རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད།
རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་ཅན་དེ་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས་འབར་བའི་ཁྲོ་བོ་ཤིན་ཏུ་མི་བཟད་པ་སྐུའི་དབྱིངས་སུ་གྱུར་པར་བཞེངས་ཏེ་སོགས་གླེང་གཞིའི་ལེའུ་དང་པོ། གདབ་པའི་ལེའུ་བརྒྱད་པ། འཕྲིན་ལས་རྣམ་བཞིའི་ཕུར་པ་དགུ་པ། སྡུད་པ་པོ་ལ་གཏད་པའི་ལེའུ་བཅོ་བརྒྱད་པའོ། །ཕུར་པ་བཅུ་གཉིས་༼དར༽འབྱུང་བའི་རྒྱུད་ཆུང་ངུ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲོ་བོ་འཇིགས་བྱེད་ཀྱི་རྒྱལ་པོ་བཛྲ་ཀཱི་ལ་ཡ་དྲག་པོ་མཐིང་ནག་འབར་བའི་ནང་ན་བཞུགས་ནས་གདུག་པ་ཅན་ཐམས་ཅད་འདུལ་བ་དང་དྲེགས་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར་རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོགས་ཕུར་བུ་གནས་བསྟན་པའི་ལེའུ་དང་པོ། ཕུར་པ་བྱིན་གྱིས་བརླབ་པ་དྲུག་པ། ཡོན་ཏན་ཅི་ཐོབ་བསྟན་པའི་ལེའུ་བཅུ་གཉིས་པའོ། །རྡོ་རྗེ་ཕུར་པ་བཅུ་གཉིས་ཀྱི་རྒྱུ་དང་མ་༼ཁྲ༽ཀཱི་ལ་བཅུ་གཉིས་ཀྱི་ཏནྟྲ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་འཇིགས་བྱེད་བཛྲ་ཀཱི་ལ་ཡ་དང་ཀུན་གཞི་ཀུན་ཏུ་བཟང་མོ་བཙུན་མོ་ཡུམ་གྱི་བྷ་ག་ལ་ཡིད་ཀུན་ཏུ་བཟང་པོ་ཡེ་ཤེས་འཁོར་ལོ་དང་བཅས་པ་རྣམས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་གནས་པ་སོགས་གླེང་གཞིའི་ལེའུ་དང་པོ། དབང་
བསྐུར་དམ་པ་དྲུག་པ། འབྲས་བུ་མཐར་ཐུག་པ་ཡོངས་སུ་གཏད་པ་བཅུ་གཉིས་པའོ། །བི་དྱོ་ཏྟཱ་མ་ལ་འབུམ་སྡེ་ལས་བཛྲ་ཀཱི་ལ་ཡ་སྤྲིན་ད་ར་ཏནྟ་ཕྱི་མ་མ་ཚང་བ་ཁ་སྐོང་བའི་ཏནྟ་ཨྱོན་གྱི་སློབ་དཔོན་རྡོ་རྗེ་ཐོད་འཕྲེང་རྩལ་དང་བོད་ཀྱི་ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུརཱུ་ཛ་དང་བྲང་ཏི་ཛ་ཡ་རཀྵི་ཏ་ས་བསམ་ཡས་མཆིམས་ཕུ་ཡང་རྫོང་དུ་བསྒྱུར་བའོ། །དེ་ལྟར་ལེགས་པར་ཐོབ་པའི་རྟགས་མེད་ཡོངས་རྫོགས་དར་གྱི་རྟགས་ཅན་དང་བཅས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཏནྟྲའི་སྐབས་ཀྱི་བཅུ་གཉིས་འབྱུང་པའི་སྒོས་བརྒྱུད་ཀྱང་འདི་ག་ལ་གསུང་སྤྲུལ་ནས་རྗེ་ཁྲ་ཚང་པར་བརྒྱུད་པའོ། །རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ལྷུན་གྲུབ་རིག་འཛིན། ཚེ་དབང་རིག་འཛིན། རྣམ་སྨིན་རིག་འཛིན། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛ། ཨྱོན་སངས་རྒྱས་གཉིས་པ། ཇོ་མོ་འཚོ་རྒྱལ། ལྕེ་ཀུ་ཀུ་རཱ་ཛ། མཁར་ཆེན་དཔལ་གྱི་དབང་ཕྱུག །ལ་བྱི་ཡེ་ཤེས་བརྩེགས། མི་ནུབ་རྒྱལ་བའི་སྙིང་པོ། རྗེ་བཙུན་དཔལ་གྱི་སྒྲོན་མ། འདི་དམ་འབྲེའི་བར་དར་སྡིངས་པའི་གསན་ཡིག་ན་སྣང་། ཟ་རིང་ཀླུའི་རྒྱལ་མཚན། ངམ་འབྲེ་གསལ་ལེ། ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཤེས་རབ་ཚུལ་ཁྲིམས། སྟོང་ཚབ་འཕགས་པ་རྒྱ་མཚོ། རྒྱ་སྟོན་སངས་རྒྱས། ངབ་ཐུབ་ཤེས་རབ་རྒྱལ་མཚན། འགོས་སྟོན་རྡོ་རྗེ་རྒྱལ་མཚན། ཉང་དར་མ་སེང་གེ །གྲུ་ཡོན་ཏན་རྡོ་རྗེ། རམ་སྟོན་གྲུབ་པ་རྡོ་རྗེ། འགོས་རྩེ་ལུང་པ་དངོས་གྲུབ་རྒྱལ་མཚན། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། སྔོ་ཐེལ་བ་རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས་པ། གྲ་འཇམ་དབྱངས་བཤེས་གཉེན།
ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། ཕྱམ་དགོན་པ་བསམ་གཏན་བཟང་པོ། རིག་འཛིན་རཏྣ་གླིང་པ། ཐུགས་སྲས་སྤྲུལ་སྐུ་མཆེད་གཉིས། རྗེ་ངག་དབང་ནོར་བུ། རིག་འཛིན་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། གར་དབང་ཚུལ་ཁྲིམས་རྒྱལ་མཚན། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་དར་གྱི་རྟགས་ཅན་གྱི་བརྒྱུད་ལུགས་གཅིག་ནི། ནོར་བུ་དབང་རྒྱལ་ནས། བྱ་བཏང་ནོར་བུ་ཆོས་བརྟན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། དེ་སྲས་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་སློབ་དཔོན་ཆེན་པོ་ནས། བི་མཱ་ལ་མི་ཏྲ། བལ་པོ་ཤྲཱི་ལ་མཉྫུ། བྲང་ཏི་ཛ་ཡ་རཀྵི་ཏ། ཛྙཱ་ན་ཀུ་མཱ་ར། ལྕེ་ཀུ་ཀུ་རཱ་ཛ། ཁྲི་སྲོང་ལྡེ་བཙན། ལྕམ་མཆོད་གནས་མ། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་གྱི་སེང་གེ །མཆིམས་ཆེན་ཤཱཀྱ་པྲ་བྷ། མཁར་ཆེན་འཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །ལ་བྱི་ཡེ་ཤེས་བརྩེགས། མི་ནུབ་རྒྱལ་བའི་སྙིང་པོ། ལོ་དཔལ་གྱི་བློ་གྲོས། ངམ་འབྲེ་ཀླུའི་རྒྱལ་མཚན། ངམ་འབྲེལ་ལེ་དབང་ཕྱུག །ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཤེས་རབ་ཚུལ་ཁྲིམས་མན་གོང་ལྟར་རོ། །ཡང་ན་ཇོ་མོ་འཚོ་རྒྱལ་ནས། ཨཱ་ཙཪྻ་ས་ལེ། ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཤེས་རབ་ཚུལ་ཁྲིམས། རྨ་སྒོམ་ཤཱཀྱ་ཚུལ་ཁྲིམས། གསུང་སྤྲུལ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་འདི་ཆད་ཀྱང་དར་སྡིངས་པའི་གསན་ཡིག་ན་སྣང་ངོ་། །དར་མ་ཤཱཀྱ། ཁྱུང་པོ་ཚལ་པོ། མཚམས་ཕུག་པ། གུ་རུ་བ་དགྲ་བཅོམ། གུ་རུབ་ཡང་དག །བྷ་སྟོན་ལྷ་འབར། འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་
མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་འདྲ། ཕུར་པ་པདྨ་རྒྱལ་པོ་ལུགས་ཀྱི་བརྒྱུད་པ་ནི། དཔལ་ཨོ་རྒྱནཆེན་པོས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་གྱི་སེང་གེ །མཆིམས་ཤཱཀྱ་པྲ་བྷ་གསུམ་ལ་བཤད། དེའི་ནང་ནས་སྣ་ནམ་གྱིས། ལ་བྱིད་ཡེ་ཤེས་བརྩེགས། སྙི་བན་སེ་བ་དཔལ། རྩེ་བན་རྒྱལ་བ་བཙན་གསུམ་ལ་བཤད། དེའི་ནང་ནས་ལ་བྱིད་ཀྱིས། ཅོག་རོ། ལྷ་ལུང་དཔལ་རྡོར། སྲས་མོ་ཞང་དཔལ། དཔལ་གྱི་མཆོད་གནས་མ། སྟོང་འདུས་དཔལ་གྱི་ལྷུན་པོ། རྡོ་རྗེ་ལྷུན་པོ། ཡེ་ཤེས་ལྷུན་པོ་སྟེ་བདུན་ལ་བཤད། བདུན་གས་ངབ་ཐུང་བྱང་ཆུབ་རྒྱལ་མཚན། དེ་ནས་བདུད་རྩི་འབར། བླ་ཆེན་བྱང་ཆུབ་རྒྱལ་མཚན། རྒྱ་དབང་ཕྱུག་འཕགས། རྒྱ་ཆོས་ཀྱི་གཟི་བརྗིད། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཉིས་འགོས་དངོས་གྲུབ་མགོན་མན་འདྲ། རྡོ་རྗེ་ཕུར་པ་སྣ་ནམ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ནས། སྦ་སྟོན་ལྷ་འབར། འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་འདྲ། ཕུར་པ་ལྕགས་ལུགས་སམ་སོ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ནས། ལྕམ་དཔལ་གྱི་མཆོད་གནས། སོ་ཡེ་ཤེས་དབང་ཕྱུག །སྲས་ཀལྤོ། དབང་ཕྱུག་གཙུག་ཏོར། སོ་རྒྱལ་པོ། སོ་རཱ་ཛ་འབར། སོ་ཆོས་སེང་། སོ་དར་མ་སྙིང་པོ། སོ་དར་མ་སེང་གེ །སློབ་དཔོན་ཨ་སེང་། དར་མ་བརྩོན་འགྲུས། སྲས་གཟི་བརྗིད། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་འདྲ། རྡོ་རྗེ་ཕུར་པ་སྟོད་ལུགས་ཀྱི་བརྒྱུད་པ་ནི། མཁར་ཆེན་བཟའ་ནས། མཁར་ཆེན་དཔལ་གྱི་དབང་
ཕྱུག །ལ་བྱིད་ཡེ་ཤེས་བརྩེགས། མི་ནུབ་རྒྱལ་བའི་སྙིང་པོ། ལོ་དཔལ་གྱི་བློ་གྲོས། ལྕེ་སྟོན་བཟང་པོ། ལྕེ་མོ་དཔལ་སྒྲོན། ངམ་འབྲེལ་ཀླུ་རྒྱལ་མཚན། ངམ་འབྲེ་སྲས་འཚོ། ལང་ལབ་བྱང་ཆུབ་རྡོ་རྗེ། དེས་སྣ་ནམ་ཤེས་རབ་ཚུལ་ཁྲིམས་དང་ཉང་དབང་ཕྱུག་ཤེས་རབ་ལ། སྣ་ནམ་གྱི་རྒྱ་སྟོན་སངས་རྒྱས། དེ་ནས་རྒྱ་ཐུང་ཤེས་རབ་རྒྱལ་མཚན། དགེ་བཤེས་སྨན་སྟོན། ཉང་དར་མ་ཡེ་ཤེས། རྒྱ་སྟོན་ཡོན་ཏན། ར་སྟོན་གྲུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་འདྲ། ཁྲའི་རྟགས་ཡོད་པའི་བརྒྱུད་པ་ནི། གསུང་སྤྲུལ་ཡན་གོང་མ་ལྟར་ལ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ཡན་གོང་དང་འདྲ་བ་ལ། དེ་ནས་སྤྲང་ཕུར་བུ་མགོ །ཉང་ནག་བེར་སྔོན་ཅན། སྔགས་འཆང་ཀྱི་ནག་གྱང་འགྱེལ། སྤྲང་རྡོ་རྗེ་ཡངས་པ་རྩལ། སྣ་ནམ་ཤེས་རབ་ཚུལ་ཁྲིམས། གོང་དུ་བྱུང་བའི་ཤེས་རབ་ཚུལ་ཁྲིམས་དང་དོན་མི་གཅིག་གོ །ཞང་ཁྲོམ་རྡོ་རྗེ་བདུད་འདུལ། ལྷ་རྗེ་རྒྱ་སྟོན་སངས་རྒྱས། རྒྱ་ཚབ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་བློ་གྲོས་དབང་ཕྱུག །བླ་མ་རྒྱ་རོག་ཆེན་པོ། སངས་རྒྱས་ཇོ་འབུམ། སངས་རྒྱས་ཆོས་སྐྱོང་། སངས་རྒྱས་ཇོ་ཤེ །ཟུར་ཧཱམ་ཆོས་རྗེ། དཔལ་ལྡན་བཟང་པོ། ཤཱཀྱ་མི་ཏྲ། སོག་པོ་དཔལ་ཡེ། སྨུག་ཀུན་བཟང་དཔལ། ཀ་ཐོག་པ་བསོད་ནམས་རྒྱལ་མཚན། རྣམ་གྲོལ་བཟང་པོ། ཆོས་ཀྱི་སེང་གེ །སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་ཀརྨ་ཆོས་སྐྱོང་། བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ལྷ་རྗེ་སངས་རྒྱས་ཇོ་ཤེ་ནས། བླ་མ་སྤྲུལ་སྐུ་ཆོས་སྐྱོང་། མཚན་
ལྡན་གྲུབ་ཐོབ་ཆེན་པོ། ལྷ་རྗེ་འཁྲུལ་ཞིག་བསོད་ནམས་མགོན་པོ། བླ་མ་རྒྱ་སྟོན་བསོད་རྒྱལ། སྤྲུལ་སྐུ་ཤཱཀྱ་ཡེ་ཤེས། གྲུབ་ཐོབ་གཟི་བརྗིད་བློ་གྲོས། བླ་མ་གཟི་སྟོན་ཆེན་པོ། གཟི་སྟོན་རྡོ་རྗེ་དཔལ། གཟི་སྟོན་དགེ་སློང་། གཟི་སྟོན་རིན་ཆེན། གཟི་སྟོན་ཤཱཀྱ་བཟང་པོ། ཟུར་ཧཱམ་ཆོས་རྗེ་མན་འདྲ། ཡང་ན་ཟུར་ཧཱམ་ཆོས་རྗེ་ནས། ཟུར་མོ་མཁས་བཙུན་སངས་རྒྱས། དཔལ་ལྡན་བཟང་པོ་མན་འདྲ། ཡང་ན་དཔལ་ལྡན་བཟང་པོ་ནས། ཤཱཀྱ་ཕ་ལ་ཤྲཱི། ཤཱཀྱ་མི་ཏྲ་མན་འདྲ། ཡང་ན་ལང་ལབ་ནས། པྲ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་ཡངས་པ་རྩལ་དུའང་གྲགས། སྣ་ནམ་ཤེས་རབ་ཚུལ་ཁྲིམས་མན་གོང་བཞིན་ནོ། །ཕུར་པ་གསང་སྒྲུབ་ཀྱི་བརྒྱུད་ལུགས་ནི། རྒྱལ་པོ་ཛས་ཤྲཱི་ནཱ་ལནྡའི་གཙུག་ལག་ཁང་དུ་སྦས། པཎྜི་ཏ་མི་མཇེད་བཟང་པོས་བཏོན། དེ་ནས་དྷ་ན་སཾ་ཀྲྀ་ཏ། དྷ་ན་ཨུ་པ་ཡ། པདྨ་སམ་བྷ་ཝ། བལ་པོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་འབྱུང་གནས། བླ་མ་ཆོས་སེང་། ཟུར་ཧེ་རུ། ལྷ་རྗེ་གཡུང་སྟོན། ལྕེ་གྲུབ་པ། ཟུར་བཟང་པོ་དཔལ། ཟུར་ཆོས་རྗེ། ཟུར་ཕ་ལ་ཤྲཱི། ཟུར་ཤཱཀྱ་མི་ཏྲ་མན་འདྲ། སྨན་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། གོང་གི་ཁྲ་ཚང་པ་བཞུགས་པའི་བརྒྱུད་པ་རྣམས་དང་འདྲ། གཏེར་བརྒྱུད་ལྟར་ན། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། ཨོ་རྒྱན་ཆེན་པོ། ཁྲི་སྲོང་ལྡེ་བཙན། ནམ་མཁའི་སྙིང་པོ། ཇོ་མོ་འཚོ་རྒྱལ། གཏེར་སྟོན་ཆོས་དབང་། སྨན་ལུང་མི་བསྐྱོད་རྡོ་རྗེ། དྭགས་
སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། རྗེ་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། གུ་རུ་ཀུན་མཁྱེན་དབང་ཕྱུག །ཁྱབ་བདག་སྨན་ལུང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་སྤྲུལ་སྐུ་ཆོས་ཀྱི་དབང་པོ་ནས། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་མཁྱེན་བརྩེའི་ཞབས་ནས། སྔགས་འཆང་སྟོབས་ལྡན་འོད་ཟེར། མཚུངས་མེད་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། རྗེ་བཀའ་འགྱུར་བ་མན་འདྲ། ཡང་ན་གུ་རུ་ཆོས་འོད་ནས། ཟུར་མཁར་མཉམ་ཉིད་རྡོ་རྗེ། ཚ་བོ་བཀྲ་ཤིས་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་འདྲ། ས་ལུགས་ལྟར་གྱི་རྒྱུད་པ་ནི། ཨོ་རྒྱན་པདྨ་འབྱུང་གནས་ནས། སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་ཀླུའི་དབང་ཕྱུག །པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་ན་འདི་བཞིན་འབྱུང་། ངོར་ཕྱོགས་ཀྱི་རྒྱུད་འབུམ་སྣ་ནམ་པ་ནས་དཀོན་མཆོག་རྒྱལ་པོའི་བར་ན་ཁམ་སྒོམ་པ་དང་འཁོན་ཤེས་རབ་ཚུལ་ཁྲིམས་གཉིས་ལས་མི་འདུག་པས་ཆད་དམ་ཉེ་བརྒྱུད་ཡིན་བརྟག །འཁོན་དགེ་སྐྱབས། འཁོན་དགེ་མཆོག །བལ་པོ་ཤཱཀྱ་བློ་གྲོས། འཁོན་སྟོན་དཀོན་མཆོག་རྒྱལ་པོ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བདག་པོ་ཀུན་དགའ་རིན་ཆེན། བླ་མ་རྡོ་རྗེ་རིན་
ཅེན། ཟུར་ཤཱཀྱ་མི་ཏྲ། སོག་པོ་དཔལ་ཡེ་མན་གོང་ལྟར་རོ། །ཡང་ན་ས་པཎ་ནས། ཁང་སྟོན་འོད་ཟེར་རྒྱལ་མཚན། རྗེ་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག །ལོ་མཆོག་པ། གློ་ཆེན་པ། མཁན་པོ་རྒྱལ་བཟང་དཔལ། སྤང་ཁང་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། བླ་མ་འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཆོས་རྗེ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ །ཆོས་རྗེ་དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཁང་སྟོན་པ་ནས། གློ་ཆེན་མན་འདྲ། ཡང་ན་རྡོ་རྗེ་འཆང་། བཛྲ་པཱ་ཎི། ས་ར་ཧ། ཀླུ་སྒྲུབ། མ་ཏང་གི་པ། བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། སུ་ག་ཏ་ཤྲཱི། རྗེ་ས་པཎ་མན་གོང་དང་འདྲ། ཡང་ན་ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཟ་ཧོར་རྒྱལ་པོ་པྲ་ཧསྟི། སློབ་དཔོན་པདྨ་མན་གོང་སྨོས་བཀའ་གཏེར་མཐའ་དག་དང་འདྲ། ཡང་ན་དཔལ་རྡོ་རྗེ་གཞོན་ནུ། ཡུམ་འཁོར་ལོ་རྒྱལ་འདེབས། སློབ་དཔོན་པདྨ་མན་འདྲ། ཡང་ན་དཔལ་རྡོ་རྗེ་གཞོན་ནུ། སློབ་དཔོན་པདྨ་མན་འདྲ། ཡང་ན་རྡོ་རྗེ་གཞོན་ནུ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རྡོ་རྗེ་བཞད་པ། རོ་ལངས་བདེ་བ། ཨོ་རྒྱན་པདྨ་མན་འདྲ། ཡང་ན་རྡོ་རྗེ་གཞོན་ནུ། འོག་མིན་ཆོས་ཀྱི་ཕོ་བྲང་དུ་ཏནྟྲ་སྡེ་བཅོ་བརྒྱད་རྡོ་རྗེ་ཕུར་བུའི་ཏནྟྲ་རིགས་ལྔའི་སངས་རྒྱས་ལ་བཤད། དེ་ནས་གསང་བའི་བདག་
པོ། དམ་པའི་རིགས་ཅན་དྲ་མ་ལྔ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ་མན་གོང་བཞིན་ནོ། །དྲུག་པ་མ་མོ་རྦོད་གཏོང་ལ། དེའང་རཏྣའི་གསན་ཡིག་ཏུ་མ་མོ་མཐའ་དག་མ་མོའི་རྒྱུད་དུ་མཛད་པ་དང་། འགའ་ཞིག་ཏུ་བསྟན་སྲུང་ཞེས་པའི་ཚིག་གི་རྗེས་སུ་འབྲངས་ནས་མ་མོ་དང་ལྷ་མོའི་དབྱེ་བ་མཛད་དེ་མེ་ལྕེ་འབར་མ་སོགས་བསྟན་སྲུང་མཆོད་བསྟོད་ཀྱི་གྲས་སུ་འདུག་ཀྱང་། སྒྲུབ་སྡེ་ཕྱི་མ་གསུམ་ག་བསྟན་སྲུང་གི་གྲས་ཡིན་པའི་ཕྱིར་མ་མོའི་ཁྲོད་དུ་ཡོད་ན་བསྟན་སྲུང་གི་ནང་དུ་མི་ཆུད་པའི་དོགས་གནས་དགོས་དོན་མི་འདུག་པས། དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་གི་སྔགས་སྲུང་སྲིད་རྒྱལ་སོགས་ཀྱི་ས་བོན་མཚོན་བྱེད་དུ་རྒྱུད་གཉིས་ཙམ་ཞིག་བཀོད། དེ་ཕྱིན་མ་མོ་མཐའ་དག་ཕྱོགས་གཅིག་པ་ལེགས་པས་དེ་ལྟར་བསྒྲིགས་པ་ལ། ཡུམ་གཟུང་མའི་དངོས་གྲུབ་ཆེན་པོའི་རྒྱུད་མ་མོ་སྲིད་པའི་རྫོང་ལུང་ཆེན་མོ་འབྲས་བུ་ངེས་པར་བསྟན་པ་ཞེས་བྱ་བ་ལ། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ཏུ་རི་རབ་ཀྱི་རྩེ་ལྷ་གཡུང་དྲུང་གི་གནས་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀས་སྲིད་པ་ཐམས་ཅད་ཡུམ་གྱི་བྷ་ག་ལ་ཤར་བ་མཁྱེན་ནས་ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་མཁའ་བདེ་བ་ཆེན་པོའི་ཀློང་ནས་ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ཏེ་སོགས་མ་མོ་རྣམས་ཀྱི་གཙོ་མོའི་ཡང་གཙོ་མོ་ཞེས་སོགས་གཏན་ཚིགས་ཀྱི་ལེའུ་དང་པོ། དཀྱིལ་འཁོར་བསྐྱེད་པའི་བཅའ་གཞི་སྦས་པའི་ཐིག་ལེ་གཉིས་པ། སྐུ་ཆེ་བའི་ཡོན་ཏན་ཉེར་གསུམ་པ། གླེགས་བམ་དུ་ཉེར་གསུམ་ལྡབས་པའི་ཤུགས་ཀྱི་ཉེར་དྲུག་གི་བར་གསན་ཡིག་ཚོ་དང་མི་འགྲིག་ཀྱང་ཉེར་བདུན་ནས་མཐུན་ནོ། །རྡོ་རྗེ་ཚེའི་ལེའུ་ཉེར་བཞི་པ། དཀྱིལ་འཁོར་བསྡུ་བ་ང་གཉིས་པ། ལྷ་གནོད་འདུལ་ལ་
རྒྱུད་གཏད་པ་ང་གསུམ་པའོ། །སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མ་ཁ་འབར་ནག་མོ་ལས་རྒྱ་མཚོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས་སངས་རྒྱས་སྟོང་རྩ་གཅིག་འཇིག་རྟེན་དུ་བྱུང་བའི་དུས་སུ་སྔར་འདས་པའི་སངས་རྒྱས་རབས་བདུན་དང་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཞེས་སོགས་སྲིད་པའི་ཆགས་ལུགས་ཀྱི་གླེང་གཞིའི་ལེའུ་དང་པོ། འཁོར་ལོ་ལ་དབབ་པ་ལྔ་པ། རྒྱུད་གཏད་པའི་ལེའུ་དགུ་པའོ། །སྲིད་པ་རྒྱུད་ལུང་གི་མ་ཚང་བ་ཁ་སྐོང་བར་བྱེད་པ་མ་མོ་ལམ་རྒྱུད་ལུང་ཞེས་བྱ་བ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་ཏེ། དེའི་ཚེ་ནམ་མཁའ་ལ་སྒྲ་ཆེན་པོ་སྣ་ཚོགས་པ་དང་གཟུགས་སྣ་ཚོགས་པ་བྱུང་སྟེ་སོགས་སྔོན་དུ་འགྲོ་བའི་ལམ་བསྟན་པ་ལེའུ་དང་པོ། མ་མོའི་རྟགས་བསྟན་པ་དྲུག་པ། མཐར་ཕྱིན་པའི་ཚད་བསྟན་པ་བདུན་པ། ཐམས་ཅད་མ་མོ་སྤྱི་དང་བྱེ་བྲག་ཏུ་བསྟན་པ་བཅུ་བཞི་པའོ། །མ་མོ་འབུམ་གྱི་ཏི་ཀ་སྔགས་དར་སྡིངས་པའི་གསན་ཡིག་ན་ལེའུ་བརྒྱད་ཅུ་པ་མ་རྙེད་པའི་དབང་གིས་གོ་བཞི་ལས་མ་བྱུང་ཞེས་སྣང་། ཀྱི་སྲུང་མ་དཔལ་ཨེ་ཀ་ཛ་ཊིའི་རྒྱུད་ལ། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན་རི་རབ་རིའི་རྩེ་མོ་ལྷ་གཡུང་དྲུང་གི་གནས་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀས་སྲིད་པ་ཐམས་ཅད་ཡུམ་གྱི་མཁའ་ལ་ཤར་བར་མཁྱེན་ནས་ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེ་བདེ་བ་ཆེན་པོའི་ཀློང་གསལ་བའི་གནས་ནས་ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ནས་
སོགས་ཡང་གསང་ཐིག་ལེ་གཏན་ཚིགས་ཀྱི་ལེའུ་དང་པོ། གབ་པའི་ཐིག་ལེ་གཉིས་པ། ཆོས་ཉིད་དུ་གྱུར་པའི་བདུད་རྩི་བཅའ་གཞི་གསུམ་པ། དགྲ་བོའི་དཔུང་བཤིག་པ་ཞེ་གསུམ་པ། དགྲ་བོ་ཡུལ་ནས་དབྱུང་བ་ཞེ་བཞི་པ། ཁ་བཅིང་བ་ཞེ་ལྔ་པ། ལས་མྱུར་དུ་གྲུབ་པ་ཞེ་དྲུག་པ། བརྡ་སྒོ་དབྱེ་ཞིང་བཤགས་པ་བྱ་བ་གོ་གསུམ་པ། ཛ་གད་གཏོར་མ་རཀྟ་དྲང་བ་གོ་བཞི་པ། རྡོ་རྗེ་རྒྱལ་པོ་རྒྱ་ཐེབ་མངའ་གསོལ་ཞིང་མཆེད་ལ་མཚན་མ་གདབ་པ་གོ་ལྔ་པའོ། རྒྱ་གར་གྱི་མཁན་པོ་དྷ་ན་སཾ་སྐྲྀ་ཏ་དང་བོད་ཀྱི་ལོ་ཙཱ་བ་འབྲོག་མི་དཔལ་གྱི་ཡེ་ཤེས་དང་གནུབས་ཀྱི་འགྱུར། རལ་གཅིག་མ་ཆོས་དབྱིངས་བདག་༼དར༽མོ་སྤུ་གྲི་ཡ་མའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་ཅིང་ལོངས་སྤྱོད་ཐམས་ཅད་རང་ལ་རྫོགས་པའི་སྐུ་རང་བྱུང་ཕོ་ཉ་ལྷ་མོའི་གཟུགས་སུ་བྱུང་བ་ནི་སོགས་གླེང་གཞིའི་ལེའུ་དང་པོ། ཡབ་ཀྱི་འཁོར་ལོ་བཅུ་གཅིག་པ། གིང་མཚོན་ཆའི་འཁོར་ལོ་བཅུ་གཉིས་པ། རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་ཉེར་ལྔ་པའོ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་བོད་ཀྱི་སློབ་དཔོན་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཨེ་ཀ་ཛ་ཊི་སྦས་པ་ནག་མོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ལྕང་ལོ་ཅན་ཀྱི་ཕོ་བྲང་ནས་ཀུན་བཟང་ལྷའི་རྒྱལ་པོའི་ཕྱོགས་ཀྱི་རི་མ་ལ་ཡའི་བྲག་ཕུག་ཏུ་དཔལ་ཆེན་པོ། ཧཱུཾ་སྒྲའི་ཏིང་ངེ་འཛིན་སྙོམས་པར་ཞུགས་པ་ལས་སོགས་གླེང་གཞིའི་ལེའུ་དང་པོ། སྦྱིན་སྲེག་གི་ལེའུ་ལྔ་པའོ། །ཨེ་ཀ་ཛ་ཊི་ཟ་བྱེད་སྤྱང་
རྒྱལ་ནག་མོའི་རྒྱུད་ལ། གླེགས་བམ་དང་གསན་ཡིག་གཉིས་ལེའུ་གཅིག་གི་ཁྱད་བརྒྱུགས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དཔལ་རང་བྱུང་གི་རྒྱལ་མོའི་གནས། རང་བཞིན་ལྷུན་གྱིས་རྫོགས་པ་ཡི། །བྷནྡྷ་འབར་བའི་གཞལ་ཡས་ཁང་། །དཀར་དང་དམར་དང་སེར་དང་ནག་པོ་ཡི། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡི། །ཞེས་སོགས་གླེང་གཞིའི་སྐབས་དང་པོ། ལྟ་བ་བསྟན་པ་གཉིས་པ། མ་མོ་འཁོར་བའི་ཁྲག་ལ་བརྟེན་ཏེ་སྒྲུབ་པ་བཅོ་བརྒྱད་པ། དྲག་སྔགས་ཡུངས་ཀར་ལ་བརྟེན་ཏེ་སྒྲུབ་པ་བཅུ་དགུ་པ། དབང་བསྐུར་བ་སོ་གཅིག་པ། ཡོངས་སུ་གཏད་པ་སོ་གཉིས་པའོ། །མཁའ་འགྲོ་མ་མེ་ལྕེ་འབར་༼ཕ༽༼ཟུར༽༼ཁྲ༽མའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རི་རབ་རིའི་རྩེ་མོ་གཤིན་རྗེ་འབར་བའི་ཕོ་བྲང་གནོད་སྦྱིན་ཨུཏྤ་ལའི་གདོང་གནས་པའི་དུར་ཁྲོད་སྲིན་པོ་མ་ཏྲང་ཀ་རུ་ཀ་ཆགས་པའི་བདུད་གཙུག་ཕུད་ནག་པོའི་ཁང་པ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། དྲོད་ཚད་བསྟན་པ་བཅུ་གཉིས་པ། སྤོགས་ཤིང་ཐུགས་དམ་བཀང་བ་བཅུ་གསུམ་པ། ལྷ་མོ་ལུང་བསྟན་པ་ཉེར་བཞི་པའོ། །མཁའ་འགྲོ་དོམ་པ་ཀ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཞུས་སོ། །ཧེ་སྡུད་འབར་མ་རེ་མ་ཏཱི་མཆེད་བཞིའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ཤེས་རབ་མའི་དབྱིངས་བྷ་ག་རྣམ་པར་དག་པའི་མཁའ་ལ་ཞུགས་སོ་སོགས་གླེང་གཞིའི་ལེའུ་དང་པོ། བཙན་གྱི་ལེའུ་བཅུ་པ། སྤྱིར་སྒྲུབ་པ་ཐུན་གྱི་ལེའུ་བཅུ་གཅིག་
པའོ། །ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འདུས་པ་ཞེས་བྱ་བའི་རྩིབས་ཀྱི་རྒྱུད་ཆེན་པོ་ལ། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་རི་རབ་ཀྱི་རྩེ་མོ་བྱང་ཤར་གྱི་མཚམས་ཤིང་ཡོངས་འདུའི་ཚལ་ཆེན་པོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་བཅོམ་ལྡན་ཕྱག་ན་རྡོ་རྗེས་འཁོར་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་མཁའ་འགྲོ་མའི་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་བཞུགས་སོ་སོགས་གླེང་གཞི་རིགས་དང་ངེས་ཚིག་བསྟན་པ་དང་པོ། འཁོར་གྱི་བསྟོད་པའི་ལེའུ་བཞི་པའོ། །མ་མོ་སྲིད་པ་འཚོ་བཞིའི་རྒྱུད་བསྟན་མ་ཁྲོ་རོལ་ཁྱུང་བཟློག་མ་མོའི་ངོས་འཛིན་གསལ་བར་ཡོད། ལས་རྒྱ་མཚོ་ཞེས་བྱ་བ་ལ། འདས་དང་མ་འདས་ཀྱི་སོ་འཚམས་སུ་འདི་སྐད་ཐོས་པའི་དུས་གཅིག་ན་གསེར་གྱི་ཉི་མའི་གདན་ལ་རིག་པའི་ཡེ་ཤེས་ཞུགས་འབར་བ་རུ་ཡེ་ཤེས་རང་སྣང་གདལ་བ་ལ་རིགས་ལྔའི་སངས་རྒྱས་ཀྱི་ཁྲི་ལ་སྐུ་རུ་བླ་མེད་ཁྲག་འཐུང་བརྗིད་པ་སོགས་གླེང་གཞིའི་ལེའུ་དང་པོ། སྲིད་པ་བམ་སྐོངས་ཀྱི་ལེའུ་བཅུ་པ། ཕོ་སྐོངས་ཀྱི་ལེའུ་ཉེར་གཅིག་པ། ལེའུ་མཐའ་མ་ཉེར་གཉིས་པའོ། །མ་མོ་འདུས་པའི་རྒྱུད་དམ་གསང་བ་གཏན་ཚིགས་ཞེས་བྱ་བའི་རྒྱུད་ལ། འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན་སེམས་ཅན་ཐམས་ཅད་སེམས་མྱ་ངན་ལས་འདའ་བ་དང་ཐེ་ཚོམ་གཅད་པའི་ཕྱིར་རྡོ་རྗེ་སེམས་དཔས་གསོལ་བ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། འཇིག་རྟེན་པ་ཡི་ཆོས་རྣམས་ལ། སེམས་ཉིད་མྱ་ངན་ཇི་ལྟར་ལགས། །རྟག་ཆད་མཐའ་གཉིས་གང་དུ་བསྡུ། །ཡང་དག་རྫོགས་ཀྱི་བཀའ་སྩོལ་ཅིག །ཅེས་པ་སོགས་གསང་བའི་མགུར་ཆེན་པོའི་ལེའུ་དང་པོ། ཤ་ཁྲག་སྐེམ་པ་བཞི་པ། དགྲ་བོ་བདུད་ནག་
པོ་ལ་གཏད་པ་བརྒྱད་པའོ། །མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད་ལ། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་འོག་མིན་གྱི་གནས་ཁྱབ་གདལ་ཆེན་པོ་བདེ་བ་ཅན་དང་པདྨོ་ཅན་དུ་གྲུབ་པ་མོས་པ་ཅན་དུ་སྣང་བར་བྱེད་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བླ་མེད་ཧེ་རུ་ཀ་དེ་ནི་སོགས་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་རྐྱེན་གླེང་བསླང་བའི་ལེའུ་དང་པོ། ཆགས་པའི་དགའ་བས་སངས་རྒྱས་པར་འགྲོ་བ་དྲུག་པ། རྗེས་སུ་བཟུང་བའི་ལེའུ་བཅུ་གཉིས་པའོ། །རྒྱ་གར་གྱི་པཎྜི་ཏ་གུ་ཧྱ་གསང་བ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་འགྱུར། བསྟན་པ་བསྲུང་བའི་མན་ངག་ཐུགས་ཀྱི་ཡང་སྙིང་མ་མོ་རྩ་བའི་རྒྱུད་འབུམ་ཏིག་ལ། སྲིད་པའི་བེམས་རྒྱུད་ཆེན་མོའང་ཟེར། བྱང་ཆུབ་སེམས་ཁྱབ་གདལ་བའི་རང་བཞིན་ལ་ཡུམ་ལས་དངོས་གྲུབ་ཆེན་པོར་བསྟན་པ་དང་ཐུགས་ཀྱི་སྒྲོམ་བུ་ལས་བྱུང་བའི་དགོངས་པའི་བརྣག་པ་མཐར་ཕྱིན་པའི་དོན་དུ་གསུངས་པ་ལས་གནོད་འདུལ་ལྷ་ཡིས་ཡང་གསོལ་པ་སོགས་གསང་བ་གཏན་ཚིགས་ཀྱི་ལེའུ་དང་པོ། མན་ངག་དམ་ཚིག་གི་ལེའུ་གཉིས་པ། རིམས་ནད་གཅོད་པ་ཉེར་བཞི་པ། ཆར་དབབ་པ་ཉེར་ལྔ་པ། མྱུར་དུ་བཟློག་ཅིང་གསད་པ་ཞེ་བདུན་པ། དཔེ་ལ་ལར་འདི་ཆད། ཁྲག་སྐེམས་ཀྱི་ལེའུ་ཞེ་བརྒྱད་པ། དེའི་རྒྱུད་ཕྱི་མ་མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་ལ། གོང་གི་ལེའུའི་འཕྲོས་ལས་འདས་པ་དང་མ་བྱུང་བ་ཞེ་དགུ་པ། བྱང་ཆུབ་ཀྱི་སེམས་སུ་ལ་ཟླ་བ་ལྔ་བཅུ་པ། ཀུན་གཞི་ལྟ་བ་ཐག་གཅད་པ་ང་གཅིག་པ། གསང་བའི་ལས་ལ་གཟུང་བ་གོ་དྲུག་པ། མ་མོ་དབང་དུ་བསྡུ་ཞིང་བཀོལ་ཐབས་བསྟན་པ་གོ་བདུན་
པ། ཏིང་འཛིན་རྣམ་གསུམ་གོ་བརྒྱད་པ། སྤྱན་དྲངས་མཆོད་པ་གོ་དགུ་པ། བརྡ་སྒོ་དབྱེ་བ་ཕྱག་བྱ་ཞིང་བཤགས་པ་བྱ་བ་བརྒྱ་སོ་དགུ་པ། ཛ་གད་གཏོར་མ་རཀྟ་དྲང་བ་བརྒྱ་བཞི་བཅུ་པ། རྡོ་རྗེ་རྒྱལ་པོ་རྒྱ་ཐེབ་མངའ་གསོལ་ཞིང་མཆེད་ལ་མཆན་གདབ་པ་བརྒྱ་ཞེ་གཅིག་པ་འབུམ་ཏིག་རྫོགས་སོའི་མཐའ་ཅན། འཕྱོང་གི་ལེའུ་གཉིས་བསྡོམས་པའི་བརྒྱ་ཞེ་གཉིས་རྫོགས་ཟེར་བ་སྣང་ངོ་། །མ་མོ་སྣང་སྲིད་ཐིག་ལེའི་རྒྱུད་ལུང་བྱང་སྐོར་གྱི་རྩ་རྒྱུད་ཅེས་བྱ་བ་ལ། སྔོན་འདས་འདི་ཡུམ་གཟུང་མའི་རྒྱུད་དང་འཕྲེང་བ་ཁ་ཤས་ཚིག་འགྲོས་འདྲ་ཡང་ལེ་གྲངས་མི་མཐུན་ནོ། །པའི་དུས་ན་མ་བྱུང་བའི་སྔོན་རོལ་ན་རི་རབ་རིའི་རྩེ་ལྷ་གཡུང་དྲུང་གི་གནས་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དཔལ་ཧེ་རུ་ཀ་ཡིས་སྲིད་པ་ཐམས་ཅད་ཡུམ་གྱི་མཁའ་ལ་ཤར་བ་མཁྱེན་ནས་སོགས་ཡང་གསང་ཐིག་ལེ་གཏན་ཚིགས་ཀྱི་ལེའུ་དང་པོ། བྷ་གའི་ཐིག་ལེ་གཉིས་པ། མ་མོ་རྣམས་ཀྱི་ལས་བྱང་དང་བསྐུལ་ཚིག་གི་ལེའུ་བཅུ་བདུན་པ། སྲིད་པའི་ཚིག་གི་ལེའུ་ཟེར་བའང་འདུག །མ་མོ་ངོས་འཛིན་སོ་གཅིག་པ། མ་མོ་སྣང་སྲིད་ཐིག་ལེའི་ལེའུ་སོ་གཉིས་པའོ། །མ་མོ་སྣང་སྲིད་ཐིག་ལེ་བྱང་༼དར༽སྐོར་རྒྱུད་ཕྱི་མ་ལ། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན་སྲིད་པ་ཐམས་ཅད་ཀྱི་སེམས་ཅན་མྱ་ངན་ལས་འདའ་བ་དང་ཐེ་ཚོམ་གཅད་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཡང་གསོལ་པ། །འཇིག་རྟེན་པ་ཡི་ཆོས་རྣམས་ལས། །སེམས་ཉིད་མྱ་ངན་ཇི་ལྟར་འདའ། །ཞེས་སོགས་བསྐང་བའི་ལེའུ་དང་པོ། ལས་དེ་སླར་ལ་བཟློག་པ་དྲུག་པ། མ་མོ་སྣང་སྲིད་ཐིག་ལེའི་ལེའུ་བཅུ་གཉིས་པའོ། །འཕགས་པ་ལྷ་མོ་རྡོ་རྗེ་ནག་མོ་དབང་༼དར༽ཕྱུག་མ་ཞེས་བྱ་བ་སྔགས་རྒྱུད་ཀྱི་རྒྱལ་པོ་ལ།
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་རྫོགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རང་བཞིན་གྱི་བཞུགས་གནས་ཡུམ་ཆེན་མོ་རྡོ་རྗེ་མུ་ཁ་ལེའི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ། །སོགས་གླེང་གཞིའི་ལེའུ་དང་པོ། རྩ་བའི་སྔགས་དང་ཟོར་ཐུན་ཐམས་ཅད་ཀྱི་ནམ་བརྩམས་པ་བདུན་པ། བསྟོད་པ་དང་རྗེས་སུ་ཡི་རང་བའི་ལེའུ་བཅོ་ལྔ་པའོ། །དེའི་རྒྱུད་ཕྱི་མ་ལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ལག་ན་རྡོ་རྗེས་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་གསོལ་ཏོ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག་སོགས་གསང་བའི་དཀྱིལ་འཁོར་གྱི་ལེའུ་དང་པོ། དྲག་པོའི་ཐུན་ཐམས་ཅད་ཀྱི་སྙིང་པོ་དྲུག་པ། མངོན་པར་གཏད་པའི་ལེའུ་བཅུ་གསུམ་པ། ཕྱི་མ་རྩ་བའི་རྒྱུད་དང་བཅས་པ་རྫོགས་སོའི་མཐའ་ཅན། དེའི་ཕྱི་མའི་ཕྱི་མ་ཚིག་རྐང་ཡོངས་སུ་གཅོད་པ་ཞེས་བྱ་བའི་རྒྱུད་ལ། དེ་ནས་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས་ཐིག་ལེ་ཆེན་པོའི་ངང་ལ་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་གྱུར་ཏོ་སོགས་བསྙེན་སྒྲུབ་ཀྱི་ལེའུ་དང་པོ། འགྲུབ་པའི་རྟགས་བསྟན་པ་བཞི་པ། དངོས་གྲུབ་ཀྱི་རྒྱུ་བསྟན་པ་བདུན་པའོ། །འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་དགོངས་ནས་འབྱུང་བ་ལྔ་སྲིད་པའི་རྒྱུད་བཤིག་ནས་སོགས་གླེང་གཞིའི་ལེའུ་དང་པོ། ཐང་སྔགས་དམོད་པའི་ན་ཡ་བརྩི་བ་ལྔ་པ། ཟོར་སྔགས་གསང་བ་དང་རྗེས་སུ་ཡི་རང་བ་བཅུ་གཅིག་པའོ། །དེའི་ཕྱི་མའི་རྒྱུད་ལ། དེ་ནས་
བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་འཁོར་མང་པོ་ལ་སོགས་པ་རྣམས་ཀྱིས་ཚིག་མཐུན་པར་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ་སོགས་རྒྱུད་ཀྱི་མཚན་དྲིས་པའི་ལེའུ་དང་པོ། ལས་ཀྱི་བྱ་ཐབས་དྲུག་པ། མནན་པ་དང་འཆི་བའི་མཚན་མའི་ལེའུ་བཅུ་གཉིས་པའོ། །དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་ཙིཏྟ་གསང་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྲས་དང་འཁོར་དུ་བཅས་པ་རྣམས་བཙུན་མོའི་བྷ་གའི་ཀློང་རྣམ་པར་དག་པ་ན་བཞུགས་སོ་སོགས་གླེང་གཞིའི་ལེའུ་དང་པོ། དྲག་པོའི་སྒྲུབ་པ་བརྒྱད་པ། སེར་བ་དབབ་པ་དགུ་པ། དམ་བཅའ་བའི་ལེའུ་བཅོ་བརྒྱད་པའོ། །དཔལ་ལྷ་མོ་ནག་མོ་ཐུགས་གསང་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་སྲས་དང་འཁོར་དུ་བཅས་པ་རྣམས་བཙུན་མོའི་བྷ་ག་མཁའ་ཀློང་རྣམ་པར་དག་པ་ན་བཞུགས་སོ་སོགས་གླེང་གཞིའི་ལེའུ་དང་པོ། སྙིང་པོ་བཏུ་བ་ལྔ་པ། སེར་བ་དབབ་པ་དགུ་པའོ། །སྙིང་ཏིག་བཀོལ་བའི་རྒྱུད་ལ། དེ་ནས་འཇིགས་བྱེད་ཧེ་རུ་ཀས། །སྙིང་ཏིག་རྒྱུད་འདི་བཞག་པ་སྟེ། །འུག་པའི་གདོང་ཅན་ཞེས་གྲགས། བདེ་འགྲོའི་ཐུན་དང་གཞིའི་སྙིང་ཏིག་ཅེས་སོགས་སྲིད་པ་བདེ་འགྲོ་མིའི་མཐུན་དང་མ་གཞིའི་སྙིང་ཏིག་དང་སྲོག་གི་ལེའུ་དང་པོ། སྦྱིན་སྲེག་དང་མནན་པ་ལྔ་པ། མ་མོ་དམ་ཚིག་བསྟན་པ་དགུ་པ། བྱུང་ཁུངས་དྷ་ན་སང་ཤི་ཏ་དུར་ཁྲོད་བསིལ་བའི་ཚལ་དུ་དགོངས་པ་མཛད་པ་ལས། པ་རི་ཏ་ཀའི་ཁང་པའི་ནང་ནས་ཡ་མཚན་ཆེ་བའི་དྷརྨ་འོད་ཀྱིས་བསྐོར་བ་འདི་བྱུང་ངོ་། །
སྲིད་པའི་མ་མོ་འདུ་བ་དང་། མཆོད་པ་དང་ཕྱག་བྱེད་པ་བྱུང་བས་སློབ་དཔོན་ལའང་བར་ཆད་བཏང་ངོ་། །དེ་ནས་སློབ་དཔོན་གྱིས་ཀྱང་མཆོད་རྟེན་བདེ་བྱེད་བརྩེགས་སུ་བྱོན་ནས་མ་མོ་ཤ་ཁྲག་གིས་བྲིད་དབང་དུ་འདུས་པར་མཛད་པ་ལས། ནང་པ་དྲོ་ཁར་མ་མོ་རྣམས་བྱུང་བས་ཁྱེད་རང་གི་སྲོག་སྙིང་ཁྱེར་ལ་ཤོག་བྱས་པས། མ་མོས་དེར་འོངས་སོ། །དེ་ནས་མ་མོ་རྣམས་དབང་དུ་འདུས་སོ། །དེ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་སློབ་དཔོན་གྱིས་སྦས་པ་ལས་བཙན་པོ་ལ་དགྲ་ལངས་ནས་བླངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལ། སྲོག་ཏིག་དང་སྙིང་ཏིག་གི་རྒྱུད་ཀྱང་ཟེར། དེ་ནས་མ་མོ་འདུལ་མཛད་པ། །འཇིགས་བྱེད་ཧེ་རུ་ཀ་ཡིས་ནི། །མ་མོ་འབུམ་ཏིག་བཀའ་སྩལ་ཏེ། །ཞེས་སོགས་མ་མོ་འདས་པའི་བཅའ་གཞིའི་ལེའུ་དང་པོ། སྒྲུབ་པ་དང་ལས་སྦྱོར་དྲུག་པ། ཉམས་ལེན་བསྟན་པའི་ལེའུ་བཅུ་པའོ། །སློབ་དཔོན་ཤྲཱི་སིངྷ་དང་བཻ་རོའི་འགྱུར། དབྱིངས་གསང་བ་འཁོར་ལོའི་རྒྱུད་གསང་སྔགས་ཐམས་ཅད་ཀྱི་རྒྱ་ཆེན་པོ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་ཤིན་ཏུ་འཇིགས་པ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ་གསང་བའི་བྷ་ག་ལས་བཞེངས་ཏེ་དྲག་པོ་ཨེའི་གདན་ལ་བཞུགས་པ་སོགས་རྟེན་གྱི་དྲག་སྔགས་ཀྱི་སྒྲུབ་ལུགས་བདུན་པ་སྟེ་ལེའུ་དང་པོ། མནན་པ་དང་ལས་ཀྱི་བྱེ་བྲག་བསྟན་པ་ལྔ་པ། འཁོར་ལོ་རྣམ་པ་གསུམ་བཤད་པའི་ལེའུ་དགུ་པའོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་པོའི་རྒྱུད་ལ། །འདི་སྐད་བདག་གིས་བཤད་པའི་ཚེ། །སངས་རྒྱས་མ་བྱུང་སྔོན་རོལ་ཏུ། །ཆོས་ཉིད་མ་སྐྱེས་མཁའ་དབྱིངས་ན། །སྟོན་པ་ཀུན་ཏུ་བཟང་པོ་དང་། །རིགས་ལྔའི་སངས་
རྒྱས་ཡབ་ཡུམ་དང་། །སྲས་བཅས་བྱང་ཆུབ་སེམས་དཔའ་རྣམས། །མཉམ་པའི་དད་ལ་བདེ་བར་བཞུགས། །ཞེས་སོགས་སྔོན་བྱུང་བའི་གླེང་གཞིའི་ལེའུ་དང་པོ། གཤེད་དགྱེ་བ་བཅུ་གཅིག་པ། ཤི་ས་བསྟན་པ་བཅུ་གཉིས་པ། དབང་བསྐུར་བའི་ལེའུ་ཉེར་བཞི་པའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སྲིད་པ་ཕྲ་མེན་རྒྱ་མཚོས་བསྡུས་པ་སྲིད་པ་རྡོ་རྗེ་མཁའ་འགྲོ་ཕྲ་མེན་ལས་རྒྱུད་ལ། འདས་དང་མ་བྱོན་པའི་དུས་ཉིད་ན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་འཇིགས་བྱེད་ཆེན་པོའི་སྐུ་ཅིར་ཡང་སྣང་བ་གནོད་སྦྱིན་འདུལ་བའི་རྩེ་ལ་ཞེས་སོགས་གླེང་གཞི་དང་འཁོར་མྱ་ངན་ལས་འདའ་བའི་ལེའུ་དང་པོ། བསྐུལ་བའི་ལེའུ་བཅུ་གཅིག་པ། ཕུང་བྱེད་དྲེགས་པའི་རྣོ་ཁ་སྒྲིལ་གྱི་ལེའུ་བཅུ་གཉིས་པ། དམོད་བཙུགས་པའི་ལེའུ་ཉེར་བཞི་པའོ། །དེ་ལྟར་ལེགས་པར་ཐོབ་པའི་རྟགས་མེད་ཡོངས་རྫོགས་དར་གྱི་རྟགས་ཅན་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་མངོན་རྫོགས་རྒྱལ་པོ། ལོངས་སྐུ་རྣམ་པར་སྣང་མཛད། སྡུད་པོ་གསང་བདག་ཕྱག་རྡོར། ཡུམ་ཆེན་ཕྲ་མེན་རྒྱ་མཚོ། ལྷ་མོ་མཛེས་ལྡན་མ། ལྷ་མོ་གྲུབ་ལྡན་མ། ལྷ་གྲགས་ལྡན་མཆོག་སྐྱོང་། ལྷ་མོ་ཡོངས་འཁྱུད་བདེ་མ། ལི་ཙ་བྱི་དྲི་མ་མེད་པ། ཟ་གད་སྐྱ་རིམ་པ། ཁྱེའུ་མ་ཏི་ཆུ་རྒྱུད། སློབ་དཔོན་རོ་ལངས་བདེ་བ། སངས་རྒྱས་གསང་བ། བི་མཱ་ལ་མི་ཏྲ། དྷ་ན་སཾསྐྲྀ་ཏ། འབྲོག་མི་དཔལ་གྱི་ཡེ་ཤེས། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཅེན་མཆོག །གཙུག་རུ་རིན་ཅེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། ཞང་རྒྱལ་བ་ཡོན་ཏན། གནུབས་ཆེན་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། སྐོར་ཐུང་ཤེས་རབ་ཚུལ་ཁྲིམས།
ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཡེ་ཤེས་འབྱུང་གནས། ཟུར་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཉང་རི་པ། ཡམས་ཤུད་ཆུ་ཀླུང་། འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། དེས་སྲས་གཅུང་པོ་དང་སྲས་ཆོས་ཀྱི་རྡོ་རྗེ་གསུམ་ལ་གནང་། གསུམ་ག་ནས་འགོས་དངོས་གྲུབ་མགོན། རྗེ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། སྔོ་ཐེལ་བ་རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས་པ། གྲ་འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། མེ་སྟོན་བསམ་གཏན་བཟང་པོ། འཁྲུལ་བྲལ་ཞིག་པོ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། དེ་གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། གར་དབང་ཚུལ་ཁྲིམས་རྒྱལ་མཚན། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་དར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྗེ་ནོར་བུ་དབང་རྒྱལ་ནས། རང་གྲོལ་ནོར་བུ་ཆོས་བརྟན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་གོ །ཡང་ན་སངས་རྒྱས་གསང་བ་ནས། འབྲོག་མི་དཔལ་གྱི་ཡེ་ཤེས། སྲས་ཟླ་འོད་ཉི་ཤར། ཁྱུང་པོ་བྱང་ཆུབ་རྒྱལ་མཚན། གྲུ་གུ་བྱང་ཆུབ་འབྱུང་གནས། འདན་མ་དབྱིག་གི་ཚུལ་ཁྲིམས། ཟུར་ཚ་དབང་ཕྱུག་རྒྱལ་མཚན། ཟུར་ཆེན་ཤཱཀྱ་འབྱུང་གནས་མན་གོང་ལྟར་རོ། །ཡང་ན་ཟུར་ཆུང་པ་ནས། སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ ། རྒྭ་སྟོན་བློ་གྲོས་སྙིང་པོ། རམ་སྟོན་ཐུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན་མན་འདྲ། མ་མོ་མཁའ་འགྲོ་སྤྱི་འདུས་ཀྱི་བརྒྱུད་པ་ནི། འཕྲེང་པོ་བ་ཆོས་བདག་ཉི་མ་རྒྱལ་
མཚན་གྱི་གསན་ཡིག་ན་མ་མོའི་རྒྱུད་ཀྱི་ཆར་གཏོགས་པ་ཨེ་ཀ་ཛ་ཊིའི་རྒྱུད་ལ་སོགས་པ་ཞེས་གསུངས་འདུག་པས་རྒྱུད་ཡོངས་རྫོགས་ཀྱི་བརྒྱུད་པར་འགྲོ་མི་འགྲོ་དཔྱད་ཟེར་བ་ལུང་ཡིག་ལ་ལར་འདུག་ཀྱང་པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་ན་སྣང་བས་ཐེ་ཚོམ་མི་བྱའོ། །རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྡོ་རྗེ་ཐོད་ཕྲེང་རྩལ། པཎྜི་ཏ་གསང་བའི་འཚོ། བུདྡྷ་གུཔྟ། བཛྲ་སིདྡྷི། སྤྲིན་གྱི་ཤུགས་ཅན། པ་ཚབ་ཉི་མ་གྲགས། དཔལ་ཆེན་རྒྭ་ལོ། ཞང་གཡུ་བྲག་པ། རྗེ་མི་བསྐྱོད་རྡོ་རྗེ། བླ་མ་ལྕེ་སྒོམ་པ། གྲུ་གུ་སྨོན་ལམ་སེང་གེ །སྦ་སྟོན་གཞོན་ནུ་རིན་ཅེན། བླ་མ་བསམ་འཕེལ། བླ་མ་ཤཱཀྱ་རྒྱལ་མཚན་མན་འདྲ། ཁྲའི་རྟགས་ཡོད་པའི་རྒྱུད་པ་ནི། གསུང་སྤྲུལ་ཡན་གོང་ལྟར་ལས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་བླ་མ་ལྕེ་སྒོམ་པ་ནས། དཔལ་སྣང་ཡེ་ཤེས། ལྕེ་བཙུན་རྩེ་མོ། ཟུར་ཤཱཀྱ་རྡོ་རྗེ། བླ་མ་ཉེར་སྟོན་སེང་གེ །བླ་མ་གཙང་ནག་པ། འགྲོ་མགོན་པ་ཤི་ཤཱཀ་འོད། ཟུར་ཤཱཀྱ་སེང་གེ །ཟུར་ཧྭམ་ཆོས་རྗེ། ཤཱཀྱ་ཕ་ལ་ཤྲཱི། ཤཱཀྱ་མི་ཏྲ། སོག་པོ་དཔལ་ཡེ། སྨུལ་ཀུན་བཟང་དཔལ། ཀ་ཐོག་པ་བསོད་ནམས་རྒྱལ་མཚན། རྣམ་གྲོལ་ཡེ་ཤེས་བཟང་པོ། བླ་མ་ཆོས་ཀྱི་སེང་གེ །སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་ཀརྨ་ཆོས་སྐྱོང་། བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་འབྲོག་མི་དཔལ་ཡེ་ནས། སྲས་ཉི་ཤར་ཟླ་ཤར། ཤོང་སྟོན་བྱང་ཆུབ་འོད། ཉི་ཁུད་པ་དགེས་པའི་རྒྱ་མཚོ། གྲུབ་ཐོབ་གསེར་གྱི་མིག་ཅན། དིང་རི་ཚ་ཁུད་པ་མཐའ་སྟོན་མཉམ་མེད། མང་མཁར་བ་ཇོ་བཙུན་ཆོས་བཟང་། ལྷ་རྗེ་ལོ་སྟོན་ཡབ་སྲས། གསོག་གྲོང་པ་ཆོས་སྟོན་ཤེས་རབ་དཔལ། གནུབས་སྟོན་བྱམས་པ་རྡོ་རྗེ། སྣ་བུ་ཟིང་སྟེང་པ་བརྩོན་
འགྲུས་རྡོ་རྗེ། སྔགས་འཆང་དགའ་རབ་རྡོ་རྗེ། ཟུར་ཧྭམ་ཆོས་རྗེ། ཤཱཀྱ་ཕ་ལ་མན་འདྲ། ཡང་ན་གནུབས་སངས་རྒྱས་ཡེ་ཤེས་ནས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་སྟོན་ཁྲོ་རྒྱལ། ལྷ་རྗེ་བདུད་འདུལ། དྲག་པོ་རྔམ་བྱེད། རས་པ་བདུད་འདུལ་དབང་ཕྱུག །ཟུར་པ་ཤི་ཤཱཀ་འོད། གྲུབ་ཐོབ་ཧཱུཾ་ཆེན། སྔགས་འཆང་ཀྲོ་དྷ་རཱ་ཛ། སློབ་དཔོན་མགོན་སེང་། ཟུར་ཧཱམ་ཆོས་རྗེ་མན་འདྲ། ཡང་ན་ཟུར་ཧཱམ་ཆོས་རྗེ་ནས། དཔལ་ལྡན་བཟང་པོ། ཤཱཀྱ་མི་ཏྲ་མན་འདྲ། ཡང་ན་ཤཱཀྱ་མི་ཏྲ། བླ་མ་རྒྱ་མཚོ། བླ་མ་དྲུང་རྒྱལ་བ། སངས་རྒྱས་ཡེ་ཤེས། ཀ་ཐོག་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན་རྡོ་རྗེ་འཆང་། དཔལ་ཟླ་གསང་རིན་ཆེན། རྒྱལ་བ་རིགས་ལྔ། ཕྱག་ན་རྡོ་རྗེ། དམ་པའི་རིགས་ཅན་དྲ་མ། ལི་ཙ་བྱི་དྲི་མེད་གྲགས་པ། རྒྱལ་པོ་ཛ། ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མ་ཏི། ཉི་ཟླ་རྡོ་རྗེ། བྷ་ཧུ་ར་མུ་ཏོ། སངས་རྒྱས་གསང་བ་མན་འདྲ། ཟུར་གྱི་རྟགས་ཀྱི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། འཕགས་པ་ཀླུ་སྒྲུབ། ལུས་མེད་ཡེ་ཤེས་མཁའ་འགྲོ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྔོག་ཐོགས་མེད་གྲགས། རྒྱལ་ཚ་ར་མོ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས། རྔོག་རིན་ཅེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། རྔོག་བསོད་ནམས་དོན་གྲུབ། རྔོག་ཤཱཀྱ་དོན་གྲུབ། རྔོག་བསོད་ནམས་ལྷུན་པོ། རྔོག་བསོད་ནམས་བསྟན་འཛིན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། རིགས་ཀུན་བདག་པོ་མགོན་པོ་
བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྔོག་རིན་ཆེན་བཟང་པོ་ནས། རིན་ཆེན་དཔལ། དཔལ་གྱི་རྡོ་རྗེ། བཟང་པོ་དཔལ། རྔོག་བྱང་ཆུབ་དཔལ་མན་འདྲ། ཡང་ན་རིན་ཆེན་བཟང་པོ་ནས། སངས་རྒྱས་སེང་གེ །བཙུན་པ་དཔལ་གྱི་རྡོ་རྗེ་མན་འདྲ། ཡང་ན་རྒྱལ་ཚ་ར་མོ་ནས། སློབ་དཔོན་ལྕམ་མེ། ནམ་མཁའ་དབང་ཕྱུག །ཀུན་དགའ་དབང་ཕྱུག །རིན་ཆེན་དཔལ། གྲགས་པ་རྒྱལ་མཚན། ཀུན་དགའ་བློ་གྲོས། ཀུན་དགའ་བཟང་པོ། རྔོག་བསོད་ནམས་དོན་གྲུབ་མན་འདྲ། ཡང་ན་རྡོ་རྗེ་འཆང་། ས་ར་ཧ། ཀླུ་སྒྲུབ། ཌཱ་ཀི་མ་སྐལ་བ་བཟང་པོ། སློབ་དཔོན་ལྭ་བ་པ། བཞི་ལ་ཏཻ་ལོ་པས་གསན་པ་མན་འདྲ། ཕའི་རྟགས་ཀྱི་བརྒྱུད་ལུགས་ནི། རྡོ་རྗེ་འཆང་། པཎྜི་ཏ་སངས་རྒྱས་གསང་བ། ལྕེ་འབྱུང་གནས་བཟང་པོ། གནུབས་རྒྱལ་བ་ཡེ་ཤེས། ཞང་ལོ་པྲཛྙ་གུ་རུ། ཞང་སང་གྷ་བྷ་དྲ། ཞང་དཔལ་ཆེན་འོད་པོ། ཞང་རྡོ་རྗེ་རྩེ་མོ། ཞང་དིང་རི་བ་ཉི་མ་འོད། ཞང་བསྟན་བཟང་པ་རིན་ཆེན་རྣམ་རྒྱལ། བསམ་གླིང་པ་སངས་རྒྱས་འབྱུང་བ། འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་རིན་ཆེན་མགོན་པོ། གཤེན་ཉི་མ་བཤེས་གཉེན། རྟོག་གེ་པ་ནམ་མཁའ་རྡོ་རྗེ། འཇམ་དབྱངས་དཀར་པོ་དཔལ་ལྡན་རྡོ་རྗེ། རིན་པོ་ཆེ་ཆོས་བཟང་པ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཡབ་རྗེ་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ལྷ་བཙུན་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །
བདུན་པ་བསྟན་སྲུང་མཆོད་བསྟོད་དྲག་སྔགས་ལ། །དྲེགས་པ་འདུས་པ་རྩ་བའི་རྒྱུད་༼ཟུར༽ལེའུ་བཅུ་གཅིག་པ་སློབ་དཔོན་ཆེན་པོ་པདྨ་སམ་བྷ་དང་ལོ་ཆེན་བཻ་རོས་བསྒྱུར་བ་སྤྲུལ་པའི་གཏེར་སྟོན་མངའ་བདག་ཉང་གིས་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པ། དྲག་སྔགས་འདུས་པ་རྩ་༼ཟུར༽བའི་རྒྱུད་ལེའུ་བཅུ་གཅིག་པ་འགྱུར་དང་གཏེར་སྟོན་གོང་འདྲ། དཔལ་མགོན་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་རྔམས་པའི་རྒྱལ་པོ་ཉིད་ལྕང་ལོ་ཅན་གྱི་གནས་མཆོག་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ་སོགས་གླེང་གཞིའི་ལེའུ་དང་པོ། མགོན་པོ་ལ་འཕྲིན་ལས་བཅོལ་བ་དང་བསྟོད་པ་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་རྟོག་པ་བདུན་པའོ། །མགོན་པོ་མདོ་རྒྱུད་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བ་བོད་ཀྱི་བནྡེ་ཁྲི་གཙུག་རྡོ་རྗེ་ལ་གཏད་དོ། །ལྕགས་ཀྱི་མོན་པ་སྤྱི་རིང་མངགས་པ་ལས་ཕྱི་མའི་རྟོག་པ་བརྒྱད་པ། འཁོར་ལ་གདམས་པའི་ལེའུ་བཅོ་ལྔ་པའོ། །གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས། དཔལ་ནག་པོ་ཆེན་པོ་མེ་ལྕེ་འཕྲེང་བའི་རྒྱུད་ལ། ཚོགས་བདག་མེ་ལྕེ་འཕྲེང་བར་ཡང་གྲགས་ལ། ལེའུ་དང་དུམ་བུ་སྤེལ་མར་ཡོད་དོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་རྡོ་རྗེ་འཛིན་པའི་རྒྱལ་པོ་ནི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རིའི་ཚོགས་དབུས་ན་འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་ཞེས་སོགས་གླེང་གཞི་གླེང་བསླང་བཅས་པའི་ལེའུ་དང་པོ། ལྷ་མིན་དཔུང་བཟློག་པ་བཞི་པ། ལྷ་ཆེན་ཚོགས་ཀྱི་བདག་པོ་ལྷའི་དེད་དཔོན་ཞེས་བྱ་བར་ལྷ་རྣམས་ཀྱིས་གྲགས་སོ་སོགས་ལྷའི་དེད་དཔོན་ཆེན་པོར་མངའ་གསོལ་བའི་དུམ་བུ་དང་
པོ། ནག་པོ་ལྕམ་དྲལ་གྱིས་སྲིན་པོ་ལངྐ་མགྲིན་བཅུ་བཏུལ་བའི་ལེའུ་ལྔ་པ། མནན་པ་དང་གསད་པའི་ལེའུ་ཉེར་གཉིས་པ། གསད་ལས་ལྔའི་དུམ་བུ་ལྔ་པ། ཕྱི་རབས་ལ་གཏད་པ་དང་ཡི་རང་བའི་ལེའུ་ཞེ་བཞི་པ། རྒྱུད་ཡོངས་སུ་གཏད་པའི་ལེའུ་ཞེ་ལྔ་པའོ། །རྒྱ་གར་གྱི་མཁན་པོ་ད་ན་ཤི་སང་ཏྲི་དང་བོད་ཀྱི་ལོ་ཙཱ་བ་སྤ་གོར་བཻ་རོ་ཙ་ནས་བསྒྱུར་རོ། །དཔལ་ནག་པོ་ཆེན་པོ་དུར་ཁྲོད་ནག་༼གནས༽པོའི་རྒྱུད་བརྟག་པ་བཅུ་གཉིས་པ་བླ་མ་ནག་པོ་རོ་འཛིན་དང་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་ཞུས་ཏེ་གཏན་ལ་ཕབ་པ།དཔལ་ནག་པོ་ཆེན་པོ་མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་འཁོར་གདོན་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། དྲག་པོ་སྔགས་ཀྱི་ལེའུ་བཅུ་པ། འཁོར་ལོ་བྲི་བ་བཅུ་གཅིག་པ། བརྒྱུད་པའི་ལེའུ་ཉེར་གཅིག་པའོ། །བླ་མ་མི་བསྐྱོད་རྡོ་རྗེ་ལ་གནང་རྗེ་བཙུན་ཤན་ཏེ་བ་ཏྲས་ཞུས་པ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་༼སྣང༽པའི་རྒྱུད་ལེའུ་བཅོ་བརྒྱད་པ་མངའ་བདག་ཉང་གི་གཏེར་བྱོན། བཅོམ་ལྡན་འདས་དཔལ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དཔལ་མགོན་མ་༼སྨན༽ནིང་ནག་པོའི་ལས་རྒྱུད་ལེའུ་བཅུ་གསུམ་པ་མཇུག་མངོན་པར་བསྟོད་པ་དང་བཅས་པ་ཙིཏྟ་རིན་པོ་ཆེའི་རྒྱ་ཅན། དཔལ་མགོན་པོ་ནག་པོ་དངོས་གྲུབ་བརྟན་པར་གཟིགས་པ་མན་༼ཚར༽ངག་གི་རྒྱུད་པོ་ལེའུ་བཅུ་གཅིག་པ་རྒྱལ་པོ་བ་སུ་དྷ་ར་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་འགྱུར་སྤྲུལ་
སྐུ་རྒྱའི་གཏེར་བྱོན། དཔལ་མགོན་པོ་ནག་པོ་སྙིང་གི་དངོས་གྲུབ་བརྟན་པར་གཟིགས་༼ཚར༽པའི་རྒྱུད་རྟོག་པ་ལྔ་པ་མ་ཚང་བ་ཁ་སྐོང་བ་རྨད་དུ་བྱུང་བ་ལོ་པཎ་དང་གཏེར་སྟོན་གོང་འདྲ། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ལ། ནམ་མཁའ་དང་མཉམ་འཁོར་ལོའི་བདག །ཐུགས་ཀྱི་རྡོ་རྗེ་བརྒྱད་ཀྱིས་བསྐོར། །དེ་སྤྲུལ་ནག་པོ་ཆར་སྤྲིན་མདོག །ལག་ན་གྲི་གུག་ཐོད་པ་འཛིན། །ཞེས་སོགས་གླེང་གཞིའི་ལེའུ་དང་པོ། གསང་བའི་པར་བུ་ཆེན་པོ་ལྔ་པ། དམ་ཚིག་གི་ལེའུ་བཅུ་པའོ། །སྣ་ནམ་རྡོ་རྗེ་བླ་མས་བསྒྱུར། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རི་རབ་ཆེན་པོའི་སྟེང་ན་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། དེའི་རི་རབ་ཀྱི་བྱང་ཤར་ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་སོགས་བྱུང་ཚུལ་གྱི་ལེའུ་དང་པོ། གསང་བའི་ཚུལ་དུ་མགོན་པོ་སྒྲུབ་པ་དྲུག་པ། གཏད་པའི་ལེའུ་བཅུ་གཉིས་པའོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་གནས་ཡུམ་གྱི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ་སོགས་དབང་བསྐུར་བ་དང་དཀྱིལ་འཁོར་བསྟན་པའི་ལེའུ་དང་པོ། ཐུན་མོང་དང་ཁྱད་པར་གྱི་ལྟ་བ་བསྟན་པ་བདུན་པ། རྫོགས་པའི་རིམ་པ་ཕྱི་མ་སྟེ་བཅུ་གཉིས་པའོ། །མ་མོ་སྲིད་པའི་བེམས་ཆེན་པོ་ལ། སྔོན་འདི་སྐད་ཐོས་པའི་དུས་གཅིག་ན་རང་སྣང་གི་དངོས་པོ་ནི་རིགས་ལྔ་འབྱུང་བ་ལྔ་ནི་ཡུམ་ལྔ་རུ་སྣང་བ་ལས་སྲིད་པ་ཆམ་
ལ་དབབ་པའི་སྐོས་བདག་སྲིད་པའི་རྒྱལ་མོ་འཁོར་ལོ་རྟེན་ཅིང་འབྲེལ་བར་འབྱུང་བས་ཐམས་ཅད་བསྡུས་པ་ལས་ཞེས་སོགས་གླེང་བཞིའི་ལེའུ་དང་པོ། གཡུང་དྲུང་གིས་གསོལ་བ་བཏབ་པ་སོགས་གཉིས་པ། འཇིག་རྟེན་ཕན་གདགས་པ་བཅུ་བདུན་པ། ལྟ་བ་མདོར་བསྟན་པ་བཅོ་བརྒྱད་པ། ཨེ་ཀ་ཛ་ཊི་པྲ་དབབ་པ་སོ་ལྔ་པ། བརྟག་པའི་རྒྱལ་མོ་ལ་མདོས་འདི་ཡན་ལ་ལེའུ་སོ་ལྔ་སོ་དྲུག་མཐུན་མ་མཐུན་ཅི་རིགས་སྣང་ངོ་། །བསྔོ་བ་ནས་ཀླུའི་བསྐང་ལེ་ཆེན་པོའི་སྐབས་ཀྱི་བར་ལེའུའི་མིང་གསལ་མེད་པ་སྣ་ཚོགས་པ། མཇུག་ཏུ་གུ་རུ་དཔལ་བཞད་རྩལ་གྱིས་མཛད། སླད་ཀྱི་གུ་རུ་འཕྲུལ་བག་གི །ཐུགས་ཀྱི་དགོངས་པ་བེམས་ཞེས་བྱ་བ་འདི་གུ་རུ་འཕྲུལ་གྱི་གཤོག་རྒོད་རྩལ་དང་བན་ཆུང་ཡང་དབང་གཏེར་གྱིས་བསྒྱུར། བདག་འདྲ་བན་ཆུང་སངས་རྒྱས་ཀྱིས། །འཛམ་གླིང་སེམས་ཅན་རྟོགས་ཅན་ལ། །ལུང་ཆེན་བསྐང་ལེ་ཆེན་པོ་འདི། །ཞེས་སོགས་ཡོད་པ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་བསྟན་པའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཉིད་ལངས་ཏེ་མ་ཧཱ་ཀཱ་ལ་བྱ་རོག་གདོང་ཅན་དུ་སྤྲུལ་ནས་སོགས་གླེང་གཞིའི་ལེའུ་དང་པོ། ཏིང་ངེ་འཛིན་གྱིས་བསད་པའི་ལེའུ་བདུན་པ། རྗེས་སུ་ཡི་རང་བའི་ལེའུ་བཅོ་ལྔ་པའོ། །སྣ་ནམ་གྱིས་བསྒྱུར། བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ་སྙིང་གཟེར་ནག་པོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་
གཞོན་ནུའི་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་སོགས་བཅས་ཀ་གླེང་གཞིའི་ལེའུ་དང་པོ། ཕུང་བྱེད་འཕྲིན་ལས་ཀྱི་རྒྱུད་ཆེན་པོའི་ལེའུ་བདུན་པ། ཕུང་བྱེད་ཁུས་འདེབས་ཀྱི་ལེའུ་བཅོ་ལྔ་པའོ། །འབྱུང་པོ་འདུས་པ་ཆེན་པོའི་༼ཁྲ༽རྒྱུད་ལྷ་འདྲེ་སྟོང་གི་དྲ་བ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་འོག་མིན་གྱི་གནས་ན་བཅོམ་ལྡན་འདས་གསང་བའི་བདག་པོ་དེ་ལ་འཁོར་དཔག་ཏུ་མེད་པས་བསྐོར་བའི་ཚུལ་གྱིས་བསྐོར་ཏེ་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མཎྜ་ར་བ་ལ་སོགས་པ་དུ་མས་མཆོད་ཅེས་སོགས་གླེང་གཞིའི་ལེའུ་དང་པོ། དྲེགས་པ་རྣམས་ཀྱིས་དམ་བཅས་ཤིང་སྙིང་པོ་ཕུལ་བ་གཉིས་པ། ཡ་བདུད་བཅུ་གསུམ་གྱི་སོགས་ཉེར་ལྔ་པ། བདུད་འཆོས་པ་ཉེར་དྲུག་པ། དྲེགས་པ་རྣམས་རྗེས་སུ་ཡི་རང་ནས་བསྟོད་པའི་ལེའུ་ང་གཉིས་པ། ཡོངས་སུ་གཟུང་ཞིང་གཏད་པའི་ལེའུ་ང་གསུམ་པའོ། །ལེའུ་བཅུ་པ་མ་ལྡབས་ན་ང་བཞི་པའོ། །དེ་ལྟར་ལེགས་པར་ཐོབ་པའི་རྟགས་མེད་ཡོངས་རྫོགས་དང་དར་གནས་ཀྱི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། ལྷ་ཀླུ་གནོད་སྦྱིན་གསུམ། རྒྱལ་པོ་ཛ། ཨིནྡྲ་བྷཱུ་ཏི། ནཱ་ག་སུ་ཏྲི། གུ་ཡ་བོ་དྷི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེང་གེ །དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། པཎྜི་ཏ་ཟླ་བ་མགོན་པོ། ལྕེ་དོལ་སྒང་པ། འགོས་ཁང་གསར་བ། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་དགེ་སློང་། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་
པ། སྨན་རྒྱལ་རྡོ་རྗེ་རྒྱལ་མཚན། གཉལ་པ་ལུང་གི་དབང་ཕྱུག །འོན་ཆོས་སྡིངས་པ་འཇམ་དབྱངས་བཤེས་གཉེན། གྲ་ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། ཕྱམ་དགོན་པ་བསམ་གཏན་བཟང་པོ། རྒྱལ་བའི་སྲས་པོ་རཏྣ་གླིང་པ། ཐུགས་སྲས་ཚེ་དབང་གྲགས་པ། མཚུངས་མེད་ངག་དབང་གྲགས་པ། ཆོས་རྗེ་ངག་དབང་ནོར་བུ། གཙུག་རྒྱན་ནོར་བུ་ཡོངས་གྲགས། ཆོས་གཏེར་ནོར་བུ་དབང་རྒྱལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། གར་དབང་ཚུལ་ཁྲིམས་རྒྱལ་མཚན། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །དར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྗེ་ནོར་བུ་དབང་རྒྱལ་ནས། བྱ་བཏང་ནོར་བུ་ཆོས་བརྟན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་འགོས་འབུམ་གྲགས་ནས། ཕོ་རོག་མདོ་སྡེ་མགོན་པོ། ཞང་ཞལ་དཀར་བ། འགོས་དངོས་གྲུབ་རྒྱལ་མཚན་མན་གོང་ལྟར་རོ། །ཁྲའི་རྟགས་ཡོད་པའི་བརྒྱུད་པ་ནི། གསུང་སྤྲུལ་ནས། རྡོ་རྗེ་འཆང་ཉང་སྟོན་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཁྲག་འཐུང་འཇིགས་བྱེད། རྒྱ་གར་ཁྲག་འཐུང་ནག་པོ། ཕུང་བྱེད་ཤིནྟཾ་གརྦྷ། སློབ་དཔོན་པདྨ་ཁྲག་འཐུང་། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་སྟོན་ཁྲོ་རྒྱལ། ལྷ་རྗེ་བདུད་འདུལ། དྲག་པོ་རྔམས་བྱེད། རས་པ་བདུད་འདུལ་དབང་ཕྱུག །ཟུར་པ་ཤི་ཤཱཀ་འོད། གྲུབ་ཐོབ་ཧཱུཾ་ཆེན། སྔགས་འཆང་ཁྲོ་བོ་རྒྱལ་པོ། སློབ་དཔོན་མགོན་པོ་སེང་གེ །ཟུར་ཧཱམ་ཆོས་རྗེ། དཔལ་ལྡན་བཟང་པོ། ཤཱཀྱ་བཤེས་གཉེན། བླ་མ་རྒྱ་མཚོ། བླ་མ་དྲུང་རྒྱལ་བ། སངས་རྒྱས་ཡེ་ཤེས། ཀ་ཐོག་པ་བསོད་ནམས་རྒྱལ་མཚན། རྣམ་གྲོལ་
ཡེ་ཤེས་བཟང་པོ། ཀ་ཐོག་པ་ཆོས་ཀྱི་སེང་གེ །སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་ཀརྨ་ཆོས་སྐྱོང་། བླ་མ་བཀྲ་ཤིས་ལྷུན་གྲུབ། ཉང་སྟོན་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཟུར་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རྡོ་རྗེ་ཆོས། དམ་པའི་རིགས་ཅན་དྲ་མ་ལྔ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། རྒྱ་གར་གྱི་རིག་འཛིན་བརྒྱད། དེའི་ནང་ནས་པཎ་ཆེན་ཤནྟིཾ་གརྦྷ། རོམ་བུ་གུ་ཧྱ་དེ་ཝ་ཙནྡྲ། སློབ་དཔོན་དྷ་ན་སཾ་སྐྲྀ། ཀུན་གྱི་བཅུད་བསྡུས་པདྨ་འབྱུང་གནས་ཏེ་མཁས་པ་མི་བཞི། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་མངའ་བདག་ཉང་རལ། སྲས་འགྲོ་བའི་མགོན་པོ། འགྲོ་མགོན་གཉོས་ཞིག་གྲགས་པ་དཔལ། ཐིང་མ་བ་འདི་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་པ། གཉོས་པདྨ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གཉོས་གྲགས་པ་རིན་ཆེན། གཉོས་གྲགས་པ་འོད་ཟེར། མཚམས་ཆེན་པ་གྲགས་པ་རྒྱལ་མཚན། གཡའ་མ་རི་པ་ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། བཀའ་བརྒྱད་པ་མཁའ་ཀློང་ཡངས་པ། ཀོང་པོ་རྩ་ནང་པ་རྡོ་རྗེ་ཆེ་མཆོག་རྩལ། ལྷ་བྲོ་སྤྲུལ་སྐུ་ཆོས་ཀྱི་དབང་པོ། ལྷ་བུན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །རིག་འཛིན་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་མངའ་བདག་འགྲོ་མགོན་ནས། མངའ་བདག་
བློ་ལྡན་ཤེས་རབ། མངའ་བདག་བདུད་འདུལ་འབུམ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། མངའ་བདག་འཇམ་དཔལ་ནོར་བུ། མངའ་བདག་ཀུན་དགའ་རྒྱལ་མཚན། མངའ་བདག་ནོར་བུ་འཕེལ། མངའ་བདག་ཀུན་དགའ་འོད་ཟེར། རྗེ་རིགས་ནམ་མཁའི་རྣལ་འབྱོར། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། ལེགས་ལྡན་རྗེ་མན་འདྲ། ཡང་ན་མངའ་བདག་འགྲོ་མགོན་ནས་རྫོང་ཆེན་མཆེད་གཉིས། དྷེ་བ་པ་ཏྲི། ཆོས་ཀྱི་རིན་ཆེན། གསུམ་ལྡན་ཡབ་སྲས། འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཟུར་ཧྭམ་ཆོས་རྗེ། ཟུར་ཕ་ལ་ཤྲཱི། ཟུར་ཤཱཀྱ་བཤེས་གཉེན། སོག་པོ་དཔལ་ཡེ། ཀུན་བཟང་པ། ཀ་ཐོག་པ་བསོད་ནམས་རྒྱལ་མཚན། རྣམ་གྲོལ་ཡེ་ཤེས་བཟང་པོ། ལེགས་ལྡན་རྗེ་མན་འདྲ། གནས་ཀྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། ཀུ་ཀུ་རི་པ། ལ་ལཱི་ཏ་བཛྲ། གྱི་ལྗང་དབུ་དཀར། ཁམས་པ་གྲུ་གུ་བུ་སྟོན་པ། མོན་མིག་དམར་སྟོན་པ། ར་ལམ་མར་སྟོན། མགོན་པོ་ཇོ་ཞང་། ལང་འགྲོ་བྱང་ཆུབ་དར། ལྕེ་མདོ་སྡེ་སེང་གེ །གྲུ་སྟོན་ཤཱཀྱ་འབུམ། དཀར་གཤོང་པ་རྡོ་རྗེ་རྒྱལ་མཚན། མངའ་རིས་བླ་ཆེན་ཆོས་དཔལ་བཟང་པོ། སྟག་ཚང་ལོ་ཙཱ་བ་མཉྫུ་ཤྲཱི། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་བསོད་ནམས་མཆོག་ལྡན། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །མཐུ་ཆེན་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་
མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གྱི་ལྗང་ནས། ཚར་དགུ་སྟོན་པ། མོན་མིག་དམར་སྟོན་པ། བླ་ཆེན་ར་ལམ་པ། བླ་མ་ཞང་སྟོན་པ། ལང་འགྲོ་བྱང་ཆུབ་དར། ལྕེ་སྟོན་མདོ་སྡེ། དཔལ་ཆེན་སྐྱེ་མེད། གྲུ་སྟོན་ཤཱཀྱ་འབུམ། དགེ་བཤེས་དབུ། ས་སྐྱ་པ་དྷརྨ་གཟི་བརྗིད། སྔགས་འཆང་ཀུན་དགའ་ཟླ་བ། འདར་མཁན་པོ་བློ་གྲོས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བཟང་། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན། ཐུགས་སྲས་ཀུན་དགའ་རྒྱལ་པོ་མན་བཤད་མ་ཐག་པ་ལྟར་རོ། །ཡང་ན་རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། སྒེག་པའི་རྡོ་རྗེ། ནག་པོ་རོ་འཛིན། གྱི་ལྗང་ལོ་ཙཱ་བ་མན་འདྲ། སྣང་གི་རྟགས་ཡོད་པའི་བརྒྱུད་པ་ནི། ཆེ་མཆོག་ཧེ་རུ་ཀ །ཡེ་ཤེས་མགོན་པོ། ཨོ་རྒྱན་རིན་པོ་ཆེ། ཇོ་མོ་འཚོ་རྒྱལ། རྗེ་ཁྲི་སྲོང་ལྡེ་བཙན། མངའ་བདག་ཉང་རལ། སྲས་འགྲོ་མགོན། སངས་རྒྱས་མདོ་བོ་རས་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། བླ་མ་ཉི་མ་འོད་ཟེར། མཁན་བསོད་ནམས་བློ་གྲོས། གུ་རུ་སྨོན་ལམ་ཤེས་རབ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་གོ་ལྡོག་ཀྱང་འདིར་རིག་འཛིན་ཆེན་པོའི་གསན་ཡིག་སོར་གནས་བྲིས་སོ། །བླ་མ་རིན་ཆེན་རྡོ་རྗེ། རྟོགས་ལྡན་ཤེས་རབ་ཚུལ་ཁྲིམས། དྲིན་ཅན་ཆོས་ཉིད་ཤེས་རབ། མཁས་བཙུན་བསོད་ནམས་བཟང་པོ། བླ་མ་ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེའི་གསན་ཡིག་ན་བློ་གྲོས་རྒྱ་མཚོ་ཞེས་པ་སྣང་། རྗེ་ཆོས་ཀྱི་རིན་ཆེན། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། རིག་འཛིན་ལེགས་ལྡན་རྡོ་རྗེ། རྒྱལ་སྲས་པདྨ་ཆོས་རྒྱལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། སྣང་གསལ་བ་ངག་དབང་ཡེ་གྲུབ།
ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། འགྲོ་མགོན་གཉོས། མཚན་ལྡན་གྲུབ་ཐོབ། གཉོས་གྲགས་པ། གྲགས་པ་བཀྲ་ཤིས། གྲགས་པ་རིན་ཆེན། ཐིང་མ་གྲགས་འོད། རྡོ་རྗེ་རྒྱལ་པོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། ལེགས་ལྡན་རྗེ་མན་འདྲ། ཡང་ན་ལེགས་ལྡན་རྗེ་ནས། འབྲིང་གུང་གནམ་ལྕགས་མེ་འབར། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ངག་དབང་ཡེ་གྲུབ་མན་གོང་ལྟར་རོ། །ཡང་ན་ཐིང་མ་གྲགས་འོད་ནས། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའ་མཚན་ཅན། མཁའ་གློང་ཡངས་པ། སྐལ་ལྡན་རྒྱ་མཚོ། མི་འགྱུར་ལས་འཕྲོ་གླིང་པ། འབྲི་གུང་གནམ་ལྕགས་མེ་འབར་མན་གོང་བཞིན་ནོ། །སྨན་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ སྤྲུལ་སྐུ་མ་ནིང་ནག་པོ། གུ་རུ་པདྨ་ཐོད་ཕྲེང་། ཇོ་མོ་འཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག །སྨན་ལུང་ཤཱཀ་འོད། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་ཁུ་དབོན་གཉིས། གུ་རུ་ཆོས་སྐུ་འོད་ཟེར་། རྗེ་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཀརྨ་གུ་རུ་ནས། ཆོས་དབང་བསྟན་པའི་རྒྱལ་མཚན། རྗེ་ཆོས་དབང་ཀུན་བཟང་། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཚར་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གཏུམ་པོ། པདྨ་ཐོད་ཕྲེང་།
ཤིནྟཾ་གརྦྷ། རོམ་བུ་གུཧྱ་ཙནྡྲ། རྒྱ་གར་ཁྲག་འཐུང་ནག་པོ། སློབ་དཔོན་སྒེག་པའི་རྡོ་རྗེ། བལ་པོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། གཏེར་སྟོན་དྲང་ཀུན་གྲགས། སོའི་བནྡེ་འབུམ་གྲགས། སྐྱའི་བནྡེ་མཐུ་ཆེན། ལྕེ་བཙུན་མདོ་སྡེ་སེང་གེ །མཚུངས་མེད་རོང་པ་རྒྭ་ལོ། ལྕེ་བཙུན་བློ་ལྡན་སེང་གེ །བླ་མ་སྲིའུ་ཆུང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་། དབོན་སྟོན་ཆོས་སྐྱོང་རྒྱལ་མཚན། ཕ་རྒོད་ཆོས་སྐྱོང་རིན་ཆེན། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེ་དབང་ཕྱུག །མཐུ་ཆེན་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །