Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་མཆོག་སྩོལ།next

ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་མཆོག་སྩོལ།


JSD004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭསྟི། ཐུབ་བསྟན་གླིང་བཞིར་བློ་གྲོས་ཉིན་མོར་བྱེད། །དོན་གཉིས་དཔལ་ལྡན་ས་གསུམ་མུན་སེལ་རྗེ། །ཕྲིན་ལས་བཟང་པོ་སྲིད་ནི་ཁྱབ་པར་བརྡལ། །འཇིགས་བྲལ་དཔའ་བོའི་དབང་ཕྱུག་མཚན་གྱི་རྔ། །ཕྱོགས་དུས་མུ་མཐའ་སྲིད་དུ་གྲགས་པ་ལས། །གསང་གསུམ་རྣམ་ཐར་རྒྱ་མཚོ་ལྷུར་བཞེས་གསོལ། ྋ །ཁྱད་པར་མདོ་རྒྱུད་བཀའ་གཏེར་འབྱུང་གནས་ཆེ། ྋ།རྒྱལ་བས་ལུང་བསྟན་ཀཿཐོག་རྡོ་རྗེའི་གདན། །གདོང་ལྔས་བཏེགས་པའི་གསེར་ཁྲི་མཐོ་བའི་སྟེང་། །སྡེ་སྣོད་བཀའ་གཏེར་སྨིན་གྲོལ་སྩོལ་བཞིན་དུ། ཞབས་པད་རྟག་པ་དམ་པར་འཚོ་གཞེས་ནས། །སྔ་འགྱུར་བསྟན་པའི་མེ་རོ་བསླང་མཛད་གསོལ། །རབ་འབྱམས་


JSD004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྩ་གསུམ་བྱིན་རླབས་དང་། །བདེན་པའི་མཐུ་དང་ཕྲིན་ལས་ནུས་སྟོབས་ཀྱིས། །བདག་ཅག་ལྷག་བསམ་གསོལ་བཏབ་སྨོན་པའི་འབྲས། །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ཡང་ལེ་ཤོད་སྒྲུབ་སྡེའི་རྡོ་རྗེ་སློབ་དཔོན་བསམ་གཏན་དབང་ཕྱུག་གིས་ལྷ་རྫས་རིན་པོ་ཆེའི་སྐྱེས་བཅས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་བྱ་བྲལ་སངས་རྒྱས་རྡོ་རྗེས་ཆུ་བྱི་ཟླ་་༩ཚེས་༡༧ དགེ་བར་གནས་ཆེན་གོ་ངྷ་ཝ་རིའི་སྒྲུབ་སྡེ་ཏིང་འཛིན་འོད་གསལ་མཆོག་གྲུབ་གླིང་དུ་བྲིས་པ་དགེ། པདྨ་འོད་ནས་བདུད་འཇོམས་སྒྱུ་འཕྲུལ་གར། །སྨོན་ལམ་ཐུགས་རྗེས་གདུལ་བྱའི་དཔལ་དུ་བྱོན། །འཁོར་བ་གཏིང་སྤྲུགས་གཞན་དོན་རླབས་ཆེན་སྤྱོད། ཐུགས་ཡིད་གཅིག་འདྲེས་མངོན་པར་བྱང་ཆུབ་ཤོག །ཅེས་པའང་བུདྡྷས་སོ།། །།


previousཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་མཆོག་སྩོལ།next