Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུའི་སྤང་སྐོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀླུའི་སྤང་སྐོང་།next

ཀླུའི་སྤང་སྐོང་།

༄༅། །ཀླུའི་སྤང་སྐོང་བཞུགས་སོ། །

ཞང་ཞུང་གི་སྐད་དུ། ཏ་ལ་པ་ཏ་ཡ་ན་ཧ། སུམ་པའི་སྐད་དུ། ཨ་ར་ན་བ་ལི་ཡ། རྒྱ་གར་སྐད་དུ། ནཱ་ག་རཱ་ཛ་དྷ་ཡ། བོད་སྐད་དུ། ཀླུའི་སྤང་སྐོང༌། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཐུགས་རིན་པོ་ཆེའི་གསང་བ་ནས་དགོངས་ཏེ། ལྗགས་ལེ་བརྒན་འབར་བས་བཀྲོལ་ནས། ཀླུ་ཐམས་ཅད་སྤྱན་དྲངས་ལ། ཕྱག་འཚལ་མཆོད་པ་འབུལ། སྨོན་ལམ་གདབ། རང་རང་གི་སྙིང་པོ་འབུལ། ཀླུ་སྨན་སྣ་ཚོགས་ཀྱིས་གསོས། བཤགས་པ་བྱས་ལ། འཕྲིན་ལས་བཅོལ་བ་འདི་དག་གསུངས་སོ། །མི་མཇེད་འཇིག་རྟེན་འཛམ་གླིང་ན། །རྒྱ་མཚོ་དང་ནི་ཆུ་བོ་དང༌། །ཆུ་བྲན་མཚེའུ་ལུ་མ་ལྟེང་ལྟེང་དང༌། །རི་རབ་རི་ཕྲན་ས་རྡོ་དང༌། །རླུང་དང་མེ་དང་ནམ་མཁའ་དང༌། །འབྱུང་བ་དེ་དག་ཀུན་ལ་གནས་པའི་ཀླུ་ཡི་ཚོགས་རྣམས་ནི། །དགའ་བོ་དང་ནི་ཉེ་དགའ་བོ། །ཀུན་དགའ་བོ་དང་གཙུག་ན་རིན་ཆེན་དང༌། །མཐའ་ཡས་དང་ནི་དུང་སྐྱོང་དང༌། །ནོར་རྒྱས་དང་ནི་གཟི་ཆེན་ཏེ། །ཀླུ་ཆེན་བརྒྱད་པོ་འདིར་གཤེགས་མཆོད་པ་དམ་པ་བཞེས། །ཀླུའི་རྒྱལ་པོ་སྟོབས་བཟངས་དང༌། །ཨེ་ལེའི་འདབ་དང་གེལ་པ་དང༌། །མ་དྲོས་པ་དང་མི་ཞུམ་པ། །རིགས་ལྡན་དང་ནི་སྐྱ་རེངས་དང༌། །དཔལ་ལྡན་ལ་སོགས་བློན་རིགས་རྣམས། །འདིར་གཤེགས་མཆོད་པ་དམ་པ་ཞེས། །ཀླུ་ཡི་རྒྱལ་པོ་ཚངས་པ་དང༌། །ཤིང་རྟ་བཞིན་དང་མེ་ལོང་གདོང་ཅན་དང༌། །རི་དྭགས་མགོ་ཅན་དང་ནི་གཅན་གཟན་མགོ་ཅན་དང༌། །བ་ལང་མགོ་ཅན་དང་ནི་བྱ་ཡི་མགོ་ཅན་དང༌། །སྦྲུལ་མགོ་ཅན་ལ་སོགས་པའི་དམངས་རིགས་རྣམས། །འདིར་གཤེགས་སྤྱན་འདྲེན་མཆོད་པ་དམ་པ་བཞེས། །ཀླུ་ཡི་རྒྱལ་པོ་འཆར་འབེབས་དང༌། །འབྲུག་སྒྲོག་དང་ནི་འབྲས་བུ་སྨིན་པར་བྱེད། །དགའ་བོ་དང་ནི་ཉེ་དགའ་དང༌། །སྐྲག་བྱེད་དང་ནི་གནོད་བྱེད་དང༌། །འབྱུང་བ་ཆུ་ལ་གནས་པའི་ཀླུ་རྣམས་དང༌། །འབྱུང་བ་རླུང་ལ་གནས་པའི་ཀླུ་རྣམས་དང༌། །འབྱུང་བ་མེ་ལ་གནས་པའི་ཀླུ་རྣམས་དང༌། །ས་དང་ཤིང་ལ་གནས་པའི་ཀླུ་རྣམས་དང༌། །རི་རབ་རི་ཕྲན་ཀུན་ལ་གནས་པའི་ཀླུ་རྣམས་དང༌། །ས་དང་རྡོ་ལ་གནས་པའི་ཀླུ་རྣམས་ཀུན། །དེ་དག་ཐམས་ཅད་བྲམ་ཟེའི་རིགས་ཡིན་ཏེ། །འདིར་གཤེགས་མཆོད་པ་དམ་པ་བཞེས། །ཞེ་སྡང་གདུག་པའི་སེམས་སུ་མ་བྱོན་ཅིག །ཁྲོ་གཏུམ་ང་རེའི་ཚུལ་དུམ་བྱོན་ཅིག །བྱམས་དང་སྙིང་རྗེའི་སེམས་དང་བཅས་ཏེ་གཤེགས། །དུས་གསུམ་བདེ་གཤེགས་བཀའ་ལ་ཉོན་ཅིང་གཤེགས། །དམ་པའི་ཆོས་ཀྱི་བསྟན་པ་བསྲུང་བ་དང༌། །སོ་སོའི་མཐུན་པའི་རྫས་ལ་གཤེགས་སུ་གསོལ། །ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཉེ་དགའ་བོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནོར་རྒྱས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གཟི་ཆེན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་བཟང་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་ཕྱུག་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཁོར་བ་རིན་ཆེན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བ་རུ་སྐྱིན་པོའི་མཆུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱས་བྱེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཕྲུལ་པོ་ཆེ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཐོང་དེ་རྒྱལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མལ་གྲོ་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རབ་བརྟན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཔལ་ལྡན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཔལ་མགྲིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཔལ་འཕྲེང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་བཟང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཆུ་སྐྱེས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཆུ་ལྷ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དེ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྦྱོར་བ་ཡོན་བདག་འཁོར་དང་བཅས་པ་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་ཐ་མ་དུས་འདི་ཡན་ཆད་དུ། ཀླུའི་ལན་ཆགས་པ་དང༌། རྫོབ་ཤོབ་བྱས་པ་དང༌། ཐུག་ཐུབ་བྱས་པ་དང༌། བསད་པ་དང༌། བཅད་པ་དང༌། བརྡུངས་རྡེག་བྱས་པ་དང༌། ཕྲོགས་པ་དང༌། རློམ་སེམས་བྱས་པ་དང༌། བརྣབ་སེམས་བྱས་པ་དང༌། གནོད་སེམས་དང༌། སེར་སྣ་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། འདོད་ཆགས་དང༌། ཕྲག་དོག་དང༌། གདུག་སེམས་ངན་པ་བྱས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བཤིག་ཅིང་རྣལ་དུ་གསོལ། །གཞན་ཡང་ཀུན་དགའ་བོ། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མིག་མི་བཟང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནོར་བུ་བསྲུངས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གང་བ་བཟང་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རི་རབ་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཕྲེང་བ་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མེ་ཏོག་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཨུཏྤལ་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྲུང་བྱེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དྲག་ལྡན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྫུ་འཕྲུལ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་སྟོབས་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འོད་ཟེར་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཁ་དོག་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཕྲོག་བྱེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བརྒྱ་བྱིན་ཆེ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མཐོང་བའི་དུག་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རེག་པ་དུག་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བསམ་པའི་དུག་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དེ་རྣམས་ལ་ཕྱག་བཙལ་ནས། རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་ལ། བརྣབ་སེམས་དང༌། གནོད་སེམས་མ་བྱེད་ཅིག །ཡོངས་སུ་བཟུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང་བདེ་ལེགས་ཐམས་ཅད་དང་ལྡན་པར་གྱུར་ཅིག །མཚོན་དང༌། ནད་དང༌། མུ་གེ་དང༌། དུག་གིས་མི་ཚུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་ཞིང་ལེགས་པར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་བ་རུ་སྐྱིན་བུའི་མཆུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཚངས་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཚངས་ཆེན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དབང་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཉེ་བའི་དབང་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུག་མེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མཚོ་ཆེན་གྱི་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཆུ་སྲིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མི་ཞུམ་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཉེ་བར་མི་ཞུམ་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་ཀྱིས་རྒྱུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྐྱ་རེངས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སོར་མོ་དྲུག་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྙིང་པོ་འགྲོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཔལ་བཟང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འོད་དཔལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དེ་རྣམས་ལ་ཕྱག་བཙལ་ནས། རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ། བཙའ་དང་མུ་གེ་དང༌། ལོ་ཉེས་དང༌། འཁྲུག་པ་དང༌། མཚོན་དང༌། ནད་དང༌། ཚེ་ཐུང་བ་ཐམས་ཅད་ལས་བདེ་ཞིང་བྱང་བར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་ཆུ་སྐྱེས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དགའ་རེ་དཔལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ལག་བཟང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རི་རབ་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཉི་འོད་ལ་ཕྱ་འཚལ་ལོ། །ཀླུའི་རྒྱལ་པོ་ཟླ་འོད་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་བཟང་སྡུད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དར་བ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འབྲུག་སྒྲ་སྒྲོག་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གློག་འབྱིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཆར་འབེབས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱས་བྱེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དྲི་མེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་ཆེན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ལྕང་ལོང་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རི་དྭགས་ཀྱི་མགོ་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གཅན་གཟན་གྱི་མགོ་ཅན་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་སེང་གེའི་མགོ་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བ་ལང་གི་མགོ་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བྱའི་མགོ་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཉའི་མགོ་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དེ་རྣམས་ལ་ཕྱག་འཚལ་ནས། རྒྱུ་སྦྱོར་བ་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་དུས་དུས་སུ་འབྲུག་སྒྲ་སྒྲོག་པར་གྱུར་ཅིག །དུས་དུས་སུ་ཆར་འབེབ་པར་གྱུར་ཅིག །དུས་དུས་སུ་འབྲས་བུ་སྨིན་པར་གྱུར་ཅིག །བསྲུང་བ་དང་སྐྱོབ་པ་ཁོ་ནར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་རི་བཀྲ་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་སྐྱེ་བོ་འཚེ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྣ་ཚོགས་སྡེ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མི་གཏོང་བ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བཏང་བཟུང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྒྲ་ཆེན་སྒྲོག་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྟག་བྱེད་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་འབར་བ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྲིན་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སེར་སྣ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གླང་ཆེན་རྩལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཀར་གསལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སེར་སྣ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཨེ་ལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུང་འདྲ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཀར་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནག་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཉ་ནག་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཟླ་བ་ལ་ཕྱག་འཚལ་ལོ། །ཀླུ་དེ་རྣམས་ལ་ཕྱག་བཙལ་ནས། །རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་ཤུ་བ་དང༌། འབྲས་དང༌། སྲང་རྡོ་དང༌། མཛེ་དང༌། ཕོལ་མིག་དང༌། འབྲུམ་བུ་དང༌། གཅོང་དང༌། དལ་རྒལ་དང༌། ཞང་འབྲུམ་དང༌། ཁོང་མཛེ་དང༌། མེ་དབལ་དང༌། གྱིན་པ་དང༌། སེམས་རྒྱུ་བ་ལ་སོགས་པ་རྣམས་ནི་ཞི་བར་གྱུར་ཅིག །མེད་ཅིང་བྱང་བར་གྱུར་ཅིག །གནོད་པ་གང་གིས་ཀྱང་མི་ཚུགས་པར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་སྒེག་བྱེད་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གངྒཱ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བཀྲ་ཤིས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ལྔ་ལེན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གཙུག་ཕུད་ལྔ་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བུང་བ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཤིང་རྟ་བཞིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མེ་ལོང་གདོང་ཅན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རི་རབ་འཛིན་ལ་ཕྱག་འཚལ་ལོ། ཀླུའི་རྒྱལ་པོ་སེང་ལྡེང་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མུ་ཁྱུད་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཅག་གེ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་གོའུ་ཏ་མ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཡིད་བཟང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཨ་ལུ་ཀ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཧུ་ལུ་ཀ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཨེ་ལ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཞི་བ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཐར་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དཀར་པོ་གཉིས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནག་པོ་གཉིས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སེར་པོ་གཉིས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཆུ་སྲིན་དུ་མ་ཁྲམ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱལ་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུ་བློན་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུ་དམངས་རིགས་རྣམས་ལ་ཕྱག་འཚལ་ལོ། །ཀླུ་བྲམ་ཟེའི་རིགས་རྣམས་ལ་ཕྱག་འཚལ་ལོ། ཀླུ་བྱོལ་སོང་གི་རིགས་རྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་བུ་དང་བཅས་པ། ཚ་བོ་དང་བཅས་པ། འཁོར་གཡོག་དང་བཅས་པ། སྡེ་དཔོན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། ཀླུ་དེ་རྣམས་ལ་ཕྱག་འཚལ་བས། རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ཀྱིས་བསད་པ་དང༌། བཅད་པ་དང༌། བརྡུངས་པ་དང༌། རྟེལ་བ་དང༌། འཕྲུས་པ་དང༌། སློགས་པ་དང༌། རྨོས་པ་དང༌། བཞོས་པ་དང༌། བརྐོས་པ་དང༌། བལ་བ་དང༌། རྫོབ་ཤོབ་བྱས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མཐོལ་ཞིང་བཤགས་སོ། །ཨོཾ་ནཱ་ག་རཱ་ཛ་ཨ་ནན་ཏ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཨུ་བན་ཏ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཏ་ཤ་ཀ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཀར་ཀོ་ཏ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཨུ་ལི་ཀ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཨ་ནན་ཏ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་མུ་ལི་ཀི་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཤང་ཀ་པཱ་ལ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་བ་ན་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཀ་ན་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་བ་བུ་ཏེ་སྭཱ་ཧཱ། ཨོཾ་མུར་ཟང་ནཱ་ག་ག་ཡུ་ན་སྭཱ་ཧཱ། ཨོཾ་མུར་ཟང་ནཱ་ག་ར་ཛ་ཨུ་ག་ཏེ་སྭཱ་ཧཱ། ཨོཾ་མུར་ཟང་ནཱ་ག་མུ་ཛཱི་ཀི་སྭཱ་ཧཱ། ཨོཾ་མུར་ཟང་ནཱ་ག་མ་ཛ་ལ་ཤོ་སྭཱ་ཧཱ། ཨོཾ་མུར་ཟང་ནཱ་ག་པྲ་ཤ་ན་ཡེ་སྭཱ་ཧཱ། ནཱ་ག་ག་རུ་ན་ཡེ་སྭཱ་ཧཱ། ནཱ་ག་དུ་ཀ་རི་སྭཱ་ཧཱ། ནཱ་ག་ཤོ་ན་སྭཱ་ཧཱ། ནཱ་ག་མ་ཛ་ལ་ཤོ་སྭཱ་ཧཱ། ནཱ་ག་པྲ་ཤོ་ན་སྭཱ་ཧཱ། ནཱ་ག་ཀུ་རུ་ཎི་སྭཱ་ཧཱ། ནཱ་ག་དུ་ཀ་རི་སྭཱ་ཧཱ། ནཱ་ག་མ་རུ་ཎི་སྭཱ་ཧཱ། ནཱ་ག་དེ་བ་ཡེ་སྭཱ་ཧཱ། ནཱ་ག་ག་ཡུ་སྭཱ་ཧཱ། ནཱ་ག་བྷན་ཛ་ཡུ་སྭཱ་ཧཱ། ནཱ་ག་པ་ཡུན་སྭཱ་ཧཱ། ནཱ་ག་རག་ཤ་ཡུ་སྭཱ་ཧཱ། ནཱ་ག་རཱ་ཛ་ཡུ་སྭཱ་ཧཱ། ནཱ་ག་དེ་བ་ཡུ་སྭཱ་ཧཱ། ནཱ་ག་རཱ་ཛ་ཡུ་སྭཱ་ཧཱ། ནཱ་ག་ན་ཏེ་སྭཱ་ཧཱ། ནཱ་ག་ར་ཛ་དེ་ཝ་ཡུ་སྭཱ་ཧཱ། ཛཱ་ཧཱུཾ་བཾ་ཧོ། ནཱ་ག་རཱ་ཛ་ཡེ་སྭཱ་ཧཱ། ནཱ་ག་རཱ་ཛ་ན་ཡེ་སྭཱ་ཧཱ། ནཱ་ག་རག་ཤ་ཡ་སྭཱ་ཧཱ། ནཱ་ག་ཡུ་ན་ཡེ་སྭཱ་ཧཱ། ནཱ་ག་ཨུ་པ་ཡེ་སྭཱ་ཧཱ། ནཱ་ག་གྷ་ན་གུ་དེ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཨ་ནཱན་ཏ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཨུ་ནཱན་ཏ་སྭཱ་ཧཱ། ནཱ་ག་རཱ་ཛ་ཨུ་བན་ཏ་ན་སྭཱ་ཧཱ། ནཱ་ག་རཱ་ཛ་རྟག་ནཱན་སྭཱ་ཧཱ། ནཱ་ག་རཱ་ཛ་ཀར་ཀོ་ཊ་སྭཱ་ཧཱ། ནཱ་ག་རཱ་ཛ་ཨུ་ལི་ཀ་སྭཱ་ཧཱ། ནཱ་ག་རཱ་ཛ་བཱ་སུ་ཀི་སྭཱ་ཧཱ། ནཱ་ག་རཱ་ཛ་མུ་ལི་ཀ་སྭཱ་ཧཱ། ནཱ་ག་རཱ་ཛ་ཤང་ཀ་ལ་སྭཱ་ཧཱ། ནཱ་ག་ཀི་ལི་ཀི་ལི་སྭཱ་ཧཱ། མི་ལི་མི་ལི་སྭཱ་ཧཱ། ཙི་ལི་ཙི་ལི་ཙི་སྭཱ་ཧཱ། ཛྭ་ལ་ཛྭ་ལ་སྭཱ་ཧཱ། པ་ཏ་པ་ཏ་སྭཱ་ཧཱ། དྷ་མ་དྷ་མ་སྭཱ་ཧཱ། བྷ་ར་བྷ་ར་སྭཱ་ཧཱ། ཀུ་ཏི་ཀུ་ཏི་སྭཱ་ཧཱ། ཧ་ར་ཧ་ར་སྭཱ་ཧཱ། ཏ་ར་ཏ་ར་སྭཱ་ཧཱ། ཧ་ལ་ཧ་ལ་སྭཱ་ཧཱ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། སི་ཏི་སི་ཏི་སྭཱ་ཧཱ། སྭ་ཏི་སྭ་ཏི་སྭཱ་ཧཱ། ནཱ་ག་གུ་རུ་གུ་རུ་སྭཱ་ཧཱ། ཨ་གེ་ཏེ་སྭཱ་ཧཱ། ཡ་ར་ཏེ་སྭཱ་ཧཱ། མ་ར་ཏེ་སྭཱ་ཧཱ། བ་ད་ནེ་སྭཱ་ཧཱ། ཨ་བ་ར་སྭཱ་ཧཱ། ཤ་བ་དེ་སྭཱ་ཧཱ། ཏུ་རི་ཏུ་རི་སྭཱ་ཧཱ། བུ་རེ་བུ་རེ་སྭཱ་ཧཱ། ཧུ་ཙེ་ཧུ་ཙེ་སྭཱ་ཧཱ། གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ། ཀླུ་རྩི་དང་སྨན་གྱིས་གསོ་བ་ནི་འདི་ལྟ་སྟེ། ཐང་ལོ་དང༌། སྙུག་ལོ་དང༌། རྨ་བྱའི་མདོངས་དང༌། ཟི་ར་དཀར་ནག་དང༌། སྦྲུལ་གྱི་པགས་པ་དང༌། དབང་པོ་ལག་པ་དང༌། ཆུ་སྲིན་སྡེར་མོ་དང༌། ཛ་ཏི་ཕ་ལ་དང༌། སྤང་སྤོས་དང༌། རྒྱ་མཚོའི་ལྦུ་བ་དང༌། ཨུ་ཏྤལ་སྔོན་པོ་དང༌། རྒྱ་མཚོ་ལྕོག་ལ་དང༌། དུང་ཕོར་མདོག་བཟང་དང༌། གུ་གུལ་དཀར་པོ་དང༌། སྙིང་ཞོ་ཤ་དང༌། གླ་གོར་ཞོ་ཤ་དང༌། མཁལ་མ་ཞོ་ཤ་དང༌། སྤུ་ཤེལ་རྩེ་དང༌། ཤུ་དག་དང༌། རྡོ་རྒྱུས་བྱ་བལ་མ་དང༌། བ་དམར་མོའི་འོ་མ་དང༌། ར་དཀར་མོའི་འོ་མ་དང༌། ནཱ་ག་སྤུས་པ་དང༌། ནཱ་ག་གེ་སར་དང༌། ཏིལ་དཀར་ནག་དང༌། ག་བུར་དང༌། གུར་གུམ་དང༌། ཙནྡན་དཀར་པོ་དང༌། ཙནྡན་སྨུག་པོ་དང༌། ཀ་ར་བུ་རམ་དང༌། སྦྲང་རྩི་ལ་སོགས་པ་དེ་རྣམས་ནི་ཀླུ་རྣམས་ལ་གསོས་སུ་ཕུལ་བས། ཀླུ་ཐམས་ཅད་མི་ཟད་པའི་གཏེར་དང་ལྡན་ནས། མིག་གིས་མཐོང་ན་གཟུགས་སྡུག་པར་གྱུར་ཅིག །རྣ་བས་ཐོས་ན་སྒྲ་སྙན་པར་གྱུར་ཅིག །སྣས་ཚོར་ན་དྲི་ཞིམ་པར་གྱུར་ཅིག །ལྕེས་ཚོར་ན་རོ་མངར་བར་གྱུར་ཅིག །ལུས་ཀྱིས་ཚོར་ན་རེག་བྱ་འཇམ་པར་གྱུར་ཅིག །ཡིད་ཀྱིས་ཚོར་ན་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །རྩི་སྨན་གྱི་བྱེ་བྲག་ཐམས་ཅད་ཕུལ་བས། རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་རླུང་ལས་གྱུར་པའི་ནད་དང༌། མཁྲིས་པ་ལས་གྱུར་པའི་ནད་དང༌། བད་ཀན་ལས་གྱུར་པའི་ནད་དང༌། འདུས་པ་ལས་གྱུར་པའི་ནད་དང༌། ནད་བཞི་བརྒྱ་རྩ་བཞི་ལས་ཐར་བར་གྱུར་ཅིག །བློ་རྣོ་བ་དང་དབང་པོ་གསལ་བར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པ་རྣམས་ལ་སྨོན་ལམ་དུ་གསོལ་བ་ནི་འདི་སྐད་དོ། །ཀུན་དགའ་བོ་ཀླུའི་རྒྱལ་པོ་ལ་སོགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེགས་པ་ནི། ཐང་ལོ་དང་སྙུག་ལོས་གསོས་པར་གྱུར་ཅིག །ཀླུའི་མིག་བཅར་བ་ནི་ཟི་ར་དཀར་ནག་གིས་གསོས་པར་གྱུར་ཅིག །ཀླུའི་མདོག་ཉམས་པ་ནི་རྨ་བྱའི་མདོངས་ཀྱིས་གསོས་པར་གྱུར་ཅིག །ཀླུའི་པགས་པ་ཉམས་པ་ནི་སྦྲུལ་གྱི་པགས་པས་གསོས་པར་གྱུར་ཅིག །ཀླུའི་ཡན་ལག་ཉམས་པ་ནི་དབང་པོ་ལག་པས་གསོས་པར་གྱུར་ཅིག །ཀླུའི་སོར་མོ་ཉམས་པ་ནི་ཆུ་སྲིན་སྡེར་མོས་གསོས་པར་གྱུར་ཅིག །ཀླུའི་རྒྱུས་པ་ཉམས་པ་ནི་རྡོ་རྒྱུས་བྱ་བལ་མས་གསོས་པར་གྱུར་ཅིག །ཀླུའི་ཆུ་རྒྱུས་ཉམས་པ་ནི་རས་སྐུད་དམར་པོ་དང་སྤུ་ཤེལ་རྩེས་གསོས་པར་གྱུར་ཅིག །ཀླུའི་རུས་པ་ཉམས་པ་ནི་དུང་ཕོར་མདོག་བཟང་གིས་གསོས་པར་གྱུར་ཅིག །ཀླུའི་ཁྲག་ཉམས་པ་ནི་རྒྱ་མཚལ་དམར་པོས་གསོས་པར་གྱུར་ཅིག །ཀླུའི་དབུགས་ཉམས་པ་ནི་ཛ་ཏི་ཕ་ལ་དང༌། རྩི་ཤུ་དག་དང༌། སྤང་སྤོས་ཀྱིས་གསོས་པར་གྱུར་ཅིག །ཀླུའི་ཁ་མཆུ་ཉམས་པ་ནི་རྒྱ་མཚོའི་ལྦུ་བས་གསོས་པར་གྱུར་ཅིག །ཀླུའི་ལྕེ་ཉམས་པ་ནི་ཨུ་ཏྤལ་སྔོན་པོས་གསོས་པར་གྱུར་ཅིག །ཀླུའི་ཤ་ཉམས་པ་ནི་གླ་གོར་ཞོ་ཤ་དང༌། ན་ག་པུས་པས་གསོས་པར་གྱུར་ཅིག །ཀླུའི་སྙིང་ཉམས་པ་ནི་སྙིང་ཞོ་ཤས་གསོས་པར་གྱུར་ཅིག །ཀླུའི་ནང་ཁྲོལ་ཉམས་པ་ནི་ན་ག་གེ་སར་དང༌། ཏིལ་དཀར་ནག་དང༌། ག་བུར་དང༌། གུར་ཀུམ་དང༌། ཙན་དན་དང༌། ཀ་ར་བུ་རམ་གྱིས་གསོས་པར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་མཆོད་མགྲོན་གྱི་བྱེ་བྲག་ཐམས་ཅད་ཕུལ་བས་ནི་འབྲས་བུ་ཆགས་པའི་ཤིང་དང༌། དྲི་བསུང་ཆགས་པའི་ཤིང་དང༌། མེ་ཏོག་ཆགས་པའི་ཤིང་དང༌། ལོ་འདབ་ཆགས་པའི་ཤིང་དང༌། ཀུ་མུཏ་དང༌། ཧ་ལོ་དང༌། སྤང་རྒྱན་དང༌། རྒྱ་སྤོས་དང༌། སྤང་སྤོས་དང༌། བོད་འབྲུ་དང༌། མོན་འབྲུ་དང༌། དར་དང༌། ཟ་འོག་དང༌། གཟུགས་བརྙན་སྣ་ཚོགས་དང༌། རྦོག་སྔོན་དང༌། བ་ཤོས་གཙང་དང༌། སྤྱན་གཟིགས་དང༌། སྐྱེ་འཕང་དང༌། དཀར་གསུམ་མངར་གསུམ་དང༌། མཆོད་ཡོན་ཐམས་ཅད་ཕུལ་བས། ཀླུ་རྣམས་ལོངས་སྤྱོད་སྣ་ཚོགས་དང་ལྡན་པར་གྱུར་ཅིག །ཀླུ་འོད་ཁ་དོག་དང་ལྡན་པར་གྱུར་ཅིག །ཀླུ་གཟི་བརྗིད་དང་ལྡན་པར་གྱུར་ཅིག །གྲགས་པ་དང་ལྡན་པར་གྱུར་ཅིག །སྟོབས་དང་བུ་འཁོར་འཕེལ་བར་གྱུར་ཅིག །ཀླུ་ལོང་བ་རྣམས་མིག་དང་ལྡན་པར་གྱུར་ཅིག །འོན་པ་རྣམས་སྒྲ་ཐོས་པར་གྱུར་ཅིག །ལྟོགས་པ་རྣམས་ཟས་དང་ལྡན་པར་གྱུར་ཅིག །དབུལ་པོ་རྣམས་ནོར་དང་ལྡན་པར་གྱུར་ཅིག །བྱེས་པ་རྣམས་ཡུལ་དང་ལྡན་པར་གྱུར་ཅིག །ཀླུ་ནམ་མཁའ་ལྡིང་གི་འཇིགས་པ་དང༌། བྱ་ཁྱུང་གི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། དགྲའི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། ཀླུ་བྱེ་ཚན་གྱི་འཇིགས་པ་དང༌། འཇིགས་པ་དེ་དག་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་རྣམས་ལ་རྩི་ཤིང་གི་བྱེ་བྲག་ཐམས་ཅད་ཕུལ་བས་ཤིང་གཉན་བཅད་པའི་བུ་ལོན་ཐམས་ཅད་འཁོར་བར་གྱུར་ཅིག །མེ་ཏོག་སྣ་ཚོགས་ཕུལ་བས། ཀླུ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག །རྒྱུ་སྦྱོར་བ་ཡོན་བདག་འཁོར་དང་བཅས་པ་རྣམས་ཀྱང་གཟུགས་སྡུག་པ་དང༌། མཛེས་པ་དང༌། ཡིད་དུ་འོང་ཞིང་བཟང་བར་གྱུར་ཅིག །ལོངས་སྤྱོད་ཀྱི་བྱེ་བྲག་ཐམས་ཅད་ཕུལ་བས། མི་ཟད་པའི་གཏེར་དང་ལྡན་པར་གྱུར་ཅིག །སྨན་གྱི་བྱེ་བྲག་ཐམས་ཅད་ཕུལ་བས། རླུང་མཁྲིས་བད་ཀན་དང་འདུ་བ་རྣམ་བཞིའི་ནད་ལས་ཐར་བར་གྱུར་ཅིག །འབྲུའི་བྱེ་བྲག་ཐམས་ཅད་ཕུལ་བས། བཙའ་དང༌། མུ་གེ་དང༌། ལོ་ཉེས་ཀྱི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་གྱུར་ཅིག །རིན་པོ་ཆེ་སྣ་དགུ་ཕུལ་བས། སྲོག་སྲ་བ་དང༌། ཚེ་རིང་བ་དང༌། དབང་ཐང་དང་ལྡན་པར་གྱུར་ཅིག །བཤོས་གཙང་ཕུལ་བས། མ་རྨོས་པའི་ལོ་ཏོག་ལ་ལོངས་སྤྱོད་པར་གྱུར་ཅིག །དར་ཟབ་དང༌། སྣལ་མ་ཐམས་ཅད་ཕུལ་བས། གོས་ཀྱི་བྱེ་བྲག་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག །ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཕུལ་བས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་རྣམས་ལ་མཐོལ་བཤགས་སུ་གསོལ་བ་ནི། །དེང་གི་རྒྱུ་སྦྱོར་བ་ཡོན་བདག་ཕོ་མོ་རྣམས་ཀྱིས་ཚེ་རབས་དང་པོ་ཐོག་མཐའ་མེད་པ་ནས། ཐ་མའི་དུས་མཐའ་འདི་ཡན་ཆད་དུ། ཀླུ་གཉན་ཞིང་བྱིན་ཆེ་བའི་ཐུགས་དང་འགལ་བའི་ལས་ཅི་བགྱིས་པ། ཤིང་གཉན་བཅད་པ་དང༌། ནགས་གཉན་འཕྲུས་པ་དང༌། རྡོ་གཉན་སློག་པ་དང༌། བྲག་གཉན་ཧྲལ་བ་དང༌། གོར་མ་ཕ་བོང་ལ་མེ་དང་བཙོགས་བརྒྱབ་པ་དང༌། རི་གཉན་ལ་ཁུས་བཏབ་པ་དང༌། མཚོ་གཉན་ལ་དུག་བཏབ་པ་དང༌། ཀླུ་ཤིང་གྲ་མ་བྲེགས་པ་དང༌། ཀླུ་བྱ་ངང་པ་རྙི་ལ་བཟུང་བ་དང༌། སྦལ་ལྕོང་མང་པོ་སྐམ་ལ་བཏོན་པ་དང༌། སྡིག་པའི་རྭ་ལ་ཕོག་པ་དང༌། སྦྲུལ་གྱི་སྐེད་པ་བཅད་པ་དང༌། ཉའི་ལྟོ་བ་འབྲུས་པ་དང༌། སྦལ་པའི་ཡན་ལག་བྲེགས་པ་དང༌། ཀླུའི་ཕོ་བྲང་བཤིག་པ་དང༌། འཕྲེད་མོ་ཡུར་དུ་གཏོད་པ་དང༌། གཤོང་མོ་རྫིང་དུ་བསྐྱིལ་བ་དང༌། ཆུ་མིག་གཉན་པོ་བསྲུབས་པ་དང༌། ཀླུ་ལ་གནོད་འགལ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཀླུ་བསྣོལ་བ་དང༌། འཕྲོགས་པ་དང༌། རྫོབ་ཤོབ་བྱས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་གྱུར་ཅིག །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་རྣམས་ལ་ཕྲིན་ལས་དང་སྙན་བསྙུན་དུ་གསོལ་བའི་མདོ་ནི། དེང་གི་ཡོན་བདག་ཕོ་མོ་རྣམས་ལ་ཡོངས་སུ་བཟུང་བ་དང༌། ཡོངས་སུ་བསྐྱབ་པ་དང༌། ཞི་བ་དང་བདེ་ལེགས་སུ་གྱུར་ཅིག་གཞན་ཡང་ནད་ཀྱི་བསྐལ་པ་དང༌། མཚོན་གྱི་བསྐལ་པ་དང༌། མུ་གེའི་བསྐལ་པ་དང༌། དུག་གི་བསྐལ་པ་ལས་ཐར་བར་གྱུར་ཅིག །གཞན་ཡང་རྒྱལ་པོའི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། མཚོན་གྱི་འཇིགས་པ་དང༌། མུ་གེའི་འཇིགས་པ་དང༌། ས་གཡོ་བའི་འཇིགས་པ་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང༌། འཇིགས་པ་ཐམས་ཅད་ལས་སྒྲལ་དུ་གསོལ་ལོ། །གཞན་ཡང་ཀུན་དགའ་བོ་རླུང་ལས་གྱུར་པའི་ནད་དང༌། མཁྲིས་པ་ལས་གྱུར་པའི་ནད་དང༌། བད་ཀན་ལས་གྱུར་པའི་ནད་དང༌། འདུས་པ་ལས་གྱུར་པའི་ནད་དང༌། ནད་བཞི་བརྒྱ་རྩ་བཞི་ལས་ཐར་བར་གྱུར་ཅིག །གཞན་ཡང་རྫུ་འཕྲུལ་དང་ལྡན་པར་གྱུར་ཅིག །འོད་དང་ལྡན་པར་གྱུར་ཅིག །ཁ་དོག་དང་ལྡན་པར་གྱུར་ཅིག །ལོངས་སྤྱོད་འཕེལ་བར་གྱུར་ཅིག །བུ་འཁོར་འཕེལ་བར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །གནོད་བྱེད་ཀྱི་དགྲ་དཔུང་ཐམས་ཅད་འཇོམས་པར་མཛད་དུ་གསོལ་ལོ། །གཞན་ཡང་ཀུན་དགའ་བོ་ཀླུའི་ནད་དུ་གྱུར་པ། ཤུ་བ་དང༌། མཛེ་དང༌། ཕོལ་མིག་དང༌། འབྲུམ་བུ་དང༌། སྲང་རྡོ་དང༌། སྙིང་བ་དང༌། དལ་རྒལ་དང༌། ཞ་བོ་དང༌། གྲུམ་བུ་དང༌། སེམས་རྒྱུ་བ་རྣམས་ཞི་ཞིང་མེད་པར་མཛད་དུ་གསོལ་ལོ། །གཞན་ཡང་ཀུན་དགའ་བོ་ཀླུའི་རྒྱལ་པོ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་པར་གྱུར་ཅིག །དུས་དུས་སུ་གློག་འབྱིན་པར་གྱུར་ཅིག །དུས་དུས་སུ་སྒྲ་འབྱིན་པར་གྱུར་ཅིག །དུས་དུས་སུ་འབྲས་བུ་སྨིན་པར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ལྷ་དང་ཀླུ་དང་མི་དང་གསུམ། །ཤིང་ལ་མི་གནས་གང་ཡང་མེད། ཀླུ་ཡི་གནས་ཀྱང་ཤིང་ལ་གནས། །རྡོ་ཤིང་ཀླུ་ཡི་གནས་ཀྱང་ཡིན། །ཀླུ་ཤིང་བྲ་མ་སྣ་ལ་བྲོས་ཙ་ན། ཀླུའི་ཕོ་མཆིན་གྱི་ནད་རྣམས་གསོས་པར་གྱུར་ཅིག །ཀླུ་ཤིང་ཤུག་པ་སྣ་ལ་བྲོས་ཙ་ན། །ཀླུའི་ནད་རིགས་དགུ་གསོས་གྱུར་ཅིག །ཀླུ་ཤིང་སེ་བ་སྣ་ལ་བྲོས་ཙ་ན། །ཀླུའི་སྟོད་ན་བ་གསོས་གྱུར་ཅིག །ཀླུ་ཤིང་སྐྱེར་པ་སྣ་ལ་བྲོས་ཙ་ན། །ཀླུའི་མཁྲིས་པའི་ནད་རྣམས་གསོས་གྱུར་ཅིག །ཀླུ་ཤིང་ལྕང་མ་སྣ་ལ་བྲོས་ཙ་ན། །ཀླུ་གྲུལ་བུམ་གྱི་ནད་གསོས་གྱུར་ཅིག །ཀླུ་ཤིང་རྒྱ་ལྕང་སྣ་ལ་བྲོས་ཙ་ན། །ཀླུ་གག་པའི་ནད་རྣམས་གསོས་གྱུར་ཅིག །ཀླུ་ཤིང་སྨྱང་ཤིང་སྣ་ལ་བྲོས་ཙ་ན། །ཀླུ་བསྣད་ཅིང་ཤི་བ་གསོས་གྱུར་ཅིག །ཀླུ་ཤིང་སྟག་པ་སྣལ་བྲོས་ཙ་ན། །ཀླུ་ཐབས་ཀྱིས་བསྣོལ་བ་གསོས་གྱུར་ཅིག །ཀླུ་ཤིང་ལྗོན་པ་སྣ་ལ་བྲོས་ཙ་ན། །ཀླུ་མགོ་བོ་ན་བ་གསོས་གྱུར་ཅིག །ཀླུ་ཤིང་སྐྱེར་པ་སྣ་ལ་བྲོས་ཙ་ན། །ཀླུ་ཡན་ལག་ན་བ་གསོས་གྱུར་ཅིག །ཀླུ་ཤིང་སྦྱར་བུ་ལོ་བཟང་སྣ་ལ་བྲོས་ཙ་ན། །ཀླུ་ཕྲུག་ལྕམ་དྲལ་ན་བ་གསོས་གྱུར་ཅིག །ཀླུ་ཤིང་བླང་རྐང་སྣ་ལ་བྲོས་ཙ་ན། །ཀླུའི་རྐང་རུས་ན་བ་གསོས་གྱུར་ཅིག །ཀླུ་ཤིང་སྣར་མ་སྣ་ལ་བྲོས་ཙ་ན། །ཀླུའི་སྤྱན་ལོང་གསོས་གྱུར་ཅིག །ཀླུ་ཤིང་གི་ཡོན་ནི་དེ་ལྟར་ཆེ་སྟེ། དེ་ལྟར་ཀླུ་རྣམས་ཤིང་ལ་གནས་གྱུར་ཅིག །ཀླུ་རྣམས་རྟེན་དང་ལྡན་གྱུར་ཅིག །ཀླུ་སྐྲ་དང་ལྡན་གྱུར་ཅིག །ཀླུ་མཐུ་སྟོབས་དང་ལྡན་གྱུར་ཅིག །ཀླུ་གཟི་བརྗིད་དང་ལྡན་གྱུར་ཅིག །ཀླུ་རྣམས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བོག་སྔོན་དང་གཟུགས་བརྙན་དང༌། བཤོས་གཙང་ཕུལ་བས། སེམས་ཅན་རྣམས་ལ་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་དུ་འབབ་པར་གྱུར་ཅིག །དེ་ལྟར་ཀླུ་མཉེས་ནས་མཐུ་དང་དབང་ཐང་ནི་ཡོན་བདག་གིས་ཐོབ་པར་གྱུར་ཅིག །ཀླུ་བདག་ལ་འགོ་ཞིང་གྲོགས་དང་སྐྱབས་སུ་མཛད་དུ་གསོལ། །བཤོས་གཙང་དང་མདའ་ནི་ཀླུ་བཙན་རྣམས་ལ་འབུལ་ལོ། །འཚིག་ཕྱེ་དང༌། ཤིང་ཞོགས་ནི་ཀླུ་སྲིན་རྣམས་ལ་འབུལ་ལོ། །ཧུ་ཡ་ནི་མི་བགྱི་རུ་སེམས་ཅན་འབྲོང་གི་བུ་ཧུ་ཁྱུ་ནི་མི་བགྱི་རུ། དུད་འགྲོ་རྟའི་བུ། ཤོ་ཤོ་ནི་མི་བགྱི་རུ་བྱོལ་སོང་གླང་གི་བུ། ཐར་ཡང་ནི་མི་བགྱི་རུ་བྱོལ་སོང་གནག་གི་བུ། བསུ་བསུ་ནི་མི་བགྱི་རུ་བྱོལ་སོང་སྦྲུལ་གྱི་བུ། ཁྱེད་ལ་ཕྱག་འཚལ་ལོ། །ཁྱེད་ལ་མཆོད་ཡོན་འབུལ་ལོ། །རིན་ཆེན་རྩི་སྨན་སྣ་ཚོགས་ཀྱིས་ཀླུ་ལོང་བ་རྣམས་མཐོང་བར་གྱུར་ཅིག །ཀླུ་ཞ་བོ་རྣམས་རང་པར་གྱུར་ཅིག །འཐེང་པོ་རྣམས་འགྲོ་བར་གྱུར་ཅིག །འོན་པ་རྣམས་ཐོས་པར་གྱུར་ཅིག །སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །སྲིད་པའི་གཉན་རྗེ་གོང་སྔོན་ཅན་དང༌། སྲིད་པའི་གཉན་ཁྲ་འབྱམས་སྟོང་སླེབས་ལ་ཕྱག་འཚལ་ལོ། །གཉན་དགྲ་འདུལ་གཤེད་མགོན་ལ་ཕྱག་འཚལ་ལོ། །གཉན་དགྲ་འདུལ་ས་འབྲིང་ལ་ཕྱག་འཚལ་ལོ། །གཉན་ལྷ་ཚ་ཐོག་འབེབས་ལ་ཕྱག་འཚལ་ལོ། གཉན་རྗེ་བཙན་པོ་ལ་ཕྱག་འཚལ་ལོ། །གཉན་སྟོང་འབྱམས་ལ་ཕྱག་འཚལ་ལོ། །གཉན་འཕྲུལ་ཆེན་སྟོང་འདུལ་ལ་ཕྱག་འཚལ་ལོ། །གཉན་འཕྲོ་བ་ཀུན་འདུལ་སྲིད་པའི་ཇོ་བོ་ལ་ཕྱག་འཚལ་ལོ། །གཉན་ཁྲེ་བོ་བདུད་འབེབས་ལ་ཕྱག་འཚལ་ལོ། གཉན་ཚ་རྒྱལ་བ་ལ་ཕྱག་འཚལ་ལོ། །གཉན་བདུད་ཚ་ཁྲོམ་ཆོག་ལ་ཕྱག་འཚལ་ལོ། །གཉན་ཟི་ཐུབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཉན་ཡུལ་རྗེ་བཙན་པོ་ལ་ཕྱག་འཚལ་ལོ། །གཉན་ཁྲེ་སྟོང་ཡུལ་རྗེ་ལ་ཕྱག་འཚལ་ལོ། །གཉན་འཕྲོ་བ་རྩེ་དགུ་ལ་ཕྱ་འཚལ་ལོ། །གཉན་མི་ལུས་ཤ་མགོ་ཅན་ལ་ཕྱག་འཚལ་ལོ། །གཉན་མི་ལུས་དྲེད་མགོ་ཅན་ལ་ཕྱག་འཚལ་ལོ། །གཉན་མི་ལུས་རྟ་མགོ་ཅན་ལ་ཕྱག་འཚལ་ལོ། མགོན་གཉན་རྐུན་མ་ལ་ཕྱག་འཚལ་ལོ། །དྲང་སྲོང་རྒྱལ་བ་ལ་ཕྱག་འཚལ་ལོ། །གཉན་སུ་མཐོང་དེ་རྒྱལ་བ་ལ་ཕྱག་འཚལ་ལོ། །གཉན་མི་མགོན་དཀར་པོ་ལ་ཕྱག་འཚལ་ལོ། །གཉན་ཁྲོ་བོ་དུང་སྐྱོང་ལ་ཕྱག་འཚལ་ལོ། །གཉན་བྱི་ལ་སེར་ཁྲ་ཅན་ལ་ཕྱག་འཚལ་ལོ། །གཉན་གྲུབ་པ་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ། །གཉན་དཀར་ནག་གཉིས་ལ་ཕྱག་འཚལ་ལོ། །གཉན་བུམ་པ་དགྲ་གསོལ་ལ་ཕྱག་འཚལ་ལོ། །གཉན་བྱེད་པ་ལས་དགུ་ལ་ཕྱག་འཚལ་ལོ། །གཉན་མཐུ་སྟོབས་དང་ལྡན་པ་ཁྱེད་རྣམས་ལ་ཕྱག་འཚལ་ལོ། །ས་བདག་གི་རྒྱལ་པ་བན་ཏ་རྐས་ལ་ཕྱག་འཚལ་ལོ། །ས་བདག་སྟག་གི་རྐང་པ་ཅན་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་ས་བདག་རྣམས་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་ས་བདག་རྣམས་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་ས་བདག་རྣམས་ལ་ཕྱག་འཚལ་ལོ། བྱང་ཕྱོགས་ཀྱི་ས་བདག་རྣམས་ལ་ཕྱག་འཚལ་ལོ། །དབུས་ཀྱི་ས་བདག་རྣམས་ལ་ཕྱག་འཚལ་ལོ། །ས་བདག་ཀྱི་རྒྱལ་པོ་སྟོང་ཁྲི་བཙན་ལྡེམ་བུ་ལ་ཕྱག་འཚལ་ལོ། །གཉན་གྱི་བཙུན་མོ་རྣམས་ལ་ཕྱ་འཚལ་ལོ། །སྨན་ལི་བྱིན་འཕྲུལ་གྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ལྷ་ཟ་གང་དྲེགས་ལ་ཕྱག་འཚལ་ལོ། །འཕྲུལ་ཟ་ལྡེམ་བུ་ལ་ཕྱག་འཚལ་ལོ། །བདུད་ཟ་འཕྲུལ་མ་ལ་ཕྱག་འཚལ་ལོ། །ཀླུ་ཟ་ཡིད་མ་ལ་ཕྱག་འཚལ་ལོ། །གཉན་གྱི་ལྕམ་མོ་རྣམས་ལ་ཕྱག་འཚལ་ལོ། །གཉན་གྱི་བུད་མེད་དུང་གི་རལ་པ་ཅན་ལ་ཕྱག་འཚལ་ལོ། གཉན་གྱི་བུད་མེད་ནག་མོ་ལ་ཕྱག་འཚལ་ལོ། །གཉན་ཟ་ཐོག་མོ་ཤེལ་མོ་དཀར་ལ་ཕྱག་འཚལ་ལོ། །གཉན་ཟ་ཐག་ཡ་མ་ལ་ཕྱག་འཚལ་ལོ། །གཉན་ཟ་ལི་བྱིན་འོད་དེ་མ་ལ་ཕྱག་འཚལ་ལོ། །གཉན་ཟག་གསེར་མོ་ཐང་ལ་ཕྱག་འཚལ་ལོ། །གཉན་ཟ་དཀར་མོ་ཁྲེགས་མ་ལ་ཕྱག་འཚལ་ལོ། །གཉན་ཟ་དཀར་མོ་ཤེལ་མ་ལ་ཕྱག་འཚལ་ལོ། །གཉན་ཟ་འཕྲུལ་མ་གསེར་མདོག་མ་ལ་ཕྱག་འཚལ་ལོ། །གཉན་ཟ་གཡུ་ཏིང་ལམ་མོ་ཤགས་ལ་ཕྱག་འཚལ་ལོ། །གཉན་ཟ་ཧོས་མ་གསེར་ཅན་མ་ལ་ཕྱག་འཚལ་ལོ། །གཉན་ཟ་གཤགས་ཐོག་འབེབས་མ་ལ་ཕྱག་འཚལ་ལོ། །གཉན་གྱི་བུ་མོ་སྟོང་འདུལ་མ་ལ་ཕྱག་འཚལ་ལོ། །གཉན་གྱི་བུ་མོ་བདུད་རྩི་མ་ལ་ཕྱག་འཚལ་ལོ། །བཀའ་ལ་བཏགས་པའི་བུ་མོ་རྣམས་ལ་ཕྱག་འཚལ་ལོ། །གཉན་གྱི་བུ་མོ་སྟོང་མཆོག་ལག་མོ་རྩེ་ལ་ཕྱག་འཚལ་ལོ། །གཉན་གྱི་ལྕམ་དྲལ་ཁྱེད་རྣམས་ཀྱིས་བདག་གི་དགྲ་གེགས་རྣམས་འདུལ་དུ་གསོལ། །འདི་བྲིས་ཤིང་བཀླགས་པ་ཙམ་གྱིས་ཀླུའི་ནད་མཛེ་དང༌། ལྷོག་ཡམས་དང༌། སྲང་རྡོ་དང༌། ཀླུའི་དལ་དང༌། ས་བདག་གི་དལ་དང༌། གཉན་དང༌། ཐབ་དང༌། གཞོབ་དང༌། འཁོན་དང༌། གློ་བུར་གྱི་ནད་དང༌། ཤིང་གཉན་བཅད་པ་དང༌། ས་གཉན་བརྐོས་པ་དང༌། རྡོ་གཉན་སློགས་པ་དེ་དག་ཐམས་ཅད་ཟློག་ཅིག །སྒྱུར་ཅིག །གཟུགས་ཅན་གྱི་དགྲ་དང༌། གཟུགས་མེད་ཀྱི་གེགས་རྣམས་ཟློག་ཅིག །གཞན་ཡང་གངས་ལ་གནས་པ་ནི་དཀར་རོ། །གཡའ་ལ་གནས་པ་ནི་སྔོ་འོ། །ནགས་ལ་གནས་པ་ནི་ནག་གོ །ལུ་མ་ལ་གནས་པ་ནི་དཀར་རོ། །ཆུ་མིག་ལ་གནས་པ་ནི་སེར་རོ། །ཀླུ་སྐམ་པོ་ནི་བྲེ་བུ་མདའ་སྒྲོ་དང༌། ཤུ་གུ་དང༌། ཤིང་མགོ་ལིང་དང༌། གཡའ་དང༌། གྲམ་བུ་དང༌། གུང་པང་ཅན་དང༌། ཕ་བོང་རང་རོང་དང༌། མཚན་མ་ཅན་ལ་གནས་པ་ཁྱེད་རྣམས་ལ་ཞུ་བ་གསོལ་ལོ། །ཁྱད་རྣམས་ལ་མཆོད་པ་འབུལ་ལོ། །རིན་ཆེན་རྩི་སྨན་སྣ་ཚོགས་ཀྱིས། ལོང་བ་རྣམས་གཟུགས་མཐོང་བར་གྱུར་ཅིག །འོན་པ་རྣམས་སྒྲ་ཐོས་པར་གྱུར་ཅིག །ཞའོ་རྣམས་རང་པར་གྱུར་ཅིག །འཐེང་པོ་རྣམས་འགྲོ་བར་གྱུར་ཅིག །བྱམས་པ་དང་ལྡན་པར་གྱུར་ཅིག །མཐུ་སྟོབས་དང་ལྡན་པར་གྱུར་ཅིག །ཀླུ་སྨན་སྣ་ཚོགས་ཀྱིས་དྲི་ཞིམ་པ་དང༌། བདུད་རྩིས་ཆར་རྒྱུན་འབབ་པར་གྱུར་ཅིག །བདེ་བའི་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག །ཀླུ་རྣམས་འཇིགས་པ་དང་བྲལ་བར་གྱུར་ཅིག །བདེ་བའི་གནས་དང་ལྡན་པར་གྱུར་ཅིག །བསོད་ནམས་ཀྱི་ཚོགས་ཐོབ་པར་གྱུར་ཅིག །ཀླུ་ནགས་ཚལ་ཕུན་སུམ་ཚོགས་པར་གྱུར་ཅིག །ཀླུ་རྣམས་ཀྱི་དབང་པོ་གསལ་བར་གྱུར་ཅིག །བསོད་ནམས་ཀྱི་ཚོགས་བདག་གིས་ཐོབ་པར་གྱུར་ཅིག་ཀླུ་བསྣོལ་བ་རྣམས་སངས་པར་གྱུར་ཅིག །ཀླུའི་དུག་རྣམས་སྨན་དུ་གྱུར་ཅིག །འཁྲ་ས་མེད་པའི་འཁྲ་སར་གྱུར་ཅིག །བཟའ་བ་མེད་པའི་བཟའ་བར་གྱུར་ཅིག །བཏུང་བ་མེད་པའི་བཏུང་བར་གྱུར་ཅིག །མགོན་མེད་པའི་མགོན་དུ་གྱུར་ཅིག །སྐྱབས་མེད་པའི་སྐྱབས་སུ་གྱུར་ཅིག །ཀླུའི་ནད་ཐམས་ཅད་གསོས་པར་གྱུར་ཅིག །ཀླུའི་ལུས་བསྣད་པ་ཐམས་ཅད་གསོས་པར་གྱུར་ཅིག །མར་མེ་ཕུལ་བས་ཀླུའི་དྲོད་ཆད་པ་སོས་པར་གྱུར་ཅིག །རས་སྐུད་དམར་པ་ཕུལ་བས་ཚངས་པའི་ཚེ་དང་ལྡན་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་བདག་དང་ཡོན་བདག་གིས་ཐོབ་པར་གྱུར་ཅིག །དར་དམར་པོ་ཕུལ་བས། །བླ་བྲེ་དང་འཕན་གདུགས་དང༌། རྒྱལ་མཚན་དུ་གྱུར་ཅིག །ངན་སོང་གསུམ་དང་བྲལ་བར་གྱུར་ཅིག །མཐོ་རིས་ཀྱི་གནས་ཐོབ་པར་གྱུར་ཅིག །འོ་མའི་མཚོ་ཆེན་པོར་གྱུར་ཅིག །ཆུ་བོ་ཆེན་པོ་ཡིད་བཞིན་གྱི་བདུད་རྩིར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོའི་གནས་སུ་ཁྱབ་པར་གྱུར་ཅིག །ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །ཀླུ་ཕོ་མོ་བདེ་བར་གྱུར་ཅིག །མངར་གསུམ་ཕུལ་བས་སྨན་གྱི་སྙིང་པོ་སྟེ། ཞིམ་ཞིམ་མངར་བས་ཀླུ་རྣམས་བདེ་ཞིང་སྐྱིད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུ་སྦྱོར་ཕོ་མོས་ཐོབ་པར་གྱུར་ཅིག །བསམ་པ་རྒྱ་ཆེ་བའི་མཆོད་པ་ཕུལ་བས། ཀླུ་རྣམས་འཇིགས་པ་དང་བྲལ་བར་གྱུར་ཅིག །ཟང་ཟང་གི་སྦྱིན་པ་བཏང་བ་དང༌། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཀླུ་རྣམས་མཆོད་པ་ཡིད་ལ་དྲན་ནས། ཀླུ་རྣམས་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག །ཀླུ་རྣམས་དར་ཞིང་རྒྱས་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཅིག །ཀླུ་ནད་པ་མི་བདེ་བ་གསོས་པར་གྱུར་ཅིག །ཀླུ་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས། རིག་པ་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སྤྱོད་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ལོངས་སྤྱོད་ཀྱི་དཀོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག །དེ་ལྟར་མཉེས་པར་གྱུར་ནས། མཐུ་དང་དབང་ནི་བདག་གིས་ཐོབ་པར་གྱུར་ཅིག །ཀླུ་ཡིས་བདག་ལ་འགོ་ཞིང༌། བདག་གི་མགོན་དང་སྐྱབས་མཛད་དུ་གསོལ་ལོ། །འདི་བྲིས་ཤིང་སྟོན་པ་ཙམ་གྱིས་ཚེ་འདིའི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག །མི་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །ས་ཕྱོགས་བཀྲ་ཤིས་པར་གྱུར་ཅིག །དེ་ལྟར་སྨོན་ལམ་བཏབ་པས། ངོ་མཚར་ཨ་ལ་ལ་ཧོ། །མི་དང་ཀླུ་རུ་འཆམ། བཀྲ་ཤིས་པར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས། མི་ནོར་འཕེལ་ཞིང་དར། མིའི་མགོན་དང་སྐྱབས་སུ་མཛོད། བདག་གི་བཀའ་ལོ་ཉོན། མཐུ་ཆེན་དབང་དང་ལྡན། ཕོ་བྲང་བཞུགས་ཡུལ་ནི། གཡུའི་ནེའུ་གསིང་མ་ལ། ཤེལ་གྱི་ཁུ་འཕང་འདྲིལ། ཀླུ་རྒྱལ་འཁོར་བཅས་ལ། བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱིས། གནོད་པ་ཅི་བགྱིས་མཐོལ་ཞིང་བཤགས། རྩི་དང་སྨན་གྱིས་གསོས། དག་ཚངས་ཁྲུས་ཀྱིས་འཁྲུད། མཐུན་པའི་སྨན་རྣམས་སྦྱར། གུས་པས་མཆོད་པ་འབུལ། ཐུགས་རྗེས་དགོངས་ལ་བཞེས་སུ་གསུ་གསོལ། ཀླུའི་སྤང་སྐོང་གི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །བམ་པོ་བརྒྱད་པའོ།། །།མངྒ་ལཾ།། །།


previousཀླུའི་སྤང་སྐོང་།next