ཁྲོ་བོའི་རྒྱལ་པོ་གཙུག་ཏོར་འབར་བའི་རྗེས་གནང་སོགས་ཀྱི་ལུང་བརྒྱུད།
སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རའི་བཞེད་སྲོལ་ཆག་ལོ་གསུམ་པས་མཛད་པའི་སྲེག་བྱེད་མེའི་མཚོན་ཆའི་ཡི་གེའི་སྟེང་ནས་དམ་པའི་ཕྱག་ལེན་ལྟར་ཁྲོ་བོའི་རྒྱལ་པོ་གཙུག་ཏོར་འབར་བའི་རྗེས་གནང་དང་། ལུང་ལ་ལོ་རྒྱུས། སྒྲུབ་ཐབས་དངོས། སྤྱིར་བཟློག་པའི་མན་ངག །བྱད་ཆུ་བོར་བསྐྱུར་བ་དང་བཅས་པ་མན་ངག་ཏུ་བསྡེབས་པའི་སྲེག་བྱེད་མེའི་མཚོན་ཆ་ཆག་ལོ་གསུམ་པ་རིན་ཅེན་ཆོས་ཀྱི་རྒྱལ་པོས་མཛད་པ། དེས་མཛད་པའི་བསྟོད་པ་དཔལ་མགོན་སངས་རྒྱས་མ་དང་བཅས་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། དེ་བཞིན་གཤེགས་པ་སཱ་ལའི་དབང་པོ། སངས་རྒྱས་ཤཱཀྱ་སེང་གེ །པཎ་གྲུབ་ཨ་བྷ་ཡཱ་ཀ་ར། བྷཾ་ག་ལའི་པཎ་ཆེན་ཤ་བྦྷཾ་ཀ་ར་གུ་པྟ། དེ་ལ་ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང་གྲུབ་ཆེན་ཨཱ་ནནྡ་གུཔྟ་གཉིས་ཀྱིས་ཞུས། གཉིས་ཀ་ལ་ཆག་ལོ་དགྲ་བཅོམ། དེ་ནས་ཆག་ལོ་ཆོས་རྗེ་དཔལ། གཙང་ནག་སྤུག་པ་མཁན་ཆེན་དབང་ཕྱུག་ཤེས་རབ། ཆོས་རྗེ་དཔལ་བའི་གདན་ས་པ་ཡིན། ཆགས་དབོན་བསྟན་འཛིན་དཔལ་བཟང་། འཛག་མོན་མཁས་པ་གྲུབ་ཆེན་མངྒ་ལ་ཤྲཱི། ཏེའུ་རའི་ཟུར་ཁང་དུ་བཞུགས་དགུང་ལོ་བརྒྱ་བཞེས། རྗེ་བཙུན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང་། དེ་ལ་རྒྱལ་སྲས་བློ་བཟང་དཔལ་
འབྱོར་དང་རྡོ་རྗེ་འཛིན་པ་ཆོས་སྐྱོང་བཟང་པོ་གཉིས་ཀྱིས་གསན། ཡབ་སྲས་གསུམ་ག་ནས་ཆག་ལོ་གསུམ་པ་རིན་ཅེན་ཆོས་རྒྱལ། བླ་མ་རིན་ཅེན་རྒྱལ་མཆོག །ཆོས་རྫོང་པ་དགེ་སློང་ངག་དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་བ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །མཁས་པ་ཡོན་ཏན་ཁྲིས་མཛད་པའི་བྱིན་རླབས་རྗེས་སུ་གནང་བའི་ཡི་གེ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉ་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དཀར་པོའི་རྗེས་སུ་གནང་བ་དང་ལུང་ལ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤྲཱི་ལས་རང་འགྱུར་དུ་མཛད་པ། མཁས་པ་ཡོན་ཏན་ཁྲིས་མཛད་པའི་མི་གཡོ་བ་དཀར་པོ་ལ་བརྟེན་པའི་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་བཅུད་ཀྱི་སྙིང་པོར་བཀོད་པ། དེས་མཛད་པའི་སྤྲོ་བསྡུ། བོགས་འབྱིན། ལེབ་རྒན་ཏེ་ཞལ་གྱི་གདམས་པ་གསུམ། དེས་མཛད་པའི་བྱིན་རླབས་རྗེས་གནང་གི་ཡི་གེ །སྐྱོར་མོ་ལུང་གི་ཆོས་གྲྭར་མཁས་པ་ཡོན་ཏན་ཁྲིས་སྒྲུབ་པ་མཛད་སྐབས་བྱིན་གྱིས་བརླབས་པའི་སྣང་བ་བྱ་ཚུལ་རྣམས་བརྗེད་བྱང་དུ་མཛད་པ། དེས་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡན་ལག་བདུན་ལྡན་མ་རྣམས་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་བོའི་དབང་པོ་མི་གཡོ་བ། པཎ་གྲུབ་ཨ་བྷ་ཡཱ་ཀ་ར་གུཔྟ། ཨཱ་ནནྡ་ཀ་ར་གུཔྟ། སློབ་དཔོན་ལྷན་ཅིག་སྐྱེས་པ་
པཎ་ཆེན་དཱ་ན་ཤྲཱི་ལ། རྗེ་བཙུན་ས་པཎ། འུ་ཡུག་པ་བསོད་ནམས་སེང་གེ །བཅོམ་ལྡན་རལ་གྲི །སློབ་དཔོན་བསོད་ནམས་བཟང་པོ། མཁན་ཆེན་པུཎྱ་བྷ་དྲ། བླ་མ་དར་མ་བཟང་པོ། མཁན་ཆེན་བསོད་ནམས་ཤེས་རབ། མཁན་པོ་ཤེས་རབ་མགོན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཆོས་རྗེ་ཡོན་ཏན་དཔལ། རོང་སྟོན་བློ་བཟང་གྲགས་པ། སྐྱིད་ཤོད་འབྲས་སྤུངས་ཀྱི་མཁན་པོ། མཁྱེན་རབ་རིན་ཅེན་མཆོག་གྲུབ། མཁན་ཆེན་རནྟ་ཤྲཱི་ལ། རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །རྗེ་བཙུན་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་པཎ་ཆེན་དཱ་ན་ཤྲཱི་ལ་ནས། བཅོམ་ལྡན་རལ་གྲི །མཆིམས་བློ་བཟང་གྲགས་པ། དགེ་བཤེས་གྲ་རིང་པ། མཚུར་སྟོན་རིན་ཅེན་ཡེ་ཤེས། ཀརྨ་དཀོན་གཞོན། འདིས་འབྲི་ཁུང་དཔལ་འཛིན་རྩོད་པའི་སྒོ་ནས་རྨེག་མེད་དུ་བཅོམ་སྟེ་དཔལ་འཛིན་ལ་ཀློག་གོ་ཆོད་ཅིག་ལས་མི་འདུག་གསུང་སྐད། ཆོས་རྗེ་ཡོན་ཏན་དཔལ། རྗེ་རོང་པོ་བློ་བཟང་པ་མན་འདྲ། ཡང་ན་པཎྜི་ཏ་དཱ་ན་ཤྲཱི་ལ་ནས། འདུལ་འཛིན་བྱང་ཆུབ་སེམས་དཔའ། མཁས་པ་ལུང་གི་དབང་ཕྱུག །རྒྱལ་ཚ་ལུང་མང་པོ། རྒྱལ་སྲས་གཞོན་ནུ་གྲགས་པ། ཇོ་ནང་ཆོས་ཀྱི་རྒྱལ་པོ། གཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། སྒོ་རུམ་པ་མན་འདྲ། ཡང་ན་ཁྲོ་བོའི་དབང་པོ། གྲུབ་ཆེན་འོད་བྱེད་འབྱུང་གནས། པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ། པཎྜི་ཏ་དཱ་ན་ཤྲཱི་ལ་མན་འདྲ། ཉེ་བརྒྱུད་ནི། ཁྲོ་བོའི་དབང་པོ། པཎྜི་ཏ་དཱ་ན་ཤྲཱི་ལ། དེ་ལ་ས་པཎ་དང་
བཅོམ་རལ་གཉིས་ཀྱིས་གསན་པ་མན་འདྲ། ཡང་རྗེས་གནང་ཉེ་བརྒྱུད་ནི། ཁྲོ་བོའི་དབང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་མཁས་གྲུབ་སེང་གེ་རྒྱལ་མཚན། མཁན་ཆེན་རྒྱལ་བ་མཆོག །བདག་ཆེན་འཇམ་དབྱངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ལུང་རྣམས་ཀྱི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས་ནས། མཆོད་དཔོན་དྲུང་པ་དཀོན་ཅོག །རྗེ་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ལུང་བརྒྱུད་ལུགས་གཅིག་ནི། ཀུན་མཁྱེན་གཡག་པ་ཡན་གོང་ལྟར་ལ། དེ་ནས་སློབ་དཔོན་དཔལ་ལྡན་བཟང་པོ། པཎ་ཆེན་ཤཱཀ་མཆོག་མན་ཡང་འདྲ་བ་ལས་རྗེ་མཁྱེན་བརྩེའི་རྗེས་སུ་དྲུང་པ་དཀོན་ཅོག་པ་ཡོད་དོ། །ཡང་ན་ཀུན་མཁྱེན་གཡག་པ་ནས། རོང་སྟོན་ཤེས་བྱ་ཀུན་རིག །རྒྱུ་འགུལ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། རྗེ་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །རྩ་བའི་བླ་མ་ཞ་ལུ་མཁན་ཆེན། དེས་བདག་ལའོ། །ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། ཤྲཱི་བ་བློ་གྲོས་རྒྱལ་མཚན། སྡོམ་བརྩོན་སྦྱིན་པ་གྲགས་པ། ཁྲི་ཆེན་ཀུན་དགའ་བསོད་ནམས་མན་འདྲ། ཤིན་ཏུ་ཉེ་བརྒྱུད་ནི། མི་གཡོ་བ། གཡག་མི་ཕམ་ཆོས་ཀྱི་བླ་མ་མན་འདྲ། མི་གཡོ་པའི་སྒྲུབ་པ་མཛད་པའི་ཞག་བདུན་ཐོག་ཞལ་དཀར་ནང་དུ་མི་གཡོ་བའི་སྐུ་མཐེབ་སོར་ཙམ་པ་མང་པོ་བྱུང་བ་བགེགས་ཀྱི་སྤྲུལ་
བར་མཁྱེན་ནས་ལྷག་མེད་གསོལ་བས་ཐུལ་ཞིང་བཅོམ་ལྡན་འདས་ཞལ་གཟིགས་པའི་ལོ་རྒྱུས་སྣང་ངོ་། །མི་གཡོ་བ་སྔོན་པོའི་རྗེས་གནང་དམ་པའི་ཕྱག་ལེན་འཁྲུལ་མེད་ལྟར་ཐོབ་པའི་བརྒྱུད་པ་ནི། དེ་བཞིན་གཤེགས་པ། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་ཅོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེར་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། གྲུབ་ཆེན་བསོད་ནམས་སེང་གེ །རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཟུར་རྡོ་རྗེ་འཆང་། དེས་བདག་ཟ་ཧོར་བནྡེ་ལའོ། །དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་རྟོགས་དང་རྗེས་གནང་གི་ཆོ་གའི་ལུང་བརྒྱུད་ནི། རྩོམ་པ་པོ། བྲང་ཏི་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །མི་གཡོ་བ་སྔོན་པོ་པུས་བཙུགས་སམ་ཆུ་བསྲུང་གི་རྗེས་སུ་གནང་བ་དམ་པའི་ཕྱག་ལེན་འཁྲུལ་པ་མེད་པ་བཞིན་དང་། དེའི་སྒྲུབ་ཐབས་སློབ་དཔོན་རྩེ་མོས་མཛད་པའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་
ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། རྗེ་བཙུན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཆོས་རྒྱལ་འཕགས་པ། ཞང་དཀོན་ཅོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། གུ་གེ་པཎྜི་ཏ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། འཇམ་དབྱངས་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། གོང་དཀར་པཎ་ཆེན་ཀུན་བཟང་རྩེ་པ་དཔལ་ལྡན་ཚུལ་ཁྲིམས། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་ལྷ་མཆོག་སེང་གེ །ངོར་པ་སངས་རྒྱས་སེང་གེ །རྗེ་ཀུན་དགའ་ལུང་རིག །སྡོམ་བརྩོན་སྦྱིན་པ་གྲགས་པ། ས་སྐྱ་ཁྲི་ཆེན་མན་འདྲ། །