Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇིགས་སྐྱོབས་ལྷ་ལྔའི་གསོལ་འདེབས་མ་རིག་མུན་སེལ།
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousའཇིགས་སྐྱོབས་ལྷ་ལྔའི་གསོལ་འདེབས་མ་རིག་མུན་སེལ།next

འཇིགས་སྐྱོབས་ལྷ་ལྔའི་གསོལ་འདེབས་མ་རིག་མུན་སེལ།

འཇིགས་སྐྱོབས་ལྷ་ལྔའི་གསོལ་འདེབས་མ་རིག་མུན་སེལ་ནིཿ ཨེ་མ་ཧོཿ སྐྱེ་མེད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟངཿ འགགས་མེད་རང་གྲོལ་ལོངས་སྐུ་ཚེ་དཔག་མེདཿ ཐུགས་རྗེ་རྨད་བྱུང་གུ་རུ་རིན་པོ་ཆེཿ དུས་ངན་བསྟན་པ་ལྔ་བདོའི་སྙིགས་མ་ལཿ བདུད་སྲིན་དམ་སྲིའི་གཤེད་མ་རྒྱུ་བའི་ཚེཿ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབསཿ སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབསཿ མ་རིག་ཉོན་མོངས་དུག་ལྔ་གཡོ་བའི་ཚེཿ རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབསཿ ཆོས་མེད་ནག་ཕྱོགས་ཀླ་ཀློ་འཇོམས་པར་ཤོགཿ ལྷ་སྲིན་མ་མོའི་དལ་ཡམས་ཁ་དར་ཚེཿ བཅོམ་ལྡན་སྨན་པའི་རྒྱལ་པོར་གསོལ་བ་འདེབསཿ ནད་དང་མུ་གེའི་བསྐལ་བ་ཞི་བར་ཤོགཿ ཕྱི་ནང་འཁྲུགས་རྩོད་འཚུབ་མ་ལངས་པའི་ཚེཿ འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབསཿ དུག་ལྔའི་ལས་བསྐྱེད་སྡུག་བསྔལ་ཞི་བར་ཤོགཿ འདོད་དགུའི་བཅུད་ཉམས་བླ་ཚེ་འཁྱམས་པའི་ཚེཿ ཨོ་རྒྱན་མཁའ་འགྲོ་ནོར་ལྷར་གསོལ་བ་འདེབསཿ དབྱིངས་ཡེ་ཟུང་འཇུག་སྐུ་ལྔའི་བཅུད་རྩོལ་ཤོགཿ གངས་ཅན་ལྗོངས་འདིར་འཚེ་བའི་བདུད་རིགས་ཚོགསཿ མྱུར་དུ་ཞི་ཞིང་རྩད་ནས་འཇོམས་པར་ཤོགཿ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེཿ བདེ་ཆེན་ཡེ་ཤེས་ཞིང་དུ་འཕོ་བར་ཤོགཿ ས་མ་ཡཱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ སེམས་ཅན་སྙིགས་མ་ལྔ་བདོའི་ཚེཿ པདྨ་ང་ཡིས་བཀའ་རྩལ་པཿ གསོལ་འདེབས་སྐྱོབ་པ་ལྷ་ལྔ་འདིཿ མཐོང་ཐོས་དྲན་རེག་སེམས་ཅན་དེའིཿ ལྔ་བདོའི་གདུང་བ་སེལ་བརབའགྱུརཿ འདི་ཡིས་སྐྱོབས་པར་ཐེ་ཚོམ་མེདཿ དུས་ལ་བབས་ཚེ་ཀུན་ལ་སྤེལཿ ས་མ་ཡཱཿ ཞེས་འཇིགས་སྐྱོབས་ལྷ་ལྔའི་གསོལ་འདེབས་མ་རིག་མུན་སེལ་འདི་ཡང་ས་ཕོ་སྤྲེལ་གྱི་ལོའི་དབོ་ཟླའི་ཚེས་བཅུའི་ཉིན་རིག་འཛིན་རོལ་བའི་རྡོ་རྗེས་དག་པར་ཕབ་པའོཿ བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིགཿ དགེའོཿ བཀྲ་ཤིསཿ


previousའཇིགས་སྐྱོབས་ལྷ་ལྔའི་གསོལ་འདེབས་མ་རིག་མུན་སེལ།next