་རྡོ་རྗེས་རབ་ཚེས་ལྕགས་བྱ་ཟླ་བའི་དབང་ཕྱོགས་ཀྱི་བཟང་པོ་དང་པོ་ལ། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་དཔལ་འོག་མིན་ཀརྨའི་གདན་ས་ཆོས་གྲྭ་ཆེན་པོ་བཤད་སྒྲུབ་ཆོས་འཁོར་གླིང་གི་བླ་བྲང་དུ་སྦྱར་བའོ།།


previousའཇིག་རྟེན་དབང་ཕྱུག་མཐོན་མཐིང་ཅོད་པན་འཆང་བ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་རྟེན་འང་འགག་པ་མེད་པའི་རོལ་མོ།next