Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
  
 
  
  
 
 
 
 
  
རྗེ་བཙུན་སྒྲོལ་མའི་གཏེར་སྒྲུབ་ཡིད་བཞིན་དབང་གི་རྒྱལ་པོ། ཐུབ་བསྟན་ཉི་མ།
  


48 occurrences of གཙང་
[Clear Hits]

 
previousརྗེ་བཙུན་སྒྲོལ་མའི་གཏེར་སྒྲུབ་ཡིད་བཞིན་དབང་གི་རྒྱལ་པོ།ཐུབ་བསྟན་ཉི་མ།next

རྗེ་བཙུན་སྒྲོལ་མའི་གཏེར་སྒྲུབ་ཡིད་བཞིན་དབང་གི་རྒྱལ་པོ།
ཐུབ་བསྟན་ཉི་མ།

དྷཱིཿ ཟབ་ཆོས་གསང་བ་སྙན་རྒྱུད་ལསཿ རྗེ་བཙུན་སྒྲོལ་མའི་གཏེར་སྒྲུབ་ཡིད་བཞིན་དབང་གི་རྒྱལ་པོ་བཞུགསཿ ན་མོ་ཨཱརྱཱ་ཏཱ་རེ་ཡེ༔ འཁོར་འདུས་མཉམ་རྫོགས་སྟོང་ཆེན་རྒྱལ་ཡུམ་མཆོགཿའདུ་འབྲལ་མེད་པར་རྟོགས་པའི་ཕྱག་འཚལ་ཏེཿམ་རྟོག་འཕྲུལ་སྣང་འཁྱམ་པའི་མ་རྒན་འགྲོཿམཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཐབས་འདི་བསྟནཿརྒྱུད་མཐུན་གཏེར་བུམ་ཉེས་བྲལ་བཀྲ་ཤིས་དཔལཿབརྒྱུད་ལྡན་བྱིན་རྫས་ཕྱི་ནང་གསང་བ་ཡིཿམ་ཚང་མེད་པའི་རྫས་མཆོག་འདུ་བྱས་ལཿ བདག་སྐྱེད་བསྙེན་སྐབས་གཏེར་བུམ་བྱིར་བུར་བཀང་༔ བགེགས་བསྐྲད་ཁྲུས་བསང་གཉིས་སྣང་རྣམ་རྟོག་བསལཿའཁོར་འདུས་གཉིས་མེད་དག་མཉམ་དབྱེར་མེད་ངངཿམདུན་སྐྱེད་གཏེར་སྒྲུབ་དཀྱིལ་འཁོར་བསྐྱེད་ཆོག་དངོསཿ ཨཿ འཁོར་འདས་ཀ་དག་སྤྲོས་བྲལ་དེ་བཞིན་ཉིདཿ ཡེ་གདེངས་འགགས་མེད་ཐུགས་རྗེ་ཀུན་ཏུ་སྣང་༔ གཉིས་མེད་ལྷུན་འགྲུབ་རྒྱུ་ཡིག་ཏཱྃཿལྗང་ལསཿ འོད་འཕྲོས་སྣོད་བཅུད་དག་པ་བདེ་ཆེན་ཞིངཿ རང་བྱུང་ཡེ་ཤེས་ལྔ་ལྡན་བུམ་དཀྱིལ་ནིཿ སྒོ་གྲུ་རྟ་བབ༴ སོགས་ནས་རང་གཞུང་བསྐྱེད་རྫོགས་ཟབ་མོའི་གནད་དང་ལྡན་པའི་ཁོག་སྲིངས་ལ། རྩ་བསྙེན་བརྒྱ་སྟོང་སྐབས་དང་བསྟུན་ནས་གཏེར་སྒྲུབ་དངོས་ཀྱི་སྒྲུབ་འཛབ་ནིཿ བདག་སྐྱེད་སྔགས་ཕྲེང་འོད་འཕྲོས་མདུན་བསྐྱེད་བསྐུལཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་བརྩེས་བསྐུལ་བཞེང་ནསཿ སྔགས་ཕྲེང་རིགས་མདོག་གཡོན་བསྐོར་འཕྲོ་འདུ་ལསཿ འཁོར་འདུས་དྭངས་བཅུད་ཕྲིན་ལས་རབ་འབྱམས་ཀུནཿ བདག་ནས་ཡོ་བྱད་གཡང་རྟེན་གཉིས་མེད་གྱུརཿ འཛད་མེད་ནམ་མཁའ་མཛོད་ལ་དབང་བསྒྱུར་བསམཿ ཨོཾ་ཏཱ་རེ་སརྦ་ཌཱཀྐི་ནཱི་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་བརྙེན་བདུན་ཁྲི་བཟླས་གྱུར་ནཿམཆོག་ཐུན་དངོས་གྲུབ་ཐོབ་པར་ངེསཿ སླུ་མེད་པདྨའི་གསང་ཚིག་ཡིནཿཕྱི་རབ་སྐལ་ལྡན་ནོར་མཆོག་ཟུངཿ ས་མ་ཡཿ དེ་ནས་གཡང་འབོད་རྒྱས་བསྡུས་མཐར་རྟེན་སྙིང་བརྗོད་ལཿ ཏཱྃཿ རྒྱལ་ཡུམ་འཕགས་མའི་ཐུགས་རྗེ་ནས་སྟོབས་ཀྱིཿ དེང་འདིར་ལེགས་ཚོགས་འཁོར་འདས་ཕྱྭ་གཡང་བསྡུསཿ དགོས་འདོད་ཀུན་འབྱུང་བུམ་གཏེར་དབྱེར་མེད་གྱུརཿ བསྟན་འགྲོའི་དཔལ་ཡོན་སྐྲུན་པའི་གཏེར་འབྱུང་བསམཿ སྒྲུབ་བསྙེན་དང་རྟེན་སྙིང་བརྗོད་ལ་མེ་ཏོག་གཡང་རྟེན་ལ་འཐོར་ནས་བརྟན་པར་བྱས་ལཿམཐར་གཡང་གཏད་ནིཿབཀྲ་ཤིས་པའི་གདན་དཀར་སྟེང་དུ་སྦྱིན་པའི་བདག་པོ་འཁོད་དེ་ཕོ་ལ་མདའ་དར་དང་མོ་ལ་གཡང་རྟེན་གཡང་ཕོར་ལག་ཏུ་གཏད་ལཿ ཀྱེཿ དེ་རིང་བཀྲ་ཤིས་གཟའ་སྐར་ཕུན་ཚོགས་འདིརཿ རྒྱལ་ཡུམ་འཕགས་མའི་མཁྱེན་བརྩེ་ནུས་བྱིན་གཡང་༔ འཁོར་འདས་དྭངས་བཅུད་གཉིས་མེད་རབ་བསྡུས་པའིཿ དངོས་གྲུབ་ཀུན་འབྱུང་བཅུད་གཡང་བུམ་བཟང་གཏེརཿསྦྱིན་བདག་ཁྱེད་ལ་བསོད་ནམས་སྐལ་བར་གཏདཿ སྐྱེ་བ་འདི་ནས་ཚེ་རབ་ཕྲེང་བ་ཀུནཿ རྗེ་བཙུན་འཕགས་མའིཐུགས་རྗེས་རྗེས་བཟུང་ནསཿ འཇིག་རྟེན་མི་ནོར་སྲིད་ཀྱི་དཔལ་ཡོན་རྒྱསཿ ཆོས་ནོར་ངེས་འབྱུང་ཚུལ་ལྡན་དད་བརྩོན་དང་༔ རྒྱལ་སྲས་གཞན་ཕན་སྤྱོད་པའི་ཁུར་ཁྱེར་ནསཿབསྟན་དང་འགྲོ་བའི་དོན་ཆེན་བརྩོན་པ་ལཿ རྗེས་བཙུན་འཕགས་མ་ཉིད་དང་མཚུངས་པར་ཤོགཿ ལན་གསུམ་བརྗོདཿབཀྲ་ཤིས་སོགས་ཀྱི་མཐའ་རྒྱན་པར་བྱཿརྒྱལ་ཡུམ་འཕགས་མའི་གཏེར་སྒྲུབ་འདིཿསྔོན་ཚེ་སློབ་དཔོན་པད་འབྱུང་གིཿ བསམ་ཡས་གཡས་ཞལ་བར་ཁང་ནསཿ རྗེ་འབང་གྲོགས་ལ་གསང་ཆེན་གཏདཿ དེ་ཡི་བྱིན་མཐུས་ད་ལྟ་ཡང་༔ སྔོན་སྨོན་གྲོགས་ཀྱི་གསུང་བསྐུལ་བཞིནཿརིག་སྲས་ཀློང་ཡང་རྡོ་རྗེ་འམཿཕྱག་རྡོར་དངོས་སྣང་དགྲ་འདུལ་རྩལཿ རྗེ་ཡི་ཟབ་ཆོས་གསང་འཕྲུལ་ལསཿསྒྲུབ་ཐབས་བདུད་རྩིའི་ཁ་བསྐོང་དུཿ ཐུབ་བསྟན་ཉི་མས་ཤར་མར་བྲིསཿ བསྟན་འགྲོའི་དོན་དུ་འགྱུར་བར་སྨོནཿཞེས་སྔོན་སྨོན་ལས་ཀྱི་འབྲེལ་བའི་སྤུན་ཀར་རིག་དང་ཆོས་ཀྱི་རྡོ་རྗེ་ཟུང་ལ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་གནམ་ལོ་གསར་ཚེས་ལ་སྨྲས་བཞིན་ཆོས་རྡོར་གྱིས་ཡི་གེར་བཀོད་པ་དགེ་ལེགས་འཕེལཿ


previousརྗེ་བཙུན་སྒྲོལ་མའི་གཏེར་སྒྲུབ་ཡིད་བཞིན་དབང་གི་རྒྱལ་པོ།ཐུབ་བསྟན་ཉི་མ།next