Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
collapse section
 expand section
collapse section
 expand section
 expand section
  
  
  
གདུགས་དཀར་ལྷ་བཅུ་བདུན་མའི་དབང་ངམ་རིག་གཏད་ལེགས་པར་ནོས་པའི་ལུང་བརྒྱུད་སོགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousགདུགས་དཀར་ལྷ་བཅུ་བདུན་མའི་དབང་ངམ་རིག་གཏད་ལེགས་པར་ནོས་པའི་ལུང་བརྒྱུད་སོགས།next

གདུགས་དཀར་ལྷ་བཅུ་བདུན་མའི་དབང་ངམ་རིག་གཏད་ལེགས་པར་ནོས་པའི་ལུང་བརྒྱུད་སོགས།


GLG001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྔགས་འཆང་ཆེན་པོ་སྙེ་མདོ་བ་ཤཱཀྱ་དཔལ་གྱིས་མཛད་པའི་ཡིག་ཆ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་གཏོར་གདུགས་དཀར་ལྷ་བཅུ་བདུན་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ངམ་རིག་གཏད་ལེགས་པར་ནོས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། གཙུག་ཏོར་གདུགས་དཀར་མོ། གསང་བདག་ཕྱག་ན་


GLG001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། སློབ་དཔོན་བསམ་གཏན་བཅུ་པ། མཁས་པ་ཙནྡྲ་གོ་མི། སློབ་དཔོན་གི་ར་ཝ་ཏི། སློབ་དཔོན་རྡོ་རྗེ་རྣོན་པོ། སློབ་དཔོན་པདྨ་ལྕགས་ཀྱུ། བྲམ་ཟེ་རིན་ཅེན་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ལྡན་མ་ཀྱུ་ར་ཨ་སྐྱབས། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། དེ་ལ་སྟོད་ལུང་གད་སེར་བ་དང་ཕོ་རོག་མདོ་སྡེ་མགོན་གཉིས་ཀྱིས་གསན། གཉིས་ཀ་ནས་ཁམས་པ་རྒན་མོ་ལྷས་པ་བྱང་ཆུབ་དཔལ། བླ་མ་ཡེ་ཤེས་རིན་ཅེན། རྗེ་རིན་ཅེན་རྒྱལ་མཚན། བླ་མ་ཆ་རྒན་པ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། སྔགས་འཆང་ཤཱཀྱ་དཔལ་བ། རྗེ་དཀོན་ཅོག་རྒྱལ་མཚན། ཆོས་རྗེ་རྒྱལ་མཚན་བཀྲ་ཤིས། སློབ་དཔོན་དབང་ཆེན་རྒྱལ་པོ། བླ་མ་བྱང་ཆུབ་བཟང་པོ། མཁན་ཆེན་རིན་ཅེན་ཀུན་ལྡན། རིག་འཛིན་ཀུན་དགའ་དོན་གྲུབ། དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས། རིག་འཛིན་ཆེན་པོ་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྩ་བའི་བླ་མ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཁམས་པ་རྒན་ལྷས་པ་ནས། འཇམ་དབྱངས་བཞི་ཐོག་པ། རོང་པ་ཨ་ཀ་ར། སློབ་དཔོན་དཀོན་ཅོག་ཚུལ་ཁྲིམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། ཀུན་མཁྱེན་ཤེས་རབ་དཔལ་བཟང་། རྗེ་སངས་རྒྱས་རིན་ཅེན། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་སེམས་དཔའ་ཆེན་པོ། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་ཀུན་དགའ་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་


GLG001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དེ་ཡང་སྙེ་མདོ་ཤཱཀྱ་དཔལ་བའི་འོག་ཏུ་མཁན་ཆེན་བཀྲ་ཤིས་པ་དང་མཁན་ཆེན་ནམ་ཆོས་པ་གཉིས་དགེ་སྟེང་པ་ཚོས་མོས་གུས་བརྒྱུད་པར་བགྲངས་པ་ལས་ཆོས་བརྒྱུད་དུ་མེད་འདུག་པས་འདིར་དཀྱུས་སུ་མ་བྲིས། ཆོས་རྗེ་རྒྱལ་མཚན་བཀྲ་ཤིས་ཤིན་ཏུ་མཁས་པས་བསྐུལ་གྱི་ཞིང་དེར་དཀྱིལ་འཁོར་རེ་བྲིས་ཀྱང་འཐེབ་པ་འདུག་གསུང་། ཀུན་མཁྱེན་རྡོ་རྗེ་གདན་པས་ཆོས་གསན་པར་བཞེད་དེ་གདན་དྲངས་པས་གླང་པོ་ཆེའི་མཆེ་བ་བྱི་བའི་ཁར་མི་ཤོང་གསུང་བ་སོགས་ཐུགས་ང་རྒྱལ་ཆེས་སྐྱོན་ཙམ་བྱུང་བར་གྲགས། མཁས་གྲུབ་གྲགས་པ་རིན་ཅེན་གྱིས་མཛད་པའི་དཀྱིལ་ཆོག་འཇུག་བདེ་རབ་གསལ་གྱི་སྟེང་གནས་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མེད་པ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་གཏད་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཇོ་བོ་ཆེན་པོ་ཨ་ཏི་ཤ །ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམསརྒྱལ་བ། རོང་པ་ཕྱག་སོར་བ། བཤེས་གཉེན་བྱ་ཡུལ་པ། སྐར་ཆུང་སྦྱིན་པ། གཟེ་པ་དོན་གྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན། ཐོག་སྟོན་ཤེས་རབ་རྡོ་རྗེ། མེག་སྟོན་གྲགས་པ་འོད་ཟེར། བླ་ཆེན་གྲགས་པ་རིན་ཅེན། ཀུན་མཁྱེན་ནམ་མཁའ་འོད་ཟེར། ཆོས་རྗེ་ནམ་མཁའ་ཚུལ་ཁྲིམས། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་


GLG001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། འཇམ་དཔལ་དབྱངས་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཁྱབ་བདག་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོག་ཁྲིགས་རིན་ཅེན་བསམ་འཕེལ་གྱི་ལུང་ནི་མཁན་ཆེན་ཉིད་ལ་བདག་གིས་ནོས་སོ། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་དཀྱིལ་ཆོག་འཆི་མེད་གྲུབ་པ་ལྷན་ཐབས་དང་བཅས་པའི་སྟེང་ནས་འཕགས་པ་འོད་ཟེར་དྲི་མ་མེད་པའི་གཟུངས་ལས་གསུངས་པའི་ཐུབ་པའི་དབང་པོ་ལྷ་བདུན་གྱི་རིག་གཏད་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་བཙོང་ཁ་བའི་གསན་ཡིག་ན་བོ་དྷི་ས་ཏཱས་མཛད་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་ལ་སོགས་པ་གདབ་པའི་རྗེས་གནང་དང་ལུང་ཞེས་པ་སྣང་། ཐུབ་པའི་དབང་པོ། འཇམ་དབྱངས། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ནེ་བཙན་པོ། སད་ན་ལེགས་མཇིང་ཡོན། ལྷ་སྲས་གཙང་མ། ལྷ་སྲས་འོད་སྲུངས། མངའ་བདག་དཔལ་འཁོར་བཙན། སྐྱི་ལྡེ་ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ལྷ་བླ་མ་ཡེ་ཤེས་འོད། ལྷ་བཙུན་བྱང་ཆུབ་འོད། ལྷ་བླ་མ་ཞི་བ་འོད། མངའ་བདག་འོད་སྡེ། རྩེ་ལྡེ། མངའ་རིས་དགྲ་བཅོམ་པ་ཚུལ་ཁྲིམས་བྱང་ཆུབ། ཞུ་ལྷན་པ། ར་ས་ཆུ་ལས་པ། གྲོ་མོ་ཆེ་པ། སངས་རྒྱས་སྒོམ་པ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ནམ་མཁའ་མཆོག་གྲུབ། བླ་མ་རིན་ཅེན་དོན་གྲུབ་ལེགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། དྲིན་ཅན་མཁྱེན་རབ་ཆོས་རྗེ། བྱང་གླིང་རིན་པོ་ཆེ་རིན་ཅེན་རྒྱལ་པོ། ཞ་


GLG001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་བ་རིན་ཅེན་བཀྲ་ཤིས། གནུབས་སྒོམ་སྦས་པའི་རྣལ་འབྱོར་སྨོན་ལམ་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཆིམས་ནས། མཁན་ཟི། གྲགས་ཆེན་པ། འཕགས་འོད། བུ་སྟོན་མན་འདྲ། ཡང་ན་ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། རོང་པ་ཕྱག་སོར་བ། འཕན་ཡུལ་གུ་ཁ་བ། ཤངས་ཀྱི་རྒྱ་ཕུག་པ་ཅན། གཡག་སྡེའི་ཞང་ཡེ་ཤེས་རྒྱལ་མཚན། སློབ་དཔོན་དབང་ཕྱུག་རིན་ཅེན། དབུས་པ་སངས་རྒྱས་འབུམ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཐམས་ཅད་མཁྱེན་པ་མན་འདྲ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་དབང་རྒྱུན་འདི་ཆད་པར་ཉེ་བའི་ཚེ་བྱང་གླིང་རྗེ་ལ་དབང་ཐོབ་ཅིང་ལག་ལེན་ཀྱང་བསླབས་ནས་ཆོག་དཔོན་ཡུན་རིང་མཛད་པའི་བགྲེས་པོར་གྱུར་པའི་ཞ་ལུ་པ་རིན་ཅེན་བཀྲ་ཤིས་ཟེར་བ་ཁུངས་ཆོད་ནས། དེ་ལ་གནུབས་སྒོམ་གསན་དུ་བཅུག་ནས་དབང་རྒྱུན་འཕེལ་བར་བྱས་གསུང་བ་འདུག་པ་བསྟན་པ་རིན་པོ་ཆེ་ཁོ་ན་ཐུགས་ལ་གཅགས་པའི་རྣམ་པར་ཐར་པ་ལ་རྗེས་སུ་ཡི་རང་ཞིང་དད་པའི་གསོས་སུ་གྱུར་པའོ། །དྲི་མེད་ཀྱི་དཀྱིལ་ཆོག་ཀུན་མཁྱེན་བུས་མཛད་པའི་འཆི་མེད་གྲུབ་པ་དང་ཐུགས་སྲས་ལོ་ཙཱ་བས་མཛད་པའི་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་མཆོད་འབུམ་གྱི་ལུང་བརྒྱུད་ནི་བུ་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ། ལྕེ་བཙུན་ཆོས་ཀྱི་རྒྱལ་པོ། བླ་མ་དོན་གྲུབ་ལེགས་


GLG001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཆོད་འབུམ་གྱི་སྐབས་འདི་ཚབ་ཏུ་མཁས་པ་ཙནྡྲ་ཤྲཱི་འཇུག་པ་མ་གཏོགས་གཞན་འདྲའོ། །ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ཆོས་རྗེ་དཔོན་རྒྱལ་བ། རིན་ཅེན་རྒྱལ་པོ་ཡང་ཟེར། ཆོས་རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱལ་མཚན་དྲུང་ཀུན་དགའ་བཀྲ་ཤིས། བླ་མ་དཀོན་ཅོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །དབང་གི་སྐབས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་ཀྱི་ལུང་གནང་སྲོལ་འདུག་པ་ལྟར་ཐོབ་པའི་བརྒྱུད་པའང་དབང་དང་གཅིག་ཅིང་བརྒྱུད་སྲོལ་གཞན་ནི་བཀའ་འགྱུར་གྱི་སྐབས་སུ་གསལ་ལོ། །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་འཕགས་པ་འོད་ཟེར་དྲི་མེད་ཀྱི་གཟུངས་ནས་གསུངས་པའི་སྲོག་ཤིང་འཛུགས་པའི་ཆོ་ག་ལག་ལེན་བཀླགས་ཆོག་ངོར་ཆེན་རྡོ་རྗེ་འཆང་གི་བཞེད་པ་ལྟར་བཀོད་པའི་ལུང་གི་བརྒྱུད་པ་ནི། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་ནས། འདར་ཆོས་འཁོར་ཡང་རྩེ་བ་དཀོན་ཅོག་རྒྱལ་མཚན། དགེ་སློང་ཆེན་མོ་འང་ཟེར། དགེ་སློང་མཁས་གྲུབ་པ། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །མཁན་ཆེན་ཞ་ལུ་པས་མཛད་པའི་འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ། དེས་མཛད་པའི་འཕགས་པ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་འཆི་མེད་བདུད་རྩིའི་དཔལ་སྟེར་ཞེས་བྱ་བ་དང་དེའི་ཆ་མཐུན་གྱི་རྒྱུད་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་བཞུགས་སུ་གསོལ་ནས་སྲོག་ཤིང་འཛུགས་པའི་ཆོ་ག་དང་བཅས་པའི་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་ཐམས་
ཅད་མཁྱེན་པ་བུའི་བཞེད་པ་ལྟར་གསལ་བར་བཀོད་པ་གཉིས་ཡིག་ཆ་གཅིག་ཏུ་དྲིལ་བའི་ལུང་ཡང་རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ་ལ་བདག་གིས་ནོས་སོ། །


previousགདུགས་དཀར་ལྷ་བཅུ་བདུན་མའི་དབང་ངམ་རིག་གཏད་ལེགས་པར་ནོས་པའི་ལུང་བརྒྱུད་སོགས།next