Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན།next

འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན།

༄༅། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཀྲྀཥྞི་ཨུཥྞཱི་ཥ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས། དམ་པ་ཆོས་ཀྱི་ཕོ་བྲང་ན། དགེ་སློང་གི་དགེ་འདུན་ཆེན་པོས་སྟོང་ཉིས་བརྒྱ་ལྔ་བཅུ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང༌། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་དང༌། ཚངས་པ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་གཞན་གྱིས་མི་ཚུགས་པའི་རིག་སྔགས་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོན་བོས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ལོགས་ཤིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རྣམས་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། དེ་རྣམས་ལ་བསྲུང་བ་དང༌། བསྐྱབ་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀུན་དགའ་བོ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་ངོ༌། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་ལྡོག་པ་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ལ་ཕྱག་འཚལ་ལོ། །གཞན་གྱི་རིག་སྔགས་གཅོད་པ་རྣམས་ལ་ཕྱག་འཚལ་ལོ། །འཁོར་ལོས་སྒྱུར་བ་རྣམས་ལ་ཕྱག་འཚལ་ལོ། །གཞན་གྱི་རིག་སྔགས་ཀྱི་འཇིགས་པ་དང༌། འཇིགས་པ་བརྒྱད་དང༌། གཞན་གྱིས་དམོད་པའི་འཇིགས་པ་དང༌། མི་ཡི་འཇིགས་པ་དང༌། མི་མ་ཡིན་པའི་འཇིགས་པ་དང༌། གདོན་གྱི་འཇིགས་པ་དང༌། དགྲ་ཡི་འཇིགས་པ་དང༌། ནད་ཆེན་པོ་བརྒྱད་ཀྱི་འཇིགས་པ་དང༌། མཁའ་འགྲོ་མའི་འཇིགས་པ་དང༌། ནད་དང་འཇིགས་པ་དང༌། མ་རུངས་པ་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ། །རྡོ་རྗེ་གཏུམ་མོ་སྟོབས་ཆེན་མོ། །རིག་སྔགས་ཆེན་མོ་གཟི་བརྗིད་ཅན། །དྲག་ཤུལ་ཆེན་མོ་འབར་བ་མ། །རྡོ་རྗེ་མཁའ་འགྲོ་དྲག་མོ་ཆེ། །འབར་བ་ཅན་དང་གཟི་བརྗིད་ཅན། །མཱ་མ་ཀཱི་དང་འོད་ཟེར་ཅན། །མཆེ་བ་གཙིགས་དང་རྡོ་རྗེ་འཛིན། །རིག་སྔགས་འཛིན་དང་དྲག་མོ་ཆེ། །རིག་པའི་ལྷ་མོ་སྟོབས་མོ་ཆེ། །ལྷ་མོ་ཆེན་མོ་ནག་མོ་དང༌། །རལ་གཅིག་མ་དང་སྒྲོལ་མ་དང༌། །རིག་སྔགས་འཛིན་པ་ཐམས་ཅད་དང༌། །རིག་པའི་ལྷ་མོ་ཐམས་ཅད་དང༌། གཞན་གྱི་རིག་སྔགས་ཀྱིས་གནོད་པ་དང༌། རིམས་ནད་ཐམས་ཅད་དང༌། མ་རུངས་པ་ཐམས་ཅད་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང༌། མཛེ་དང་ཕོལ་མིག་དང༌། དུག་དང་དྲང་སྲོང་གི་གནོད་པ་དང༌། གཟའ་དང་རྒྱུ་སྐར་རྣམས་ཀྱི་འཇིགས་པ་ཐམས་ཅད་ལས་བདག་དང་རྒྱུ་སྦྱོར་བ་ལ་བསྲུང་དུ་གསོལ། །ཨོཾ་ཀྲྀཥྞ་ཨུཥྞཱི་ཥ་ཨ་ན་ཨ་བ་ལོ་ཀི་ཏ། སརྦ་བྷ་དྷཱ་ཡ། ཚིནྡྷ་ཚིནྡྷ། སརྦ་ཛྭ་ར་མ་ནཱ་ཡ། ནཱ་ས་ཡ་ནཱ་ས་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། །ཨོཾ་ཨ་ཀ་ལ་མིར་ཏུ་ནི། བྷ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ནི་ཨུཥྞཱི་ཥ་ཧཱུཾ་ཕཊ། ཨོཾ་སརྦ་ཧསྟི་ཨུཥྞཱི་ཥ་བ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་གྲ་ཧ་ཎི་ཧཱུཾ་ཕཊ། ཨོཾ་སརྦ་ནཀྵ་ཎི་ཧཱུཾ་ཕཊ། ཨོ་སརྦ་ཀུ་སོ་པ་ཎི་ཧཱུཾ་ཕཊ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན། དམ་པ་ཆོས་ཀྱི་ཕོ་བྲང་ལ་མངའ་མཛད་མ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དབང་དུ་སྡུད་མ། ཞལ་བཅུ་གཅིག་མ། ཕྱག་བརྒྱ་རྩ་བརྒྱད་མངའ་མ། ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་མ། དྲག་ཤུལ་ཆེན་མོ་ཅན། གཞན་གྱི་རིག་སྔགས་ཐམས་ཅད་ཟློག་པར་མཛད་མ་ཁྱོད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཨ་པ་རི་ཙི་ཏ། ས་ཧ་ར་ས་སི་རེ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ས་ཧ་ར་སརྦ་ཛེ་མ་ཧཱ་ཙཀྲ། ཏྲ་ས་ཡ་ཏྲ་ས་ཡ། ཀཾ་པ་ཡ། ཀཾ་པ་ཡ། པ་ར་བིདྡྷཱ་ཡ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ལ་ཕྱག་འཚལ་ལོ། །ལྷ་མ་ཡིན་གྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །དྲག་ཤུལ་ཅན་གྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། བདུད་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། ཚངས་པ་དང༌། ཁྱབ་འཇུག་དང༌། མ་ཧཱ་དེ་བས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བ་བོ། །དབང་ཕྱུག་ཆེན་པོ་དང༌། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །ཀླུའི་རྒྱལ་པོ་དང་ཀླུ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །སྲིན་པོ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །གནོད་སྦྱིན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །འབྱུང་པོ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །ཡི་དྭགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །རིག་སྔགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །ལྷ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ། །ཕུར་བུས་གདབ་བོ། །ཨོཾ་ཨུཥྞཱི་ཥ་སརྦ་ཏ་ཐ་ག་ཏ་ཨ་དྷི་ཥྛ་ན་ཨ་དྷིཥྛཱི་ཏེ་ཧཱུཾ་ཕཊ། ཨོཾ་ས་མན་ཏྲ་པྲ་བྷན་ཛ་ན་ཛ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཙཀྲ་ག་ན་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་སྨ་ར་སེ་ན་པྲ་བྷན་ཛ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཤ་ཏྲུཾ་བྷ་ཨུཥྞཱི་ཥ་པ་ར་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཏི་ཧ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་སང་ཧ་རེ་ཀྵ་ནི་ཧཱུཾ་ཕཊ། ཨོཾ་བ་ལ་བ་ཏེ་ཧཱུཾ་ཕཊ། ཨོཾ་ཏེ་ཛོ་བ་ཏི་ཧཱུཾ་ཕཊ། ཨོཾ་ཛ་ཏི་སང་ཁ་རེ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷཱ་ར་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཛ་ལི་ཏེ་ཛ་ས་ན་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཛ་ཡེ་བི་ཛ་ཡེ་མ་ཧཱ་ཙཀྲ་ཐ་རེ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་ཨ་པ་ར་ཙི་ཏ་ཧཱུཾ་ཕཊ། ཛ་ལི་ཏི་པྲི་ཁ་རེ་ཧཱུཾ་ཕཊ། ཛཱ་ལ་ཛཱ་ལ། ཁནྡ་ཁནྡ། སོ་མེ་སོ་མེ། ཛནྟེ་ཛནྟེ། པ་རི་བ་དྷ་ཡ། ན་ས་ནི་ན་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་སུ་བྷ་ཡ། བིརྻ་ཨུཥྞཱི་ཥ་པ་ར་ནི་ཧཱུཾ་ཕཊ། ཨོ་སརྦ་མ་ཧེ་ས་ར་བི་ནཱ་ཡ་ག་ཀུ་མཱ་རཱ་ཡ། བུ་ཧ་ར་ཎི་ཧཱུཾ་ཕཊ། དྷརྨ་རུ་ཏྲ་དྷ་རཱ་ཡ་པ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་ཌཱ་ཀི་ནི་བི་ཀྲོ་དྷ་ཎི་ཧཱུཾ་ཕཊ། ཨོ་སརྦ་རཀྵ་སརྦ་བྷ་ཡ་ཨུཥྞཱི་ཥ་པ་ར་ཎི་ཧཱུཾ་ཕཊ། ཨོཾ་བྷི་ད་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཡཀྵ་སརྦ་བྷ་ཡ་ཨུཥྞཱི་ཥ་པ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་བཻ་ཏེ་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཏྲ་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་བྷ་བ་ཏྲ་ཧ་ར་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ག་ནི་དྷེ་བ་བྷ་ཡ་ཧཱུཾ་ཕཊ། པྲ་བྷན་ཛ་ནི་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་མ་ཧཱ་ཀྲོ་དྷ་ནི་ཧཱུཾ་ཕཊ། ཨོཾ་སརྦ་མ་ཏྲི་ག་ནི་བི་དྷ་ན་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཏྲེ་ལོ་ཀྱ་པྲ་མ་ཐ་ནི་ཧཱུཾ་ཕཊ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་དམ་པ་ཆོས་ཀྱི་ཕོ་བྲང་ལ་མངའ་མཛད་མ། གཞན་གྱི་རིག་སྔགས་ཀྱིས་གནོད་པས་ན་བ་དང༌། རིམས་ཀྱིས་ན་བ་དང༌། མགོ་བོ་ན་བ་དང༌། ཡན་ལག་ན་བ་དང༌། ཉིང་ལག་ན་བ་དང༌། ལྷོག་པས་ན་བ་དང༌། མཛེས་ན་བ་དང༌། རྒྱུ་ནད་ཀྱིས་ནད་དང༌། ལྟོ་ན་བ་དང༌། རྐེད་པ་ན་བ་དང༌། ཆུ་སོ་ན་བ་དང༌། བརླ་ན་བ་དང༌། རྗེ་ངར་ན་བ་དང༌། མིག་ནད་ཀྱིས་ན་བ་དང༌། མི་མ་ཡིན་པའི་ནད་ཀྱིས་ན་བ་དང༌། གདོན་གྱིས་ན་བ་དང༌། མཁའ་འགྲོ་མའི་ནད་དང༌། འབྱུང་པོའི་ནད་ཐམས་ཅད་ལས་བདག་ལ་བསྲུང་དུ་གསོལ། ཏདྱ་ཐཱ། ཨོཾ་ཨུ་པི་ཤ་ཨ་པ་ར་ཙི་ཏ། མ་ཧཱ་ཀྲོ་དྷ་མུ་ར་ཏེ། ཨ་ཙ་ལེ་ཨ་ཙ་ལེ། ཁ་ས་མེ་ཁ་ས་མེ། བེ་ར་བེ་ར། བཛྲ་དྷ་ར་ཎི་ཧཱུཾ་ཕཊ། པ་ར་བིདྱཱ་མཎི་ཙ་ར་ཎ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་ཆེན་མོ་འདི་ནི་གྲོ་གའམ་རས་སམ། ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་དུ་བཏགས་ན། ཇི་སྲིད་འཚོའི་བར་དུ་དེ་ལ་རྒྱལ་པོའི་འཇིགས་པས་མི་ཚུགས། དགྲའི་འཇིགས་པས་མི་ཚུགས། མེའི་འཇིགས་པས་མི་ཚུགས། ཆུའི་འཇིགས་པས་མི་ཚུགས། ནད་ཆེན་པོ་བརྒྱད་ཀྱི་འཇིགས་པས་མི་ཚུགས། གཞན་གྱི་རིག་སྔགས་ཀྱི་དམོད་པས་མི་ཚུགས། བཙན་གྱི་འཇིགས་པས་མི་ཚུགས། གཅན་གཟན་གྱི་འཇིགས་པས་མི་ཚུགས། དུག་གི་འཇིགས་པས་མི་ཚུགས། སྦྲུལ་གྱི་འཇིགས་པས་མི་ཚུགས། འབྱུང་པོའི་འཇིགས་པས་མི་ཚུགས། གདོན་ཐམས་ཅད་ཀྱི་འཇིགས་པས་མི་ཚུགས། གཞན་གྱི་རིག་སྔགས་ཐམས་ཅད་དང༌། གནོད་བྱེད་ཐམས་ཅད་ཀྱིས་མི་ཚུགས་ཤིང་གནོད་པར་མི་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཨུཥྞཱི་ཥ་པི་ལོ་ཀི་ཏེ་མོ་འུ་ཏེ། བི་མ་ལེ་ཨུཥྞཱི་ཥ་པ་རི་ཤུདྡྷེ། བཛྲ་བཛྲ་བྷ་ཛྭ་ལ་ག་ར་ལེ། མ་ཧཱ་བེ་ར་དུ་དྷ་ར་ཎི། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་བི་མ་ལེ་སརྦ་ཡ་ན་པ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སུ་རུ་སུ་རུ། མུ་རུ་མུ་རུཨུཥྞཱི་ཥ་ཧཱུཾ་ཧཱུྃ་ཕཊ་ཕཊ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་གཟུང་བའམ། ཀློག་པའམ། ཡོངས་སུ་འཛིན་པའམ། གཞན་ལ་རྒྱ་ཆེར་སྟོན་པའམ། དེ་དག་ཐམས་ཅད་ལ་གཞན་གྱི་རིག་སྔགས་ཐམས་ཅད་ཀྱིས་མི་ཚུགས་སོ། འབྱུང་པོའི་གདོན་ཐམས་ཅད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་འཇིགས་པས་མི་ཚུགས། གདོན་ཐམས་ཅད་དང་གེགས་དང་འཇིགས་པ་ཐམས་ཅད་ཀྱིས་མི་ཚུགས། ལྷ་ཐམས་ཅད་དང༌། གདོན་གེགས་དང༌། ལོག་འདྲེན་ཐམས་ཅད་ཀྱིས་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་འབུམ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་དེ་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་འགྱུར་རོ། །དེ་ནས་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ལོགས་ཤིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་སླད་དུ་གཟུངས་ཆེན་མོ་འདི་གསུངས་པ་ལེགས་སོ་ལེགས་སོ། །རྗེས་སུ་ཡི་རང་ངོ་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་གཟུངས་ཆེན་པོ་འདི་བཀའ་བསྩལ་པ་དང༌། ལྷ་ཐམས་ཅད་དང༌། དགེ་སློང་ཐམས་ཅད་དང༌། ལྷ་དང༌། ཀླུ་དང་ལྷ་མ་ཡིན་དང༌། མི་དང༌། གནོད་སྦྱིན་ཐམས་ཅད་དང༌། ནམ་མཁའ་ལྡིང་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།


previousའཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན།next