Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཔལ་ལྡན་མགོན་པོ་དགྱེས་པའི་སྤྲིན་བསྐང་གློག་ཞགས་འཁྱིལ་བ།
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདཔལ་ལྡན་མགོན་པོ་དགྱེས་པའི་སྤྲིན་བསྐང་གློག་ཞགས་འཁྱིལ་བ།next

དཔལ་ལྡན་མགོན་པོ་དགྱེས་པའི་སྤྲིན་བསྐང་གློག་ཞགས་འཁྱིལ་བ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ དཔལ་ལྡན་མགོན་པོ་དགྱེས་པའི་སྤྲིན་བསྐང་གློག་ཞགས་འཁྱིལ་བ་བཞུགསཿ འབྲུ་གསུམ་བྱིན་རླབས་ནམ་མཁའ་མཛོད་ཀྱིས་སྤེལཿ ཧཱུྃ་ཧྲཱིཿ མ་བཅོས་རང་བྱུང་ཆོས་དབྱིངས་འོག་མིན་བརྡལཿ དུས་གསུམ་རྒྱལ་བའི་ཞིང་མཆོག་པོ་ཊ་ལཿ རང་སྣང་རྣམ་དག་སྤྲོས་བྲལ་ཕོ་བྲང་དབུསཿ སྐུ་གསུམ་རང་མདངས་འཕགས་མཆོག་སྤྱན་རས་གཟིགསཿ ཡེ་ནས་གཉིས་མེད་དབྱིངས་ཀྱི་ཆོ་འཕྲུལ་ལསཿ དཔལ་མགོན་སྲོག་བདུད་ཡེ་ཤེས་ཕྱག་དྲུག་པཿ རྒྱལ་བ་རབ་འབྱམས་རིག་རྩལ་ཐུགས་རྗེ་ཅནཿ འཇིགས་རུང་ལྔ་བདོའི་དུག་གསུམ་དགྲ་བགེགས་ཚོགསཿ སྐད་ཅིག་ཉིད་དུ་གཉིས་འཛིན་སྣང་བརྙན་ཚོགསཿ ཡུལ་མེད་ཟང་ཐལ་མཉམ་ཉིད་ཡེ་ཤེས་ཀློངཿ སྣང་སྲིད་མཆོད་སྤྲིན་ཡེ་ཤེས་སྐྱེམས་གཏོར་འབུལཿ དངོས་གྲུབ་རྩོལ་ཕྱིར་བླང་དོར་མེད་པར་བཞེསཿ དྲག་པོའི་མངོན་སྤྱོད་ལས་བསྒྲུབ་ཕྲིན་ལས་མཛོདཿ རྒྱལ་བ་མཉམ་མེད་ཐུབ་དབང་བསྟན་པ་ཡིཿ ཁྱད་པར་མདོ་སྔགས་བཤད་སྒྲུབ་འཛིན་སྐྱོང་སྤེལཿ ཆོས་སྲིད་ཚོགས་གཉིས་རྒྱ་མཚོ་རྒྱས་པ་དངཿ ལྷུན་གྲུབ་རྒྱལ་བའི་ས་ལམ་ཡོན་ཏན་རྒྱསཿ རྒྱལ་བསྟན་ཕྱོགས་མེད་མཁའ་ལ་ཉི་ཤར་བཞིནཿ གངས་ཅན་ལྗོངས་འདིར་བདེ་བའི་ཕྲིན་ལས་མཛོདཿ འཁོར་འདས་འགྲོ་རྣམས་གདོད་མའི་སར་བགྲོད་ཚེཿ བདེ་སྟོང་ཟུང་འཇུག་སྐུ་དང་གཉིས་མེད་གྱུརཿ སྔོན་བྱོན་ཐུགས་དགོངས་རྫོགས་པར་ཞལ་བཞུགས་པཿ མི་འཇིགས་ཞབས་བརྟན་རྡོ་རྗེའི་ཁྲི་ལ་བཞུགསཿ ཐུགས་རྗེའི་བྱིན་རླབས་ཁམས་གསུམ་འགྲོ་ལ་ཤརཿ དབྱིངས་ཡེ་ཟུང་འཇུག་ལྷུན་གྲུབ་བུམ་སྐུའི་སྦུབསཿ བདག་སོགས་ཚོམ་བུ་གཅིག་ཏུ་གཤིས་གྲོལ་མཛོདཿ ལས་ངན་རྣམ་སྨིན་དགྲ་བགེགས་ཀུན་གཞིའི་གཡའཿ ཀ་དག་དང་པོའི་སངས་རྒྱས་ཡེ་གྲོལ་ཀློངཿ ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་སྤྲིན་རོལཿ འདོད་དོན་གང་བསམ་ཐོགས་མེད་མྱུར་འགྲུབ་ཅིངཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཅེས་གཏན་གྲོགས་དམ་པ་ཀུན་དགའ་ནས་མོས་ངོརཿ གར་དབང་བདེ་མཆོག་གླིང་པས་དག་པར་ཞལ་ཕྱེས་ཏེ་ཕབ་པའོཿ


previousདཔལ་ལྡན་མགོན་པོ་དགྱེས་པའི་སྤྲིན་བསྐང་གློག་ཞགས་འཁྱིལ་བ།next