Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
སློབ་བུ་རསྨིས་ནས་བསྐུལ་ངོར།
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousསློབ་བུ་རསྨིས་ནས་བསྐུལ་ངོར།next

སློབ་བུ་རསྨིས་ནས་བསྐུལ་ངོར།


JSD004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སྔོན་ཚེ་གུ་རུ་པདྨ་ཡབ་ཡུམ་གྱིས། །མཱ་ར་ཏི་ཀར་འཆི་བདག་བདུད་བཅོམ་ནས། །སྐྱེ་འཆི་མེད་པའི་དངོས་གྲུབ་བརྙེས་པ་ཡི། །བདེན་པ་དེ་ཡིས་དཔལ་ལྡན་བླ་མ་རྗེ། །བུདྡྷ་བཛྲ་ཞབས་པད་བསྐལ་བརྒྱར་བརྟན། །ཐུགས་བསྐྱེད་མཐུ་གྲུབ་བསྟན་འགྲོའི་མགོན་དཔུང་མཛད། །བཤད་སྒྲུབ་འཁོར་ལོས་རྙིང་བསྟན་མེ་རོ་སློང་། །དོན་གཉིས་ལྷུན་གྲུབ་དཔལ་གྱིས་འབྱོར་གྱུར་ཅིག །ཅེས་པའང་སློབ་བུ་རསྨིས་ནས་ལྷ་རེག་དང་བཅས་བསྐུལ་ངོར་བྱ་བྲལ་བས། མཱ་ར་ཏི་ཀའི་གནས་མཆོག་ཏུ་བྲིས་པ་སིདྡྷི་རསྟུ།། །།


previousསློབ་བུ་རསྨིས་ནས་བསྐུལ་ངོར།next