Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

27 occurrences of བརྒྱུད་གསུམ་
[Clear Hits]


 
 
 
 
 
  
  
  
  
  
  
  
 
 
  
  
 
 
  
  
  
  
 
  
 
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས། མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻཌཱུརྱའི་དོ་ཤལ།
 
  
  
 
 
  
  
 
 
  
  
  
 
  


27 occurrences of བརྒྱུད་གསུམ་
[Clear Hits]

 
previousཆོས་ཉིད་ནམ་མཁའི་ཀློང་མཛོད་ལས། མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻཌཱུརྱའི་དོ་ཤལ།next

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས། མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻཌཱུརྱའི་དོ་ཤལ།


JSD002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས། མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻཌཱུརྱའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


JSD002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཡོ་གི་ནི་ཀྲོ་དྷི་ཀ་ལི་ཡེ། བླ་མ་ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་ལ། །གུས་པས་བཏུད་དེ་གང་གི་དཀྱིལ་འཁོར་དུ། །སློབ་མ་གཞུག་པའི་ཆོ་གའི་མཚམས་སྦྱོར་འགོད། །དཔང་གྱུར་ཚོགས་ཀྱིས་གནང་བ་བསྩལ་དུ་གསོལ། །དེ་ལ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་པ་ལ་གནས་པའི་སློབ་དཔོན་གྱིས་སྣོད་ལྡན་སློབ་མ་རྗེས་སུ་འཛིན་པའི་ཚུལ་


JSD002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དབང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། མཁའ་འགྲོ་འདུ་བའི་གནས་སུ་ཡར་མར་གྱི་ཚེས་བཅུ་ལྟ་བུར། སྟེགས་བུའི་དབུས་སུ་དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་ཁྲིའུ་ལ་རྣམ་བུམ་དྲིའི་ཆབ་དང་སོ་ལྔའི་རྫས་ཀྱིས་བཀང་བ་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་ལྡན་པ་འགོད། བུམ་པའི་ཁ་རྒྱན་གསེབ་བམ་མདུན་དུ་གཙོ་འཁོར་ཉེར་


JSD002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་ལྷ་ཙཀ་ཚང་བ། གཡས་གཡོན་རྣམས་སུ་དུར་ཁྲོད་ཆས་བརྒྱད། མི་ལྤགས། རྐང་གླིང་། ཌ་དྲིལ། ཅོག་པུ། གྲི་གུག །བསྒྲལ་ཆས། ཚོགས་རྫས། ཧོམ་ཁུང་། འུར་རྡོ། བྷནྡྷ་ཆོས་སྨན་ཆང་སྦྱར་གྱིས་བཀང་བ། སྔགས་བྱང་། ཕྲེང་བ། སྐྲ་ཅོག །ཐོད་སྣོད། ཁ་ཊཾ། སྒོམ་ཐག །དུང་ལུང་། རས་གཟན། ཨང་རག །སྟག་ལྤགས། རིག་ཙཀ། དགའ་འཁྱིལ་སྲོག་ཡིག་ཅན། རིགས་ལྔའི་ཕྱག་མཚན་བསྡོམས་པ། ཤེལ་རྡོ། མེ་ལོང་། འཇའ་ཐིག །འོད་ལྔའི་ཐིག་ལེ་རྣམས་དངོས་གང་ཙཀ་ལི་ཅི་རིགས། རྒྱབ་ཏུ་དབང་གཏོར་དཔེའུ་རིས་ལྟར་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། རྫས་བརྒྱད། རྟགས་བརྒྱད། སྣ་བདུན་བཅས་བཀོད། མདུན་དུ་སྨན་རཀ་གཏོར་གསུམ་དང་ཆུ་གཉིས་ཉེར་སྤྱོད་ལྔ་སྤྱི་ལྟར་བཤམས། གཞན་ཡང་སྔོན་འགྲོ་བཀའ་སྲུང་སྤྱི་དང་སྲོག་བདག་རྣམ་བཞི་གཟའ་བཅས་ཀྱི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན། བགེགས་གཏོར་


JSD002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་གཟུགས་མ། ལས་བུམ། མིག་དར། མེ་ཏོག་སོགས་མཁོ་བའི་ཆས་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། ཕྱག་བཞེས་བཞིན་ལས་བྱང་ཆེ་འབྲིང་གཉིས་གང་ཡང་རུང་བའི་གཞུང་བསྲང་ལ་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་སྒྲུབ་པའམ། རྟོགས་པས་མི་ཆུན་ན་བཟླས་པའི་འགོར་བྷཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཞེས་པས་ཛཔ་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་དམིགས་ཏེ་བསྙེན་པའི་བཟླས་པ་ཇི་ཙམ་ནུས་པ་དང་། སྒྲུབ་དང་ལས་སྦྱོར་གྱི་བཟླས་པའང་ཅི་རིགས་མཐར། རྣམ་རྒྱལ་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ནང་དུ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་ཉི་ཟླ་བམ་རོའི་གདན་ལ་བཅོམ་ལྡན་


JSD002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མ་ཁྲོས་མ་ནག་མོ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་མཐའ་སྐོར་དུ་ཉི་མ་དང་ཟེར་གྱི་ཚུལ་དུ་རང་རྩལ་སྤྲུལ་པའི་འཁོར་ཚོགས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་པར་བསམ་ལ། བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སཾ་གྱིས་དམ་ཡེ་དབྱེར་མེད་དུ་བསྟིམ། ཨཉྙཾ་སོགས་ཀྱིས་མཆོད། ཧཱུྃ༔ ཆོས་སྐུ་ནམ་མཁའ་. ལྟ་བུར་ཀུན་ལ་ཁྱབ༔ ལྷུན་གྲུབ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་གང་འདུལ་སྤྲུལ་པའི་སྐུ་རུ་ཤར༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཟུངས་ཐག་བླངས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་བརྒྱུད་དེ་མདུན་བསྐྱེད་བུམ་ལྷའི་ཐུགས་


JSD002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་ལས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་དང་རྒྱས་སྲས་ཐམས་ཅད་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་ཚུར་འདུས་བུམ་པའི་ཆུ་ལ་ཐིམ་པར་བསམ་ལ། སྙིང་པོ་གང་འགྲུབ་བཟླ། མཐར་དབྱངས་གསལ་ཡིག་་བརྒྱ་རྟེན་སྙིང་འདོད་གསོལ་མཆོད་བསྟོད་དང་བུམ་བསྟོད་ཤློ་ཀ་བཅས་བྱས་ལ་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ཏེ། ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་བུམ་ཆུའི་རྣམ་པར་གྱུར་པར་མོས། ལས་བུམ་སྭ་བྷ་ཝས་བསང་སྦྱང་། ལས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་


JSD002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན བབས་པས་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར༔ ཞེས་དམིགས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུདྷ་ཀ་ཧཱུྃ་ཕཊ༔ཅེས་བརྒྱའམ་ཉེར་གཅིག་ཙམ་བཟླས་མཐར། ཉེར་སྤྱོད་སྔགས་ཙམ་གྱིས་མཆོད། ཧཱུྃཧཱུཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཧེ་རུ་ཀཿ༔ སྒྲིབ་གཉིས་དྲི་མ་སྦྱོང་མཛད་པ༔ ༝ བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་མོས། སྲོག་བདག་རྣམ་བཞི་དང་གཟའི་གཏོར་འབུལ། བཤགས་པ་ཡེ་ཤེས་འོད་ཟེར་རམ་ཉམས་ཆག་སྐོང་བའི་ལུང་བྱུང་། ཚོགས་མཆོད་གནམ་ཕུད་ཡན་བྱས་ལ། འོག་ཏུ་སློབ་མ་ལ་བྱ་བ་བཞིན་ཏིང་ངེ་འཛིན་གསལ་པོས་བདག་འཇུག་རྫོགས་པར་ལེན་པའམ་


JSD002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དོར་བ་ཙམ་དང་། སློབ་མ་གཞུག་པར་གནང་བ་ཞུ། དབང་དངོས་ལ་དམ་ཚིག་ཐུབ་ངེས་པའི་སློབ་མ་བདུན་སོགས་ལས་ཧ་ཅང་མང་པོ་མ་་ཡིན་པ་རྣམས་སྒོའི་ཕྱི་རོལ་དུ་འཚོགས་པ་ལ། ཧཱུྃ་ཧྲཱིཿ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས༔ སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ༔ གནས་པའི་ཉེས་སྐྱོན་དྲི་མའི་ཚོགས་བཅས་ཀུན༔ བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག༔ ཅེས་དང་ཡིག་བརྒྱ་བཟླས་པས་ཁྲུས་བྱ། གྲལ་དུ་འཁོད་པ་ལ། བགེགས་གཏོར་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨ་ཀཱ་རོས་བརླབ། ཨོཾ་སརྦ་བིགྷན་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ


JSD002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ས་མགྲོན་དགུག །ཨོཾ་སརྦ་བིཊྛཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ་སོགས་ལན་previous hit གསུམ་གྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད next hit་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། དོན་དམ་ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་་༝ བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་མ་ཅིག་ཁྲོས་མ་ནག་མོ་དབྱིངས་ཀྱི་ཡུམ་ཆེན་ལྔ་ལས་མཛད་མ་བཞི་གདོང་མོ་རྣམ་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་


JSD002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གླུད་གཏོར་འདིས་་་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་ཁྲོས་མའི་སྐུའི་གནས་དང་བ་སྤུའིབུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་རང་རྩལ་གཅིག་ལས་དུ་མར་འཕྲུལ་པ་ཁྲོ་ཆུང་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས་པས་ཁྱེད་་་རྣམས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། སུམྦྷ་ནིའི་དྲག་སྔགས་སྤོས་ཡུངས་རོལ་མོ་དང་བཅས་པས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃཧཱུཾ། ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་མོས། མེ་


JSD002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀྲམ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་རྩི པར་ཞུ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་དབང་པོ་དང་སྐལ་པའི་ཁྱད་པར་རྗེས་སུ་མཐུན་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་དབྱེ་བའི་སྒོ་ནས་ཐེག་པ་རིམ་པ་དགུར་


JSD002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་རྒྱུའི་ཐེག་པ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཀྱང་ཐབས་ཀྱིས་ཟིན་མ་ཟིན་ལས་ཕན་གནོད་ཀྱི་བྱ་བ་བྱེད་པར་ཤེས་ནས་ཀུན་རྫོབ་ཙམ་རྫས་ཡོད་དུ་ཤེས་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟས་ནས་སྤོང་བའི་ཐབས་ལ་བརྟེན་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ལྟ་བ་མ་རྨོངས་པ། སྒོམ་པ་ཐབས་མང་བ། སྤྱོད་པ་དཀའ་བ་མེད་པ། གང་ཟག་དབང་པོ་རྣོན་པོ་སོགས་ཀྱིས་ཁྱད་པར་དུ་འཕགས་གསུམ་དང་


JSD002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། དེ་ལའང་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོག་པས་སྦྱར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱི་ཁྱད་པར་དུ་འཕགས་པ གསང་སྔགས་རྙིང་མ་ཡིན། རྙིང་མ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་previous hit བརྒྱུད་པའི་བཀའ་སྲོལ་གསུམ next hit་དུ་ཡོད་


JSD002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། འདིར་བཀའ་མ་ལས། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་previous hit བརྒྱུད པའི་ཁྱད་པར་གསུམ next hit་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་འཕགས་པ་ལས་འཕྲོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་རྒྱ་ཆེ་བ་ས་ཡི་གཏེར་དང་། ཟབ་མོ་དགོངས་པའི་གཏེར་གཉིས་ལས་འདིར་ཕྱི་མ། སྤྱིར་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པ་ལས་འདི་ནི་ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་ཆོས་སྡེར་གཏོགས་པ་ཟབ་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ་གཉིས་སུ་མེད་པའི་རྒྱུད་ཀྱི་སྙིང་པོའི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་


JSD002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱེད་པའི་མྱུར་ལམ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྒྱལ་བ་ཀུན་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོའི་སྐོར་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་དབང་དུ་བྱས་ན། གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨ་ཀ་ར་དེ་ཉིད་ལ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་འབུམ་པ་ཕྱག་ཏུ་ཕུལ། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་ཚ ཁྲོས་མ་ནག་མོའི་ཐུགས་སྒྲུབ་ནི་སྙན་བརྒྱུད་ཀྱི་ཚུལ་དུ་གསུངས་པས་སྒྲུབ་ཐབས་ཀུན་ལས་འདི་ཉིད་གཉན་ཅིང་ཟབ་པར་དགོངས་ཏེ་ཐུགས་ཀྱི་ཀློང་དུ་སྦས་པ་ཕྱིས་བོད་ཡུལ་དུ་སྐུ་དངོས་ཀྱིས་བྱོན་ཚེ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་ལ་མཁའ་འགྲོ་སྡེ་ལྔས་བསྐུལ་མ་བྱུང་ནས། སློབ་དཔོན་ལ་གསོལ་བ་བཏབ་པས་


JSD002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདིའི་བཀའ་ལུང་མན་ངག་རྫོགས་པར་གནང་ནས་སྐལ་ལྡན་རྣམས་སྨིན་གྲོལ་ལ་བཀོད། ཕྱི་རབས་ཀྱི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ། ཇི་སྐད་དུ། རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ འགྲོ་བའི་སྡུག་བསྔལ་བསལ་བ་དང་༔ ཚེ་གཅིག་ཐར་ལམ་སྟོན་པའི་ཕྱིར༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཞེས་གསུངས་པ་ལྟར་གཞུང་ཕལ་ཆེ་བོད་ཡུལ་གྱི་གཏེར་གནས་སོ་སོར་སྦས་པ་ཉིད་ཕྱིས་གདུལ་བྱ་འདུལ་བའི་དུས་སུ་བབ་པ་ན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་སོགས་སྔོན་གྱི་ལོ་པཎ་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པ་རྣམས་གང་འདུལ་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་ལུང་མན་ངག་གི་བཅུད་རྣམས་རིམ་པར་ཞལ་ཕྱེས་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་གོ་འཕང་ལ་མཆོག་ཏུ་དབུགས་དབྱུང་བསྩལ་བ་ལས།


JSD002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་སློབ་དཔོན་སངས་རྒྱས་གཉིས་པས་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་ཀློང་ཆེན་ཐུགས་ཀྱི་སྒྲོམ་བུར་སྨོན་ལམ་ཟབ་མོའི་རྒྱས་བཏབ་པ་ཉིད་ཕྱི་མའི་དུས་འདིར། རང་གཏེར་ལས། མ་འོངས་དུས་ཀྱི་སྙིགས་མ་ལ༔ ང་དང་མི་གཉིས་ངའི་སྤྲུལ་པ༔ སྦས་པའི་རྣལ་འབྱོར ཞིག་པོའི་ཚུལ༔ ཆོས་ཉིད་བདེན་པ་མངོན་གཟིགས་ཤིང་༔ ཆོས་ཀུན་ཀློང་བརྡོལ་གཏེར་གསུམ་འདོམས༔ ལྷན་གྲུབ་རིག་འཛིན་སྒྱ་འཕྲུལ་རོལ༔༝ ཁྲག་འཐུང་རྡོ་རྗེ་གྲོ་བོ་ལོད༔ པདྨའི་གསང་མཛོད་བདག་པོ་འབྱུང་༔ ཞེས་དང་། གཞན་ཡང་གཏེར་ཆེན་ཆོས་རྗེ་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ཀྱི་ལུང་གིས་གསལ་བར་ཟིན་པ་ལྟར། འབྲོག་བན་ཡང་སྲིད་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་


JSD002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀློང་གྲོལ་རྡོ་རྗེ་མི་འགྱུར་རམ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་ཞེས་ཉི་འོག་ན་ཡོངས་སུ་གྲགས་པ་བརྟན་པ་དེ་ཉིད་ལ་སྤྱིར་བོད་ཆེན་པོའི་ཡུལ་གྱི་རྫོང་ཆེན་བརྒྱད་དང་རྩེ་མོ་བཅུ་གསུམ་ནས་བར་ཆད་མེད་པར་སྤྱན་དྲངས་པ། ཟབ་ཆོས་པདྨའི་སྙིང་ཐིག །རིག་འཛིན་ཐུགས་ཀྱི་ཐིག་ལེ། མཁའ་འགྲོ་གསང་བའི་གབ་ཐིག་སྟེ་རྒྱ་ཆེ་བ་ས་གཏེར་སྐོར་གསུམ་དང་། མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་བརྡོལ། དག་སྣང་ཡེ་ཤེས་དྲྭ་བ། ཆོས་ཉིད་ནམ་མཁའི་ཀློང་མཛོད་སྟེ་ཤིན་ཏུ་ཟབ་པ་དགོངས་གཏེར་སྐོར་གསུམ་བཞུགས་པ་ལས། ད་ལམ་སྐབས་སུ་བབ་པ་འདི་ནི་རྩ་བ་རྡོ་རྗེའི་གསུང་ལས། གྲུབ་པའི་དབང་ཕྱུག་སར་ཧ༔ མཁའ་འགྲོའི་གསང་མཛོད་བདག་པོ་ངས༔ སྙིང་གི་དྭངས་མའི་ཡང་ཐིག་འདི༔


JSD002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་འགའ་ཡི་སྤྱོད་ཡུལ་དུཿ༔ ཁྲག་འཐུང་ཆེན་པོ་ཁྱོད་ལ་གདམས༔ ཞེས་པ་ལྟར་རྗེ་གཏེར་ཆེན་དེ་ཉིད་ཀྱི་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་གཟིགས་ངོར་གྲུབ་བརྒྱའི་སྤྱི་མེས་དཔལ་ས་ར་ཧ་དང་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་གཅིག་ཉིད་ཐ་དད་ཀྱི་ཟློས་གར་མིག་འཕྲུལ་གྱི་བཀོད་པ་ལྟར་བསྒྱུར་ནས་མངོན་སུམ་བྱིན་གྱིས་བརླབས་ཤིང་བརྡ་ཐབས་བསྟན་པ་ལ་བརྟེན་ནས་ཆོས་ཉིད་ནམ་མཁའི་མཛོད་ཀྱི་ཀློང་སྒྲོམ་རང་བྱུང་རིག་པའི་་ཚེ ཆོ་འཕྲུལ་གྱིས་རྒྱ་བཀྲོལ་ཏེ་འཛད་དུ་མེད་པའི་ཐུགས་གཏེར་ཆེན་པོ་བརྡོལ་བའི་ཡང་ཞུན་ཏེ་ལས་དང་དངོས་གྲུབ་སྒྲུབ་པ་ལ་མི་བསླུ་ཞིང་བཀའ་ཕ་རོལ་ཏུ་ཕྱིན་པའི་གཅོད་ཡུལ་དང་གུ་རུ་པདྨའི་གཏེར་གཅོད་མཐའ་དག་གི་ལམ་གནད་ཚང་བ། ཁྱད་པར་འོད་གསལ་གསང་བ་ཆེན་པོ་མྱུར་ལམ་ཐོད་རྒལ་སྣང་བཞིའི་


JSD002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ལ་བརྟེན་ནས་ཟག་བཅས་ཟག་མེད་དུ་བསྒྲུབས་ནས་ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུར་གྲོལ་བའི་མན་ངག་ཟབ་ལ་འདྲིལ་བ་བཅས་དོན་གྱི་ཆ་ནས་གསང་རྒྱུད་མཐའ་དག་གི་སྙིང་པོ་འདུས་པ་ལ། ྋཚིག་གི་ཆ་རྒྱས་བསྡུས་འཚམས་པས་མཁས་བླུན་བར་མའི་འགྲོ་བ་སུས་ཀྱང་ཁྱེར་བདེ་ཞིང་ཕན་ཐོགས་དང་ཕྲིན་ལས་རྒྱ་ཆེ་བས་འབྲས་བུ་ཕྱི་དུས་ལ་མི་ལྟོས་པའི་ཚུལ། རྩ་བ་ལས། ཁྱོད་སློབ་སྐྱེས་མཆོག་བཅུ་གསུམ་ནི༔ རིམ་གཉིས་མཐར་ཕྱིན་ཚེ་འདི་ལ༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ ཞེས་པ་ལྟར་གཏེར་ཆེན་འདིའི་དངོས་སློབ་ཆོས་ཀྱི་བདག་པོ་བཅུ་གསུམ་རྟེན་དེར་འོད་ལུས་སུ་དེངས་པས་མཚོན་ལམ་འདིར་འཇུག་ཅིང་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ལ་རྩེ་གཅིག་བརྩོན་པར་ལྡན་ན་རབ་ཚེ་འདི་འབྲིང་བར་དོ་ཐ་མ་


JSD002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ་གྲོལ་བ་ཐོབ་པ་བསླུ་མེད་རྡོ་རྗེའི་ཚིག་གིས་གྲུབ་སྟེ། གཞུང་རྩ་བ་ལས། མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྒྲུབ་པའི་དཀྱིལ་འཁོར་འདིར་ཞུགས་ནསཿ མཚན་མའི་སྒྲུབ་པ་བསྒོམ་བཟླས་དང་༔ མཚན་མ་མེད་པ་ཐིག་ལེའི་གནད༔ འདི་ལས་གཞན་དུ་ཡེངས་མེད་ངང་༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ༔ གྲུབ་པ་བརྒྱད་ལ་མངའ་བརྙེས་འགྱུར༔ ཞེས་གསུངས་པའི་དོན་འབྲེལ་ཚད་རྣམ་གྲོལ་མཆོག་ལ་སྦྱོར་བའི་ཟབ་ཆོས་འདི་ཡང་། གཏེར་སྟོན་ཉིད་ཀྱིས་ཐོག་མར་མདོ་ཁམས་སྨྲར་ཤོད་ཀྱི་རྡོ་རྗེའི་གནས་མཁའ་འགྲོའི་འདུ་གླིང་གི་ཀེའུ་ཚང་དུ་ལུང་ཟིན་ཐུགས་སྲས་རྣམས་ལ་གནང་བ་ནས་བཟུང་བདག་ཅག་གི་བླ་མ་དམ་པའི་བར་རིམ་པར་སེལ་མེད་དུ་བརྒྱུད་པ་བར་མ་ཆད་པ་ལས་


JSD002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་། རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རིམ་པ་དང་། ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲབ་པ་སྐབས་སུ་བབ་པ་ཡིན། དེ་ལའང་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། འདིར་དབང་ཆོག་ཆོས་ཉིད་སྤྲིན་ཕུང་ལ་སྤྲོས་བཅས་ལྷ་དབང་ཆེན་མོ་སོགས་ཀྱིས་བརྒྱན་པ་ལམ་རྒྱས་པ་ལྟར་བསྒྲུབ་པ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དབང་ལྡན་དུ་བྱ་བ་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་


JSD002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ལས། འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལག །གཞུང་ལས། ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ ཞེས་གསུངས་པའི་ཁྲུས་དང་བགེགས་བསལ་བ་སོང་ནས། འདིར་དབང་གི་སྣོད་དུ་རུང་བ་ལ་ཐོག་མར་རྒྱུད་རྣམ་པར་དག་པ་གལ་ཆེ་བས་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་བསླབ་པའི་གཞི་རྟེན་སྐྱབས་སུ་འགྲོ་དགོས་པས་དེའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པ་སྤྲུལ་སྐུ་ཁྲོས་མ་ནག་མོ། དེའི་དབུ་གཙུག་ཏུ་ལོངས་སྐུ་


JSD002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོ། དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་མོ་རྣམས་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཕཊ་ཨཱཿ ངོ་བོ་ཀ་དག་སོགས་རྩ་སྒྲུབ་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་འཁོར་བའི་བཙོན་རར་སྡུག་བསྔལ་གསུམ་གྱིས་ཉོན་མོངས་པ་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་ཆེད་དུ་བདག་ཉིད་སྐུ་གསུམ་མཁའ་འགྲོའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དབང་བསྐུར་ཟབ་མོ་ཞུ་བ་དང་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཕཊཿ ཀྱེེ༔ སྡུག་བསྔལ་གསུམ་གྱི་སོགས་ལན་གསུམ།


JSD002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། བྱས་ལ་སློབ་མས་མཎྜལ་ཕུལ། དེ་ལྟར་ཕུལ་ནས། ཆས་སུ་འཇུག་པ་འོག་ཏུ་གསུངས་ནའང་འབྲེལ་བསྡེབས་པས་སྐབས་འདིར་མཛད་པ་ཕྱག་ལེན་ཡིན་པས། ཁྱེད་རང་རྣམས སྔོན་ཆད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དུ་གདོང་གཡོགས་དམར་པོ་འཆིང་བར་མོས་མཛོད། ཨོཾ་ཙཀྲུ བྷནྡྷ༔ སོགས་ཀྱིས་མིག་དར་བཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པའི་མོས་པ་མཛོད། ཨཱ་ཁཾ་སོགས་ཀྱིས་མེ་ཏོག་གཏད། དེ་ནས་གསོལ་བ་ས་ཕྱོགས་འདི་ཉིད་ཐ་མལ་དུ་མ་ཡིན་པར་དག་པ་རབ་འབྱམས་ཨོ་རྒྱན་རང་བྱུང་གི་ཞིང་ཁམས་སུ།


JSD002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཉིད་རྒྱལ་ཀུན་བསྐྱེད་ཡུམ་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་རྗེ་བཙུན་ཁྲོས་མ་ནག་མོའི་རྣམ་པར་བཞུགས་པ་ལ། མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ རིགས་དང་དཀྱིལ་འཁོར་སོགས་གསུམ། དེ་ལྟར གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་ལན་སྦྱིན་ཞིང་ནུས་པ་འདྲི་བ་འདི་ལ་གསན་པས་ཁྱབ་སྟེ། ཧོཿ སྐལ་ལྡན་བུ་རྣམས་སོགས། ཞེས་དྲིས་པ་ལ་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་དཀྱིལ་འཁོར་སོགས། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར། ཕྱི་སོ་ཐར། ནང་བྱང་


JSD002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཡོངས་སུ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དེང་ནས་བྱང་ཆུབ་སྙིང་པོའི་བར། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སོ་སོར་ཐར་པའི་འདུལ་བ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། །རིག་འཛིན་གསང་སྔགས་སྡོམ་པའི་ཚོགས། །ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱི། །ལན་གསུམ། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། རྡོ་རྗེའི་དམ་ཚིག་ཆུ སྦྱིན་པ་འདི་ཉིད་སྙིང་ལ་གནས་ནས་དམ་ཚིག་བསྲུང་ན་མགོན་སྐྱོབ་བྱེད་པའི་ལྷ་ཡེ་ཤེས་སེམས་དཔའ་འགྱུར་ལ། ཉམས་ན་རྡོ་རྗེ་གནོད་སྦྱིན་ཏུ་འགྱུར་ནས་


JSD002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་གཞིབ་པར་འགྱུར་བའི་དོན་གོ་བར་གྱིས་ཤིག བུམ་པའི་ཆུ་དུང་ཆུས་བླུགས་པའམ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བྱིན་ལ། ཧཱྃ༔ རྡོ་རྗེ་ཅན་སོགས། རྡོ་རྗེ་འཛིན་པས་ཇི་སྐད་བསྒོས་པའི་དམ་ཚིག་གཉན་པོ་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་གཞུག །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང་། ངག་རླུང་འཆིངས། སེམས་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་མཛོད། ཧཱུཾ༔ བདག་ཉིད་མ་ཅིག་ཁྲོས་མ་ནག་མོ་སོགས། སློབ་མ་ལ་ལས་བུམ་གྱི་བསང་ཆུས་གཏོར། ༀ་མ་ཧཱ་ཤཱུརྱ་ཏ་སོགས་དབང་བསྡུས་ལྟར་བརྡ་སྦྱར་ལ། སྤོས་རོལ་དབྱངས་དང་བཅས་ཁྲོས་འབྲིང་སྤྱན་འདྲེན་མཐར་སྙིང་པོ་ལ་ར་ཙ་ཤྲཱི་ཡ་སོགས་བཏགས་པ་དྲག་


JSD002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟླ་ཞིང་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ ཞེས་བརྗོད། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་བཅོམ་ལྡན་འདས་མ་ཐུགས་རྗེ་ཁྲོས་མའི་དཀྱིལ་འཁོར་ལྷ་ཚོགས་བཞུགས་པ་ཡིན་པས་ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྔར་་བྱིན་པའི་མེ་ཏོག་དེ་ཉིད་ལྟོས་པ་མེད་པར་དོར་མཛོད། འགྲིམས་དཀྱིལ་བཀོད་ལ། ཧཱུཾ༔ བླ་མ་ཡི་དམ་སོགས་ཀྱིས་དོར་གཞུག གསང་མཚན་སོ་སོའམ། སྤྱི་ཙམ་དུ། མེ་ཏོག་གཙོ་མོའི་རིགས་སུ་ངེས་པས་གསང་བའི་མཚན་ཐུགས་རྗེ་ཁྲོས་མ་རྩལ་ཞེས་བྱ་བ་ཡིན་པས་མ་བརྗེད་པར་གྱིས་ཤིག །དེ་ནས་མ་རིག་པའི་


JSD002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། ཧཱྃ བུ་ཁྱོད་མ་རིག་སོགས་ཀྱིས་མིག་དར་བཀྲོལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་བརྟེན་ནས། ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཆེན་པོའི་གནས་ལུགས་བཞུགས་ཚུལ། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རང་རིག་ལྷའི་ངོ་བོར་རྫོགས་པ། གསང་བ་རང་རིག་གདོད་མའི་གཤིས་ལུགས་འཕོ་འགྱུར་བསལ་བཞག་བྲི་གང་དང་བྲལ་བ་མཚོན་བྱ་དོན་དམ་རང་བྱུང་རིག་པའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ལྷན་གྱིས་གྲུབ་པ་སྟེ། དེ་ལྟར་རྒྱལ་ཡུམ་རྡོ་རྗེ་ཁྲོས་མའི་ཕྱི་ནང་གསང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཐུས་སྒྲིབ་མེད་གཅེར་མཐོང་དུ་ལྷག་གེར་མཇལ་བའི་མོས་པས་དད་གུས་སྤྲོས་


JSD002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆེན་པོ་བསྐྱེད་མཛོད། སྤྲོན་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བཤད་ལ་བརྡ་སྤྲད། དེ་དག་གི་འཇུག་པའི་རིམ་པ་རྣམས་གྲུབ་ནས་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མནྜལ་ཕུལ་མཛོད། ཅེས་སློབ་མས་མཎྜལ་ཕུལ། དབང་བསྐུར་དངོས་ལ་བུམ་པ་གསང་བ་ཤེས་རབ་བཞི་པ་རྗེས་འབྲེལ་མཐའ་རྟེན་དང་བཅས་པ་རྣམས་སུ་བཞུགས་པའི་དང་པོ་བུམ་པའི་དབང་གི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། བུམ་པ་འདི་ཉིད་ཕྱི་བུམ་ ེ པའི་རྣམ་པ་ལ་ནང་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་རབ་འཇིགས་དུར་ཁྲོད་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་རྗེ་བཙུན་རྡོ་རྗེ་ཁྲོས་མ་ནག་མོ་ལ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུས་བསྐོར་བ་མངོན་སུམ་དུ་བཞུགས་པ་རྣམས་ཀྱི་སྐུ་


JSD002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདུད་རྩིའི་རྒྱུན་དང་སྨིན་མཚམས་ནས་ཨོཾ་དཀར་པོ་འོད་ཟེར་དང་བཅས་པ་སྐྱ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་རྩ་ཡི་སྒྲིབ་པ་དག་ལུས་རྩ་ཡི་སྒྲིབ་པ་དག །བསྐྱེད་རིམ་ལྷ་ཡི་དབང་བསྐུར་ཡོངས་རྫོགས་སུ་རྫོགས་པ་ཐོབ་པའི་མོས་པ མཛོད། རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ བུམ་ནི་སྙིང་པོ་སོགས། མཐར་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་གདོས་ ཱ བཅས་ཀྱི་འཛིན་པ་རྣམ་པར་དག་ནས་སྐུ་གསུམ་མཁའ་འགྲོ་རིག་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པར་ལམ་གྱིས་གསལ་བར་གྱུར་པ་ལ། དེ་ཉིད་བརྟན་པར་བྱ་བའི་སླད་དུ་བུམ་དབང་གི་རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སོགས། རྡོ་རྗེ་སྐུའི་རང་བཞིན་


JSD002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕོས་པར་སྒོམས་ཤིག་སོ་སོའི་ལྷ་ཙཀ་རྣམས་སྤྱི་བོར་བཞག་ལ། ཧཱུྃ༔ ངོ་བོ་སྐྱེ་མེད་སོགས། ངོ་བོ་སྐྱེ་མེད་སོགས། ལྷ་དབང་ཡོངས་རྫོགས་གྲུབ་པའི་མཇུག་ཏུ། དེ་ལྟར་ལྷ་དབང་ཡོངས་རྫོགས་བསྐུར་བས་ཁྱེད་རང་རྣམས་ཐུགས་རྗེ་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མི་ཕྱེད་པར་གྱུར་པ་ལ་དུར་ཁྲོད་ཆས་བརྒྱད་སོགས་བརྟུལ་ཞུགས་ཀྱི་ཆས་རྣམས་ཀྱིས་མངའ་གསོལ་བའི་མོས་པ་མཛོད། དབང་རྫས་རྣམས་གནས་སོ་སོར་སྦྱིན་ལ། ཧཱུཾ༔ དུར་ཁྲོད་ཆས་བརྒྱད་སོགས་ནས་འུར་རྡོའི་བར་དུ་སོང་མཐར། དེས་ལུས་ལ་བུམ་པའི་དབང་ཐོབ། །ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་དག །སྣང་སྟོང་ལྷའི་འཁོར་ལོ་བསྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་ནོན། སྤྲུལ་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་གསང་


JSD002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་བསྐུར་ལ་དམིགས་པ་འདི་བཞིན་དུ་མཛོད། མཚན་ཉིད་དང་ལྡན་པའི་རང་བྱུང་བྷནྡྷའི་ནང་དུ་མཁའ་འགྲོ་འདུས་པའི་གསུང་གི་བཅུད་བདུད་རྩི་དམར་གསལ་ཨཱ་ལི་ཀཱ་ལིའི་རང་སྒྲ་གྲག་པ་ལྕེ་ལ་བཞག་པ་ཙམ་གྱིས་ངག་རླུང་གི་སྒྲིབ་པ་དག །བཟླས་པ་སྔགས་ཀྱི་དབང་བསྐར་ཡོངས་སུ་རྫོགས་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་ཐོགས། ཨཱཿ ཆོས་དབྱིངས་རྣམ་དག་སོགས་ཀྱིས། བདུད་རྩི་བྱིན་པ་མྱང་། དཀྱིལ་འཁོརལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སོགས། ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག དེའི་རྗེས་འབྲེལ་དུ་སྙིང་པོའི་བཟླས་ལུང་འབོག་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་ཞལ་གྱི་སྒོ་ནས་བྱུང་སྟེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་


JSD002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། བྱས་ལ་བསྙེན་སྒྲུབ་ལས་སྔགས་རྣམས་རྗེས་ཟློས་བྱར་གཞུག །སྔགས་བྱང་དང་ཕྲེང་བ་གཏད་པས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུཾ༔ གསང་བའི་སྙིང་པོ་སོགས། དེ་ནས་རྣལ་འབྱོར་སྤྱོད་པའི་ཆས་གོས་དང ཡོ་བྱད་རྣམས་ཀྱིས་མངའ་གསོལ་བ་ཡིན་པས་སོ་སོའི་ཚིག་དོན་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་མཛོད། ཆས་རྣམས་གནས་སོ་སོར་གཏད་ལ། ཧཱུཾ༔ རལ་པ་ལྕང་ལོ་སོགས་ནས། སྡེར་ཆགས་ཀྱི་ལྤགས་པའི་བར་དུ་སོང་མཐར། དེ་ལྟར་བརྟུལ་ཞུགས་མཆོག་གི་རྫས་རྣམས་ཀྱི་མངའ་གསོལ་བས་རང་དོན་ཉམས་རྟོགས་ཀྱི་བོགས་འདོན་དང་དངོས་མེད་ལྷ་འདྲེ་གཙོ་བོར་གྱུར་པའི་གཞན་དོན་དུ་ཉམས་མྱོང་གི་དྲོད་རྟགས་ཐོན་པར་བྱས་ཏེ་དབང་བསྒྱར་


JSD002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱོད་པས་གཉན་ས་དུར་ཁྲོད་སོགས་ཡུལ་གྲུ་མ་ངེས་པ་དུ་མར་དཔའ་བོ་རྣལ་འབྱོར་མ་རྣམས་དང་སྤྱོད་ཡུལ་མཉམ་པར་ཞིང་གང་ལའང་འཇིགས་པ་མེད་པས་ཡུམ་དོན་གཅོད་ཡུལ་གྱི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་མཛོད། དེས་ངག་ལ་གསང་བའི་དབང་ཐོབ། སྲོག རྩོལ་འཕོ་བཅས་ཀྱི་དྲི་མ་དག །གྲག་སྟོང་རྡོ་རྗེའི་བཟླས་བརྗོད་བྱེད་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་ནོན། ལོངས་སྐུའི་གོ་འཕང་མངོན་དུ་ ི བྱེད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་གྱི་སྐུར་གནས་གྱུར་པ་ལ་ལྷན་སྐྱེས་མཛེས་པའི་རང་བཞིན་རང་རིག་གི་ཕྱག་རྒྱ་མཚན་ཉིད་རྫོགས་པ་ཞིག་གཏད་


JSD002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་སྙོམས་པར་ཞུགས་ཏེ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེ་བའི་་་་དབང་བསྐུར་ཐོབ་པའི་མོས་པ་མཛོད། རིག་ཙཀ་གཏད་ལ། རིག་ཙཀ་གཏད་ལ། ཧཱུྃཧཱུཾ༔ ཤེས་རབ་ཡེ་ཤེས་སོགས། དེའི་རྗེས་འབྲེལ་དུ་ཐུགས་ཀྱི་དབང་བསྐུར གསན་པས་ཁྱབ་པར་གདའ། སྲོག་ཡིག་ཐོགས་ལ། སྲོག་ཡིག་ཐོགས་ལ། ཧཱུཾ། འཁོར་འདས་འུབ་ཆུབ་སོགས་ཀྱིས་སྙིང་གར་བཞག །ཡེ་ཤེས་མཁའ་འགྲོ་འདུས་པའི་སོགས། སྐལ་པ་ཐོབ་པར་མོས་ཤིག །ཕྱག་མཚན་རྣམ་ལྔ་ཐོགས་ལ། ཧཱུཾ༔ བདེ་གཤེགས་སྙིང་པོ་སོགས། མཐར། དེས་ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྣམ་ཤེས་ཚོགས་བརྒྱད་ཀྱི་འཁྲུལ་རྟོག་གི་དྲི་མ་དག །བདེ་སྟོང་ཐབས་གྲོལ་གྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཕྱག་རྒྱའི་རིག་འཛིན་གྱི་ས་ནོན།


JSD002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཞུགས་པས་ཉོན་ཤེས་ཀུན་གཞིའི་བག་ཆགས་ཕྲ་བ་དང་བཅས་པ་དག །ཟུང་འཇུག་ལྷན་སྐྱེས་གཉུག་མའི་དབང་བསྐུར་ཇི་བཞིན་ཐོབ་པའི་མོས་ ི པ་མཛོད། ཤེལ་རྡོ་ཐོགས་ལ། ཧཱུཾ༔ ཡེ་ཤེས་མཁའ་འགྲོའི་སོགས། དབྱིངས་ཀ་དག་གི་ངོ་བོ་མེ་ལོང་ལྟར་དྭངས་པ་ལ། རིག་གདངས་ལྷུན་གྲུབ་སྣང་བ་རྣམ་བཞི་འཇའ་དང་ཐིག་ལེ་ལྟར་ཤར་བ། དེ་གཉིས་གདོད་ནས་དབྱེར་མེད་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་རྩལ་མ་འགགས་ཅིར་ཡང་སྣང་བ་


JSD002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་བདེ་གཤེགས་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ངོ་ཤེས་པར་མཛོད། མེ་ལོང་ཐོགས་ལ། ཧཱུྃ༔ བདེ་གཤེགས་སྙིང་པོ་སོགས་དང་། འབྲས་བུ་བླ་ན་མེད་སོགས། དེ་ནས་རིག་པ་རྩལ་གྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་ལ་མོས་གུས་དྲག་པོ་བྱས་པས་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་མདངས་འོད་ལྔའི་ཐིག་ལེ་བྱུང་བ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་ཀ་དག་བདེ་བ་ཆེན་པོའི་་་སྐྲ ཡེ་ཤེས་ཚིག་ལས་འདས་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ངོ་ཤེས་པར་བྱེད་པ་དབང་བཞིའི་མཐར་ཐུག་རིག་པ་རྩལ་གྱི་དབང་ཐོབ་པའི་མོས་འདུན་མཛོད། འོད་ཐིག་ཐོགས་ལ། ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་སོགས་དང་། མཐར། ཕཊཿ ཕཊཿ དྲག་པོ་ཞིག་བྱས་ལ་ཉམས་བཤིག་སྟེ་དར་གཅིག་མཉམ་པར་


JSD002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེས་སྒོ་གསུམ་ལ་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཉོན་ཤེས་བག་ཆགས་ཀྱི་རྩ་བ་ལྷན་སྐྱེས་ཀུན་གཞིའི་དྲི་མ་དག །རིག་སྟོང་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་ནོན། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་མཐའ་རྟེན་གཏོར་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ལས་ཕྱག་རྒྱ་འོད་ཟེར་བདུད་རྩིའི་རྒྱུན་བར་མ་ཆད་པ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེ་བཞིའི་དབང་བྱིན་དངོས་གྲུབ་མ་ལུས་པ་གཅིག་ཅར་དུ་ཐོབ་ནས་རིགས་དང་དཀྱིལ་འཁོར་ཐམས་ཅད་ལ་དབང་བསྒྱུར་བའི་མོས་པ་མཛོད། གཏོར་མ་


JSD002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ལ། ཧཱུྃཿ ཆོས་དབྱིངས་རྣམ་དག་སོགས་ཀྱིས་གནས་ལྔར་བཞག །གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིང་། ལྟར་དབང་བསྐྱར་རྫོགས་པར་ཐོབ་པའི་མཐའ་རྟེན་དུ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་རྣམས་ཕུལ་ཏེ་མངའ་གསོལ་བའི་མོས་པ་མཛོད། རྫས་བརྒྱད་ཐོགས་ལ། ཧཱུྃ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ ངང་དུ་དགེ་ལེགས་དཔལ་ཐོབ་ཕྱིར༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ བཀྲ་ ྃ ཤིས་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ རྟགས་བརྒྱད་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་༔ གཟུགས་སྐུའི་གདུལ་བྱ་འདུལ་བའི་ཕྱིར༔ མཚན་དཔེའི་བཀྲ་ཤིས་རྟགས་བརྒྱད་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཥྚམངྒ་ལཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ སྣ་བདུན་


JSD002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ལ། ཧཱུྃ༔ རང་རིག་ཆོས་སྐུའི་རྒྱལ་སྲིད་འདི༔ སྐལ་ལྡན་བུ་ལ་གཏད་པར་བྱ༔ རྣམ་མཁྱེན་རྫོགས་པའི་སངས རྒྱས་ཀྱི༔ གོ་འཕང་མཆོག་གི་དབང་ཐོབ་ཤོགཿ༔ མ་ཎི་རཏྣ་ཨ་བྷིཥིཉྩ་སྭཱ་ཧཱ༔ ཞེས་གཏད། སླར་ཡང་བླ་མ་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་དང་། ནམ་མཁའི་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་སྔར་མ་སྐྱེས་བ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་རྒྱས་བརྟན་པར་བྱས་པའི་མོས་འདུན་མཛོད། ཅེས་བྱས་ལ་ལས་བྱང གང་ཡིན་གྱི་བཀྲ་ཤིས་དང་གཞན་ཡང་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་དགོངས་གཏེར་ཁྲོས་མ་ནག་མོའི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་


JSD002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེའང་གསང་སྔགས་ཀྱི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག དམ་ཚིག་དེ་ཡང་རྩ་བ་ཡན་ལག་དང་བཅས་པ་གསང་སྔགས་ནང་པ་སྤྱི་ལྟར་དང་། བྱེ་བྲག་ཏུ་རྒྱུད་ལས། སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །གདུག་ཅིང་རྩུབ་པའི་སྤྱོད་པ་བྱ། །རིན་ཆེན་མཁའ་འགྲོའི་དམ་ཚིག་དུ། །དངོས་པོ་ཀུན་ལ་མ་ཆགས་སྦྱིན། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །སྨྲ་ཞིང་ཤེས་རབ་བསྟེན་པར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་ལ་སྤྱད་པར་བྱ། །འདུས་པའི་དམ་ཚིག་རྣམ་གསུམ་སྟེ། །སྣང་བའི་ཡུལ་ལ་མི་ཕོད་རྫི། །འཁྲི་བ་ཟས་དང་ནོར་ལ་བཅད། །


JSD002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་འཁོར་དང་གཡོག་ལ་ལོག །ཅེས་རིགས་ལྔའི་མཁའ་འགྲོ་སྤྱི་སྒོས་ཀྱི་དམ་ཚིག་རྣམས་དང་། ཁྱད་པར་གསང་བ་རྒྱལ་པོ་བསྲུང་མཚམས་ལས་འདས་པ་ཀ་དག་དང་ལྷུན་གྲུབ་ཀྱི་དམ་ཚིག་མེད་པ་གཅིག་པུ་ཕྱལ་བ་ལྷུན་གྱིས་གྲུབ་པ་རྣམས་ཀྱང་ལྟ་སྒོམ་ལ་བཟླ་བའི་སྒོ་ནས་ཅི་ནུས་སུ་འབད་འཚལ། དེ་ལྟར་དམ་ཚིག་ཕྲ་རགས་ཐམས་ཅད་ཉམས་པ་མེད་པར་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། རྩ་བ་སྐ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མནྜལ་ཕུལ་མཛོད། ཅེས་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་


JSD002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གྱི་འབྱོར་བ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བ་འདིས་མཚོན་ཏེ་རང་གཞན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་ཀྱང་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་་་འདི་ལྷན་ཅིག་ཏུ་གསུང་ཞིང་ཆོས་འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་པ་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གསུམ་པ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་བཏང་། བསྐུལ་ཆད་བརྟན་ནས་


JSD002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བརྗོད་ཀྱི་བར་ལས་བྱང་ཆེ་འབྲིང་གང་ལ་བརྟེན་པ་དེ་ལས་ཇི་སྐད་བཤད་པ་རྣམས་ལྷག་ཆད་མེད་པར་བྱའོ། །བདག་སོགས་འགྲོ་ཀུན་རྗེ་བཙུན་རྣལ་འབྱོར་མའི། །བྱིན་བརྒྱུད་ཡེ་ཤེས་རྩལ་གྱིས་རྟོགས་གྲོལ་ནས། །འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་། །ཡོངས་སུ་བཟུང་ནས་ཁམས་གསུམ་སྒྲོལ་བྱེད་ཤོག །ཅེས་པ་འདིའང་རང ཉིད་ཀྱིས་ཆོས་འདིའི་བསྟན་པ་སྤེལ་བ་ལ་ཉེ་བར་མཁོ་བ་དང་སྐལ་མཉམ་གཞན་ལའང་ཕན་པའི་བློས། གསང་འཛིན་ལག་ན་རྡོ་རྗེའི་རྣམ་འཕྲུལ་གཏེར་སྲས་མི་འགྱུར་རྡོ་རྗེ་དགྲ་འདུལ་རྩལ་གྱི་འབངས་སུ་གྱུར་པའི་སྤོང་བ་པ་སངས་རྒྱས་རྡོ་རྗེས་གདན་ས་ཆེན་པོ་དཔལ་དྭགས་ལྷ་སྒམ་པོའི་དབེན་ཁྲོད་དུ་བགྱིས་པ་སྟེ། རྩ་བའི་དབང་ཚིག་ཧོར་ཁུངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འདྲི་བར་མི་བྱའོ། །སླར་ཡང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུས་དག་གིས་གཏན་ལ་ཕབ་སྟེ་རྩ་གཞུང་གླེགས་བམ་གྱི་ཁོངས་སུ་སྤར་དུ་བསྐྲུན་པ་སིདྡྷི་


JSD002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རསྟུ།།


previousཆོས་ཉིད་ནམ་མཁའི་ཀློང་མཛོད་ལས། མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻཌཱུརྱའི་དོ་ཤལ།next