Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོའི་སྔོན་འགྲོ་ཕྱི་ནང་གི་འབུམ་བརྒྱད་བསགས་ལུགས་ཀྱི་ཟིན་བྲིས་ནག་འགྲོས་སུ་འགོད་པ།
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོའི་སྔོན་འགྲོ་ཕྱི་ནང་གི་འབུམ་བརྒྱད་བསགས་ལུགས་ཀྱི་ཟིན་བྲིས་ནག་འགྲོས་སུ་འགོད་པ།next

གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོའི་སྔོན་འགྲོ་ཕྱི་ནང་གི་འབུམ་བརྒྱད་བསགས་ལུགས་ཀྱི་ཟིན་བྲིས་ནག་འགྲོས་སུ་འགོད་པ།


JSD002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོའི་སྔོན་འགྲོ་ཕྱི་ནང་གི་འབུམ་བརྒྱད་བསགས་ལུགས་ཀྱི་ཟིན་བྲིས་ནག་འགྲོས་སུ་འགོད་པ་ལ། མཚམས་ལུགས་དང་། ཞར་བྱུང་གི་ཉམས་སུ་ལེན་ཚུལ་གཉིས་ལས། དང་པོ་ལྟར་ན། ཐོག་མར་ཐོ་རངས་མལ་ནས་ལྡང་མ་ཐག་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་རླུང་རོ་དགུ་སྦྲགས་སུ་བུས་ལ། ཨོཾ་ཨཱཿཧཱུྃ་ལྕེ་དབང་རཾ་ཡིག་སོགས་ངག་བྱིན་རླབས་སྙིང་ཐིག་ལྟར་བྱ། ཀུན་སློང་ལེགས་པར་བཅོས། མདུན་གྱི་ནམ་མཁར་བླ་མ་ཨོ་རྒྱན་པདྨ་བདུད་འདུལ་སྐུ་མདོག་སྨུག་ནག་ཧེ་རུ་ཀའི་ཆས་ཅན་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་ཤིང་རྡོ་རྗེ་དང་ཕུར་པ་བསྣམས་པ་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྫོགས་པ་དེ་ལྟ་བུར་གསལ་བཏབ་ལ། མོས་གུས་གདུང་བ་དྲག་པོས་གསོལ་འདེབས་རྒྱང་འབོད་ཀྱི་ཚིག ཀྱཻ༔ རྒྱལ་དང་རྒྱལ་སྲས་སོགས་དང་། ཐུན་མོང་ཕྱིའི་སྔོན་འགྲོ། བློ་ལྡོག་རྣམ་བཞི་ཚིག་རྗེས་དོན་དྲན་གྱི་སྒོ་ནས། དལ་འབྱོར་ལྡན་པའི་སོགས་ནས་བླ་མ་


JSD002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན༔ ཞེས་པའི་བར་སྙན་ལ་དལ་བར་འདོན། དེ་ནས་ཐུན་མིན་ནང་གི་སྔོན་འགྲོ་ལ་ཐོག་མར་སྐྱབས་འགྲོའི་མགོར། ཌཱ་འུར་རྐང་༣ ཕཊ༔ ཡེ་གཞི་ཀ་དག་སོགས་དང་སེམས་བསྐྱེད་ཕཊཿ༔ འགྲོ་ཀུན་སྲིད་པའི་སོགས། མཎྜལ། ཕཊ༔ སྟོང་གསུམ་རབ་འབྱམས་སོགས། ཡན་ལག་བདུན་པ། ཕཊཿ༔ སྐུ་གསུམ་རྒྱལ་བ་སོགས། ཤར་འདོན་གྱི་མཇུག ས་ཐོབ་ཤོག་ནསཌཱ་བཅད་ལ་བཞག །དེ་ནས་སྐུ་གསུམ་བསྒོམ་བཟླས། སྐད་ཅིག་གིས་སྣང་བ་སོགས། སད་པར་བསྒོམ༔ བར་དང་། སྤྲུལ་སྐུ།ཁྲོས་མའི་བཟླས་པ་ཀྲོ་ཏི་ཀ་ལི་ ྚ ཉེར་གཅིག་དང་། རིགས་བདག་རྡོ་རྗེ་སོགས། རོལ་པར་དམིགས་ལ། ལོངས་སྐུ་ཕག་མོའི་བཟླས་པ་ཝཱ་ར་ཧི་ཉེར་གཅིག །རིགས་བདག་ཀུན་ཏུ་སོགས། ཞིག་པར་བསམ༔ བཟླས་པ་བདུན། ཡུམ་ཀུན་ཏུ་སོགས་ཅན་དུ་གྱུར༔ ཆོས་སྐུ་ཀུན་ཏུ་བཟང་མོའི་བཟླས་པ་ས་མནྟ་ཉེར་གཅིག འཁོར་འདས་མཉམ་བརྡལ་སོགས་རིག་པས༔ ཞེས་བརྗོད་ལ།


JSD002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ཆོས་སྐུའི་སྔགས་ཤམ་དུ། དྷརྨ་ཀཱ་ཡ་སོགས་བཏགས་པ་ལན་བདུན། མཐར་སྤྲོས་པ་སོགས་མཉམ་པར་བཞག༔ བར་བརྗོད་ལ། ཡིད་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ངང་དེར་ཇི་གནས་བཞག །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས༔ སྐུ་གསུམ་མཁའ་འགྲོ་འགྲུབ་གྱུར་ནས་སོགས་འདོན། དེ་ནས་བླ་མའི་རྣལ་འབྱོར་ལ། ཌཱ་འུར་རྐང་༣ ཕཊ༔ རང་སྣང་རྣམ་དག་སོགས། སྤྱན་འདྲེན་མགོར། ཌཱ་འུར་རྐང་༤ ཕཊ་༣ དང་པོས་བླ་མ་སྐུ་གསུམ་གྱི་ཐུགས་བརྒྱུད་བསྐུལ། གཉིས་པས་རང་བཞིན་གྱི་དབྱིངས་ནས་བཞེངས། གསུམ་པས་མངོན་སུམ་དུ་ཐིབས་ཀྱིས་བྱོན་པར་བསམ་ལ། ཧཱུཾ༔ གླིང་གི་གླིང་མཆོག་སོགས། དབུགས་དབྱུང་མཛོད༔ གུ་རུ་ཧ་རི་སོགས་མཚན་སྔགས་ལན་གསུམ་གྱི་རྗེས་མར་ཌཱ་བཅད་ལ་བཞག་ནས། སྔགས་ཕྲེང་སྐོར་གཅིག་གསོལ་འདེབས་ཀྱི་ཚུལ་དུ་བཟླ། ཌཱ་བཅས། དུས་གསུམ་སངས་རྒྱས་སོགས་ཀྱི་ཚེ་ཡིད་རྩེ་


JSD002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པས་ཚིག་དོན་ལ་བློ་ཁེལ་ངེས་སུ་བྱས་ལ། དབང་བཞི་བླང་བའི་མགོར་ཌ་འུར་རྐང་དབང་བཞིའི་དམིགས་གནད་དང་ལྡན་པས། ཕ་བླ་མ་སོགས་ནས། ད་འཁོར་འདས་དག་མཉམ་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ བར་འདོན་བསྒོམ་ཟུང་དུ་ཆུད་པར་བྱས་མཐར་ཌཱ་འུར་བཞག་ཐབས་བརྡུང་ལ་བཞག་གོ །བླ་མའི་ཐུགས་དགོངས་འོད་མཐིང་གི་རྣམ་པར རང་ལ་ཐིམ་པས། རང་ཉིད་འོད་དམར་གྱི་གོང་བུར་གྱུར་པ་བླ་མ་མཁའ་འགྲོའི་ཐུགས་ཀར་ཐིམ་པས་ཚོགས་ཞིང་རྣམས། མཐའ་ནས་རིམ་པར་འོད་དུ་ཞུ་བས་གཙོ་མོ་ལ་ཐིམ་དེ་ཡང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཁྱབ་བརྡལ་དེ་བཞིན་ཉིད་དུ་ཡལ་བའི་ངང་ལ་མཉམ་པར་བཞག །དེ་ནས་དཔལ་ལྡན་རྩ་བའི་བླ་མ་སོགས། སྐྱེ་བ་ཀུན་ཏུ་སོགས། འཇམ་དཔལ་དཔའ་བོ་སོགས། དུས་གསུམ་གཤེགས་པའི་སོགས། གང་དུ་སྐྱེས་སོགས་དང་། གཞན་ཡང་སྨོན་ལམ་རྣམ་དག་གི་ཚིག་གང་ཤེས་ཀྱིས་མཐའ་བརྒྱན་པར་བྱའོ། །


JSD002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དེ་ལྟ་བུས་ཁོག་ཕུབ་སྟེ་གང་གྲངས་བསོགས་པ་སྐབས་སུ་བབ་པ་དེ་ཉིད་ཐུན་བསྡུ་མ་རན་བར་བསགས་པའི་ཁྱད་པར་ཙམ་ལས་གཞན་རྣམས་སྔར་བཤད་ཇི་ལྟ་བ་བཞིན་དང་། སྤྲོ་ན་འགྱེད་བཞི་ཡང་དུས་དང་བསྟུན་ཏེ་ཐོར་ཐུན་གྲོལ་ནས་དཀའ་འགྱེད། སྔ་ཐུན་གྲོལ་ནས་ཁྲ་འགྱེད། དགོང་ཐུན་གྲོལ་ནས་དམར་འགྱེད། སྲོད་ཐུན་གྲོལ་ནས་ནག་འགྱེད་བྱ། དེ་ལྟར་མ་ལྕོགས་ཀྱང་ཆད་སྐྱོན་མེད་ཅིང་། སྲོད་ཐུན་མཇུག་ཏུ་འགྱེད་བཞི་གང་རུང་རེ་འདོན་ནས་ཉིན་བཞིས་རྫོགས་པར་བྱ་བའམ། ཡང་ན་ནུབ་ལྟར་གཟུང་འཁྲུལ་མ་རེ་བཏང་བས་ཀྱང་རུང་ངོ་། །ཐུན་ཕྱི་མ་གསུམ་ལ་ཐོར་ཐུན་ལྟར་ལ་ངག་བྱིན་རླབས་དོར་ཆོག སྐྱབས་ཕྱག་སྦྲགས་ཚེ་སྔོན་འགྲོའི་འདོན་ཆ་གཞན་རྣམས་མལ་དུ་བསྡད་ནས་འདོན། དེ་ལྟར་གྱིས་སྐྱབས་འགྲོ། སེམས་བསྐྱེད། མཎྜལ། སྐུ་གསུམ་བསྒོམ་བཟླས་སོ་སོར་འབུམ་ཐེར་རེ། བླ་མའི་རྣལ་འབྱོར་གྱི་མཚན་སྔགས་འབུམ་ཐེར་བཅས་ཁྱོན་འབུམ་ཕྲག་བརྒྱད་དང་། འབུམ་ལ་ཁྲི། ཁྲི་ལ་སྟོང་། སྟོང་ལ་བརྒྱ། བརྒྱ་


JSD002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅུ། བཅུ་ཆའི་ཁ་སྐོང་དང་བཅས་ཁྲལ་ཆོས་སུ་མ་སོང་བར་ཐུན་སྒང་ལ་སྨྲ་བ་བཅད་ངེས་པས་ཚར་འགྲོ་གནད་སྨིན་བསྒྲུབ་ནས་དལ་བའི་རྟེན་ལ་སྙིང་པོ་ལོན་པ་ཞིག་ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། ད་ནི་ཁོལ་བྱུང་གི་ཚུལ་དུ་ཉམས་སུ་ལེན་པ་ལ་ཁྱིམ་བཙུན་མ་སོགས་འཇིག་རྟེན་མཐུན་མཇུག་དབང་ལས། དགེ་སྦྱོར་ཐུན་གྱིས་སྲང་ལ་གཞལ་མི་ནུས་ཤིང་མི་ལྕོགས་ན། ད་ནང་སྔ་བར་ངག་བྱིན་བརླབས་ནས། ཀྱཻ༔ རྒྱལ་དང་རྒྱལ་སྲས་སོགས་ནས་སྐྱབས་འགྲོ་སོགས་གྲངས་བསོགས་རྒྱུ་དེའི་བར་འདོན། དེ་ནས་འགྲོ་ཞོར་འདུག་ཞོར་ཉིན་གང་པོར་དེ་ཕྲེང་བ་མནོར་བ་བཅད་ལ་བསགས།་དེ་ནུབ་ཉལ་ཁར་དེ་མན་ཆད་ཀྱི་སྔོན་འགྲོའི་ངག་འདོན་རྣམས་གོང་དུ་བཤད་པ་ལྟར་བསྔོ་སྨོན་གྱི་བར་དུ་མཐར་དབྱུང་བར་བྱ། འདི་ལཌཱ་དྲིལ་གྱི་སྤྲོས་པའང་མི་དགོས་ཤིང་། འདོན་རྒྱུའི་གྲངས་ཀ་ནི་ཁ་སྐོང་དང་བཅས་ངེས་པར་ཚང་བར་བྱའོ། །ཞེས་པའང་དབེན་པའི་ལྷ་བྲག་པོ་ཏ་ལ་ཀའི་བཙུན་མ་རྣམས་ཀྱིས་ལམ་འདི་ལ་བརྟེན་ནས་བསགས་སྦྱང་མཛད་པར་དམ་བཅས་པའི་སྐབས། དང་


JSD002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལས་ཅན་འགའ་ལ་ཕན་པར་མཐོང་ནས་བྱ་བཏང་ཁྲོ་རྒྱལ་རྡོ་རྗེས་ཡིག་རིས་སུ་བགྱིས་པ་དགེ་ཞིང་བཀྲ་ཤིས།། །།


JSD002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོའི་སྔོན་འགྲོ་ཕྱི་ནང་གི་འབུམ་བརྒྱད་བསགས་ལུགས་ཀྱི་ཟིན་བྲིས་ནག་འགྲོས་སུ་འགོད་པ།next