Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
  
 
  
  
 
 
 
 
  
  
པར་སྐྲུན་གསར་བཤད། 


48 occurrences of གཙང་
[Clear Hits]

 
previousཔར་སྐྲུན་གསར་བཤད།no next

པར་སྐྲུན་གསར་བཤད།

གངས་ལྗོངས་བོད་ཡུལ་མདོ་ཁམས་ཀྱི་གཉེན་སྟོན་ལས་ཆོག་བཀྲ་ཤིས་དཔལ་སྐྱེད་སོགས་པར་སྐྲུན་བྱེད་པའི་དམིགས་ཡུལ་ནི། དེང་སྐབས་ཕ་མྱེས་གྱི་ཡུལ་སྲོལ་གོམ་གཤིས་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་དབང་གི་གཉེན་སྟོན་སོགས་ལ་དགོས་གལ་ཆེ་པའི་བག་མ་ལ་དགེ་བའི་ལས་ཕྲན་བདུན་ཡོད་པ། སྣ་འདྲེ་བསྐྲད་པ། མནོལ་གྲིབ་བཀྲུ་བ། གདན་བཏིང་བ། དཀར་གསུམ་གྱིས་ངོ་གསོ་བ། མིང་འདོགས་པ། ལྷ་ལ་འདོགས་པ། གཡང་འགུགས་པ་དང་བདུན་ཡོད་ཀྱང་དེང་སང་ཅི་ཡང་མི་ཤེས་པའི་སྐྱ་སེར་རྣམས་ཀྱིས་སྣ་མེ་དང་སྣ་ཁྲུས་བྱེད་མི་ཉན་ཟེར་མཁན་བླུན་པོ་འགའི་རྐྱེན་ལས། གདན་བཏིང་བ་དང༌། སྣ་ཞོ་བླུད་པ། གཡང་འབོད་འདོན་པ་གསུམ་མ་གཏོགས་སྲོལ་གཞན་རྣམས་ནུབ་ལ་ཁད་དུ་གྱུར་འདུགཆོས་རྒྱལ་མེ་དབོན་སྣམ་གསུམ་ནས་བཟུང་སྟེ་རང་རེའི་ཕ་མྱེས་ལ་ཐུག་གི་བར་ཏུ་དགོས་ན། དུས་རབ་གསར་བའི་སྐབས་སུ་ཡང་མཁོ་གལ་ཆེ་བ་ཞིག་ཡིན་པར་རློམས་ནས་གོང་སྤྲུལ་ཡོན་ཏན་རྒྱ་མཚོའི་མཛད་པའི་ལས་ཆོག་འདི་ཕོ་མོ་གང་ལ་ཡང་ཁ་བརྒྱུར་ཙམ་ལས་རིག་འདྲས་སྦྱར་བའི་རུང་ངོ༌། །བཀྲ་རྩེགས་དང༌། གཡང་སྐྱབས། སྣང་བརྒྱད། འབུམ་ཆུང་སོགས་ཡོངས་གྲགས་ཀྱི་འདོན་རིགས་བྱིན་རླབས་ཆེ་ཞིང་ཀུན་ལ་མཁོ་གལ་ཆེ་བ་རྣམས་ཕྱོགས་གཅིག་དུ་བསྒྲིག་ནས་པར་སྐྲུན་བྱེད་པའི་མ་དངུལ་མཆོག་སྤྲུལ་རྡོ་རྗེ་བརྟན་གྱི་གནང་ནས་སྤྱི་ལོ་༢༠༡༡ ཟླ ༡ ཚེས ༡ ལ་པར་སྐྲུན་མཛད་པ་ཡིན། མ་དཔེའི་ཡི་གེ་སྡེ་དགེ་དང་ལྷ་སའི་པར་མ་སོགས་ཁོང་ལྡན་ཡིན་ཡང་དཔེ་བསྒྲིག་པ་རང་ལ་མཚོན་ན་རིག་གནས་ཀྱི་ཆུ་ཚད་ཞན་པ་དང་དཔེ་བསྒྲིག་གི་དུས་ཡིན་ཐུང་བའི་དབང་གི་ཆད་ལྷག་སོགས་ནོར་འཁྲུལ་ཡོད་སྲིད་པའི་གངས་ཅན་མཁས་མང་ཡོངས་ནས་དག་བཅོས་བྱེད་པར་ཞུ། །དཔེ་བསྒྲིག་པའི་ཁྲིན་ཏུ་ནས་བྲིས་སོ། །


previousཔར་སྐྲུན་གསར་བཤད།no next