Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽

107 occurrences of གཙང་
[Clear Hits]


 
  
15   
 
expand section
expand section
 
 
  
  
 
 
 
 
རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ།
 
58   
 expand section
 
  
 expand section
  
 expand section
  
 


107 occurrences of གཙང་
[Clear Hits]

 
previousརྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ།next

རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ།

༄༅། །རྒྱལ་བརྔན་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །རྒྱལ་བརྔན་འདི་ལ་དོན་ལྔ་སྟེ། མཛད་པ་པོ་གང་གིས་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། གནས་གང་དུ་མཛད་ན། བྲག་དམར་དཔལ་གྱི་བསམ་ཡས་སུ་མཛད། དགོས་ཆེད་གང་ལ་མཛད་ན། སྔོན་བྱུང་རྒྱལ་པོའི་ཐུགས་དམ་དགོངས་པ་དཔལ་གྱི་བསམ་ཡས་བཞེངས་པ་དང་། ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་འདོད་དོན་སྒྲུབ་པའི་དོན་དུ་མཛད། ཕན་ཡོན་ཇི་ལྟར་འབྱུང་ན། ལམ་འཕྲང་བགྲོད་པ་ལ་སོགས་གང་འདོད་ཐམས་ཅད་འགྲུབ། གང་དངོས་དོན་དུ་བསྟན་པ་ལ། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །དང་པོ་ནི། རི་རྩེའམ་ཁང་ཐོག་གམ། ཆུ་འགྲམ་ལ་སོགས་ཕྱོགས་previous hit གཙང next hit་(༡)མར། དར་མདུང་ལ་སོགས་པའི་རྟེན་བཙུགས་པའི་མདུན་དུ། རས་དཀར་རམ་ཕྱིང་དཀར་རམ་སྣམ་དཀར་དྲི་མ་མེད་པའི་ལྷ་གདན་གྱི་སྟེང་དུ་འབྲུའི་གཡུང་དྲུང་རིས་བྲི། ཚོམ་བུ་མང་དུ་བཀོད་པའི་མཐར། ཡོན་ཆབ་བདུག་སྤོས་ལ་སོགས་མཆོད་པ་རྣམ་པ་མང་པོ་དང་། དཀོན་མཆོག་སྤྱིའི་དཔལ་གཏོར། ཡུལ་ལྷ་སྤྱིའི་དཀར་གཏོར། འབྱུང་པོ་སྤྱིའི་བགེགས་གཏོར། སྐུ་གླུད་སྡེར་ཆ་གང་མང་རྣམས་བཤམ། དེའི་མཐར་གཟུགས་འགྲོས་རྟ། དྲེལ། མཛོ། གཡག །འབྲོང་། ཤྭ་བ། ར། ལུག་སྟག །གཟིག །དོམ། དྲེད། བྱ་ནག །ཁྱི་ནག །རུས་སྦལ། མི། སྦལ་པ། ལྕོང་མོ། ཉ། དུང་། གསེར་བྲེ། དངུལ་བྲེ། དོང་ཙེ། གླུད་རྣམས་སྡེར་ཆ་previous hit གཙང next hit་མར་བཤམ། དཀར་གསུམ། མངར་གསུམ། ཆང་། ཟས་སྣ། རིན་པོ་ཆེའི་ཕྱེ་མ་དང་བཅས་པ་བཤམ། དེའི་མདུན་དབུས་མར་བསང་བཤོས་previous hit གཙང next hit་མར་ཟས་སྣས་བསྐོར་བ་བཤམ། དེའི་དབུས་སུ་ཆང་ཕུད་གྲལ་ཐབས་དང་། དེའི་གཡོན་དུ་དྲི་བཟང་དང་རིན་པོ་ཆེའི་ཕྱེ་མ་བཏབ་པའི་ཆུ་སྣའི་སྣོད་བཤམ། ཀུན་གྱི་གཡས་རོལ་དུ་ཤིང་སྣའི་མེ་དང་ཕྱེ་མར་གྱིས་བཀང་བའི་སྣོད་བཤམ། ཕྱོགས་མཚམས་སུ་མདུང་དར་དང་དར་པོ་ཆེ་འཛུགས། རྔ་དུང་ཆ་ལང་ལ་སོགས་པའི་རོལ་མོས་བསྐོར་བའི་ནང་། བསང་བཤོས་ལ་ཉེ་བར་བསང་གཡོག་དང་བཅས་པས་སྦྲེངས་ཏེ་འདུག་ལ། དང་པོ་སྤྱོད་པའི་ཆོ་ག་དང་། གཉིས་པ་དངོས་གཞི་ལ་སྐྱབས་འགྲོ་སེམས་བསྐྱེད་དང་། བདག་ཉིད་གུ་རུ་བསྒོམས་ནས་མཆོད་པ་དང་གཏོར་མ་བྱིན་གྱིས་བརླབ། གདངས་སྙན་པོས་མགྲོན་རྣམས་སྤྱན་དྲངས་ལ། རེ་རེ་བཞིན་བརྔན་པའི་མཚམས་སུ་བསང་ཕུད་དྲངས་པའི་རས་མ་དང་ཟས་སྣ་ཚོགས་མཆོད་འབྲུ་དང་བཅས་པ་བླུགས་ལ་བཤམ། ཕུད་འཐོར་བ་དང་མཉམ་དུ་ཆུ་སྣའི་ཕུད་སྦྲེང་ཞིང་། ཤིང་སྣའི་མེ་ལ་ཕྱེ་མར་འབྲུ་སྣ་མེ་ཏོག་སྣ་ཚོགས་རིན་པོ་ཆེའི་ཕྱེ་མ་རྣམས་མེ་ལ་བསྲེག་ཅིང་། ཤིང་སྣའི་དུ་བ་བཏང་ཞིང་རོལ་མོའི་སྒྲ་བསྒྲག་པར་བྱའོ། །རྗེས་སུ་གཟུགས་འགྲོས་རྣམས་གཤེགས། བསང་རས་དང་ཤ་ཆང་ལ་སོགས་པ་དགའ་སྟོན་ལ་རོལ་ཞིང་། རྡོ་རྗེའི་གླུ་དང་། ཤིན་ཏུ་སྐྱིད་པའི་བྲོ་བརྡུང་། རྗེས་ལ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་དོ། །རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་(༣)ཅེས་བྱ་བ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་འབྲོག་རིན་ཆེན་དཔལ་གྱི་ཨོ་རྒྱན་དུ་སྦྱར་བའོ། །དགེའོ།། །།


previousརྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ།next