Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

11 occurrences of བརྒྱུད་གསུམ་
[Clear Hits]


 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
collapse section
གཏོར་ཁ་སྟོན་པའི་ཞལ་གདམས་དང་ཆང་རིལ་གཏོར་མ།
  
  
  
  
 
  
  
  
 
 
 
 
  
  
 
  
  
  


11 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏོར་ཁ་སྟོན་པའི་ཞལ་གདམས་དང་ཆང་རིལ་གཏོར་མ།next

གཏོར་ཁ་སྟོན་པའི་ཞལ་གདམས་དང་ཆང་རིལ་གཏོར་མ།


CMR010_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཁ་སྟོན་པའི་ཞལ་གདམས་དང་ཆང་རིལ་གཏོར་མ་བཞུགས་སོ།།


CMR010_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་དྷ་ཡེ། གུ་རུ་དྲག་བསྒྲུབ་སྐུ་ལ་ཕྱག་འཚལ་ལོ། །འདིར་ནད་པ་ལ་གཏོར་ཁ་སྟོན་པའི་གདམས་ངག་ལ། རུང་མི་རུང་ནི། ནད་ཚིད་པ་དང་། གཉན་ལྷོག་པ་རིམས་དང་ནད་ངན། གདོན་ལ་མ་མོ་དང་གཟའ་དང་བྱད་ཁ་རྣམས་ལ་མི་རུང་ངོ་། །གཟའ་དང་བྱད་ཁ་ཡིན་ན་ནད་པ་ལ་ཅུང་ཟད་ཕན་ཏེ། རང་གི་ཚེ་སྲོག་ལ་གནོད་པ་དང་གོད་ཁ་འབྱུང་ངོ་། །ཚད་པ་དང་གཉན་རྣམས་ལ་ནད་བདག་མ་མོ་སྟེ་ཤིན་ཏུ་ཐུ་བའམ་ནད་པ་འཆི་སྟེ། རྟོགས་ལས་བདག་པོ་ནི་མ་མོ་བདུད་ཡིན་པས་ནད་ངན་ལ་མ་མོའི་ནད་ཡིན་པས་སོ། །བྱད་ཁ་ལ་བརྒྱབ་ན། ཆོས་སྐྱོང་ལ་རྒྱབ་པ་ཡིན་པས་རང་ལ་ལྟུང་བ་ཆེའོ། །ཀླུ་ལ་རྒྱབ་ན་རང་དང་ནད་པ་ཚང་ལ་གོད་ཁའམ་རྐྱེན་ཁ་གཞན་ཐུ་མོ་ཞིག་འབྱུང་ངོ་། །ནད་པ་ལ་ཅུང་ཟད་ཕན་ནོ། ༈ །


CMR010_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རླུང་ནད་སྲོག་རླུང་སྨྱོ་འབོག །གདོན་རྒྱལ་པོ་འགོང་པོ་དམ་སྲིའི་གནོད་པ། ཤི་སྒབ་གཅོད་པ། སྲིའུ་མང་པོ་མ་སོས་པའི་ཕ་མ་རྣམས་ལ་རྒྱབ་ན་ཤིན་ཏུ་ཕན་ནོ། །ཁྱད་པར་སྨྱོན་པ་ལ་ཕན་ནོ། །དེ་ལ་རྒྱས་པར་ན་རྒྱལ་མགྱོགས་ཀླུ་ཆོག་མཆོད་པ། དཀར་གཏོར་ཆ་གསུམ་རྣམས་སྔོན་དུ་ཚར་ན་རབ། མ་གྲུབ་ཀྱང་དམ་རྫས་ཆང་རིལ་གཏོར་མ་འདི་བཅས་ལ་འདོན་། གལ་ཏེ་མ་ཐོན་ན་དཀར་གཏོར་གཅིག་དང་དམར་གཏོར་གཅིག་ལ་བསྔོས་ཀྱང་རུང་། ཡང་ན་དཀར་གཏོར་ཆེ་བ་གཅིག་ལ་ཆངས་བུ་བརྒྱད་ཀྱིས་བསྐོར་ཀྱང་ཆོག །རང་ཉིད་ཡི་དམ་སྤྱི་བོར་གུ་རུ་པདྨ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་བསྒོམ་པའམ། ཡང་ན་དབང་དྲག་པདྨའི་ང་རྒྱལ་དུ་གྱུར་ལ། གཏོར་མ་བྲན་ལ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་


CMR010_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ལྟ་བུ་འཕྲོས། ལྷ་འདྲེ་ཐམས་ཅད་དང་ཁྱད་པར་ནད་པ་དེ་ལ་གནོད་པ་དང་བདག་ཅག་འཁོར་དང་བཅས་པ་ལ་གནོད་པའི་ལྷ་འདྲེ་གདོན་ཐམས་ཅད་རང་གི་མདུན་དུ་བཀུག་ཅིང་ཟིལ་གྱིས་མནན་པས་བཀའ་ཉན་གསུང་སྡོད་འདར་ཕྲི་ལི་ལི་འདུག་པར་བྷེ་ཞིང་། ཡོད་ན་རྔ་དང་རོལ་མོ་མེད་ན་རྡོར་དྲིལ་འཛིན་པས། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །བདག་ཅག་འཁོར་དང་བཅས་པ་ལ། །གནོད་བྱེད་ཐམས་ཅད་འདིར་ཁུག་ཅིག །བཛྲ་ཨངྐུ་ཤ་ཛཿ ཞེས་ལན་གསུམ། དེ་ནསགནམ་ཆོས་ལས་བྱུང་བའི་དཀར་གཏོར་སྤྱིར། ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཧཱུྃ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ བཀའ་དང་དམ་ཚིག་ལ་ནི་བཞག་པ་ཡི༔ དཔལ་ཆེན་མགོན་པོ་བདུན་ཅུ་རྩ་གཉིས་དང་ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་དང་དགེ་བསྙེན་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་བཅས་དང་༔ ཡུལ་ཆེན་ཉི་ཤུ་བཞིའི་ཞིང་སྐྱོང་དང་༔ གནས་ཀྱི་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ གངས་ཆེན་བོད་ཀྱི་བརྟན་མ་བཅུ་གཉིས་དང་༔ སྐྱོང་མ་དང་


CMR010_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡ་མ་བཅུ་གཉིས་དང་༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་དང་ཆོས་རྒྱལ་རྗེ་ཡི་མགུར་ལྷ་བཅུ་གསུམ་དང་༔ སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང༔ སྐྱོབ་པར་བྱེད་པའི་ལྷ་ལྔ་བརྟན་པའི་ལྷ༔ ཁྱད་པར་ཡུལ་ཕྱོགས་འདི་རུ་གནས་པ་ཡི༔ ཕ་རི་ཚུ་རི་གཡས་རི་གཡོན་རི་དང་༔ མདུན་རི་རྒྱབ་རི་མཚེར་ས་བྲང་ཁང་འདིར༔ གནས་པའི་ས་བདག་ཀླུ་གཉན་གཞི་བདག་རྣམས་འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་སློབ་དཔོན་འཁོར་དང་བཅས་པ་ཡི༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་མཐུན་ཆེན་རོགས་དན་སྒྲུབས་ལ་འགལ་རྐྱེན་སོལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ །དཀར་གཏོར་ལག་ཏུ་བཟུང་ལ། ཡུལ་དེའི་གཞི་བདག་དྲག་རྩལ་ཅན་ལ་ཡང་ཁ་བསྔོས་བྱས་ལ། ཡུལ་ལྷ་གཞི་བདག་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ནད་པ་འདིའི་ནད་དང་གདོན་ལས་མྱུར་དུ་ཐར་བའི་སྡོང་གྲོགས་མཛོད་ཅིག །དྲག་པོའི་གཏོར་མའི་ལས་བྱེད་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་ཅིག །ཅེས་པས་གཏོར་མ་ནད་པའི་གཡས་གཡོན་དུ་བསྐོར་ལ་ཕྱིར་གདོང་ཕྱོགས་ས་ངོས་ལ་ཕུལ། རང་གི་ཁ་རྒྱུ་ས་


CMR010_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱུ་ལྡོག་འགྲིགས་པ་གལ་ཆེ། དེ་ནས་བགེགས་གཏོར་ཆངས་བུ་ཏིང་ལོ་ཅན་བྲན་ལ། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་དང་༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གི༔ སྐད་ཅིག་ཡུད་ཙམ་གྱིས་ནི་འདིར་འདུས་ཤིག༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཌཱཀྐི་ཧཱུཾ་ཛ༔ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་སརྦ་བིག་ནཱན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨནྣཾ༔ ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས༔ ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས༔ འདོད་ཡོན་གླུད་དང་གཏོར་མས་ཚིམ་པར་སྤྱོད༔ གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་རྣམས༔ གཏོར་སྐྱུ་ཆངས་བུ་མར་མེ་ཞལ་ཟས་དང་༔ འབྲས་ཆེན་འབྲས་བུ་ཤ་ཆང་ལ་སོགས་པས༔ ཚིམ་པར་གྱིས་ལ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན༔ ཡེ་ཤེས་རོལ་པའི་ཁྲོ་རྒྱལ་རབ་ཁྲོས་ནས༔ རྡུལ་ཕྲན་ཕྲ་མོ་བཞིན་དུ་རླག་པར་བྱེད༔ སརྦ་བིགྷཱན་གཙྪ༔ ལན་ཆགས་


CMR010_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱང་གླུད་ཀྱི་གཏོར་མ་འདིའི་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །ཅེས་སྔར་ལྟར་བསྐོར་ལ་ཕྱིར་ཕུལ་ལོ། །དེ་ནས་ཆང་རིལ་གཏོར་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ཟག་མེད་ཀྱི་བདེ་བ་བསྐྱེད་ཅིང་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཎཱཧྲཱིཿསཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜི་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨ་ཡ་མ་དུ་རུ་ཙ་ཤ་ན། ཨི་དཾ་བྷ་ལི་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་སྡེ་བརྒྱད་ཐམས་ཅད་ལ་བསྔོས་ལ། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་པའི་ལྷ་འདྲེ་ཀུན། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །བཀའ་དང་དམ་ལ་མ་འདའ་ཞིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །འོ་ཡུག་དབུས་སུ་བྱོན་པའི་ཚེ། །མང་ཡུལ་བྱེ་མ་རབ་ཁ་རུ། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱོད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་


CMR010_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལས་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གཙང་གི་ལ་ཁ་བང་མིག་ཏུ། །དགེ་བསྙེན་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གནམ་གྱི་རུ་ཐོག་བྲག་དམར་དུ། །དྲི་ཟ་ཕོ་མོ་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅིག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་


CMR010_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གནམ་མཚོ་ཕྱུག་མོའི་ནང་ཤེད་དུ། །ཕོ་རྒྱུད་མོ་རྒྱུད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅིག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡི་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཡར་འབྲོག་ན་མར་རྒོད་གང་དུ། །ལྷ་བཙན་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་


CMR010_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མ་གྲོ་གཟི་ཆེན་མཚོ་འགྲམ་དུ། །ཀླུ་དང་ས་བདག་དམ་ལ་བཏགས། ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རུ་དམ་ལུང་པ་ནག་པོ་རུ། །གནོད་སྦྱིན་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་ཡི་དེ་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅིག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་


CMR010_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱིས། །རོ་ཧམ་ལུང་པ་ཁྲ་མོ་རུ། །མ་ཡམས་ཐམས་ཅད་དམ་ལ་བཏགས།་།ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་ཡི་དེ་རིགས་རྒྱུད་ཡིན། སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསིལ་བ་གཙང་གི་གངས་དཀར་དུ། །ལྷ་སྨན་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཁ་རག་གངས་ཀྱི་ལྷོ་བྲག་ཏུ། །བརྟན་མ་བཅུ་གཉིས་དམ་ལ་


CMR010_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། གཙང་གི་ལ་ཁ་གཡག་མིག་རུ། །འབྲོག་མོ་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཤམ་པོ་གངས་ཀྱི་རྩེ་མོ་རུ། །ས་བདག་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་


CMR010_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྤ་གྲོ་ལྕམ་གྱི་བྲག་དམར་དུ། །གཟའ་དང་རྒྱུ་སྐར་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདིས་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བྲག་དམར་དཔལ་གྱི་བསམ་ཡས་སུ། །རྒྱལ་འགོང་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་


CMR010_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ནམ་མཁའ་མཛོད་ཀྱི་བྲག་ཕུག་ཏུ། །ཐེའུ་རང་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅིག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བྲག་གི་ཡངས་རྫོང་ཤེལ་ཕུག་ཏུ། །གཤིན་རྗེ་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅིག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་


CMR010_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །བཀའ་དང་དཱམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསམ་ཡས་དཔལ་གྱི་མཆིམས་ཕུ་རུ། །ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ད་ལྟ་རྣལ་འབྱོར་དམ་མ་བཀྲལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །གཏོར་མ་ལག་ཏུ་ཐོགས་ལ། དམ་རྫས་བརྒྱན་པའི་གཏོར་མ་ཆེན་པོ་འདི། བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་རིགས་དང་སྡེ་ཚན་འཁོར་དང་སྤྲུལ་པར་བཅས་པ་ཐམས་ཅད་ལ་འབུལ་ལོ། །ཡོངས་སུ་བཞེས་ལ་ནད་པ་འདི་བཟུང་བ་ཐོངས། བཅིངས་པ་ཁྲོལ། བསྡམ་པ་ཀློད། མནན་པ་ཁྱོག །རང་ནད་རང་གིས་ཁྱེར། རང་དུག་རང་གིས་ཕྱུངས། གདུག་པའི་སྤུ་མདའ་ཐོན། བསམ་སྦྱོར་ངན་པ་ཤིག །ལག་


CMR010_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱང་ངན་པ་ཁྲོལ། དེང་ཕྱིན་ཆད་གནོད་ཅིང་འཚེ་བར་མ་བྱེད། བཀའ་དང་དམ་ལ་མ་འདའ། ཨ་ཡ་མ་དུ་རུ་ཙ་ཤ་ན། ས་མ་ཡ་ཤིག་ཤིག །ཕྱུང་ཕྱུང་། ཁྲོལ་ཁྲོལ་སྲ་ཧ། ཞེས་གཡས་གཡོན་དུ་བསྐོར་ཞིང་ཕྱིར་ཕུལ་བཅུག་གོ །དེ་ལྟར་དཀར་གཏོར་ཕུལ་བས་གཞི་བདག་ལ་ཕོག་ཐུག་ཤོར་ན་ཕན་ནོ། །བགེགས་གཏོར་གྱིས་ཚེ་སྔོན་གྱི་ལན་ཆགས་བུ་ལོན་བྱང་། སྡེ་བརྒྱད་ལ་གཏོར་མ་བསྔོས་པས་སྡེ་བརྒྱད་ཀྱི་ཀུ་རེ་དང་རེ་འདོད་ཀྱིས་གནོད་པ་ཐམས་ཅད་ལ་ཕན་ནོ། ༈ །དེ་ནས་ཆོས་བཤད་པས་སྟོན་པ་ཞལ་མཐོང་བས། ལྷ་འདྲེ་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་ཞིའོ། །བདེན་པ་བརྡར་བས་བདེན་སྟོབས་ཐམས་ཅད་རྩིའོ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བསྐྱེད། །རང་གི་སེམས་ནི་ཡོངས་སུ་འདུལ། །གཞན་གྱི་སེམས་ནི་དཀྲུག་མི་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡིག་


CMR010_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ལས་རྣམ་པར་གྲོལ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པ་གནོད་གྱུར་པའི། །ནད་དེ་རབ་ཏུ་ཕྱུང་ནས་སུ། །གདོན་ཁྱོད་རང་གི་གནས་སུ་དེངས། །ཞེས་པ་དང་། ན་མོ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཕྱོགས་བཅུ་ན་བཞུགས་པའི་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བཀའ་བདེན་པ་དང་། ཕྱོགས་བཅུ་ན་བཞུགས་པའི་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །དགེ་འདུན་གྱི་བཀའ་བདེན་པ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་ནད་པ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་རིགས་གང་དང་གང་ཡིན་པ་ཐམས་ཅད། གནོད་ཅིང་འཚེ་བའི་བསམ་པ་སྤོང་ནས། གཞན་དུ་དེངས་ཤིག །ཅེས་བདེན་སྟོབས་བརྗོད་ནས། ཧཱུྃ་བཛྲ་ཕཊ༔ བདག་ཉིད་པདྨ་འབྱུང་གནས་ཀྱི་བཀའ༔ དམར་ནག་མེའི་ཕྲེང་བ་ཅན་དང་༔ རྟ་མཆོག་རྒྱལ་པོའི་ལུང་༔ སྔགས་


CMR010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་རྣལ་འབྱོར་རྡོ་རྗེ་དྲག་པོ་དྲེགས་འཇོམས་རྩལ་གྱིས༔ གདོན་གྱི་རྒྱལ་པོ་ཕྱོགས་སྐྱོང་བརུ༔ སྟེང་གི་ལྷ༔ བར་སྣང་གི་གཟའ༔ འོག་གི་ཀླུ་ལྷ་མ་སྲིན་སྡེ་བརྒྱད༔ རྒྱལ་བསེན་བེ་དཀར་ནག་ཐེལ་གསུམ་ལ་སོགས་མཁའ་ལ་རྒྱུ་བའི་འབྱུང་པོ་ཡིད་ཀྱི་གཟུགས་ཅན༔ རྒྱལ་བསེན་དམ་སྲི་ཕོ་མོ༔ ཤར་གྱི་དཀར་པོ་སྤྱན་གཅིག༔ ལྷོའི་བྱེ་བ་གུང་རིང་༔ ནུབ་ཀྱི་ཡམ་ཤུད་དམར་པོ༔ བྱང་གི་ཁུ་ལེ་ལག་དགུ༔ གནམ་ཐིལ་ས་ཐིལ༔ གཟའ་ཐིལ༔ གྱེད་གྱི་སྐུ་མཆོག་དམར་པོ༔ བྱ་རྒན༔ རྒྱ་འདྲེ་ནག་པོ་ཧ་ལ༔ ཤར་གྱི་གཅོད་པ་ཟླ་བ༔ ལྷོ་ཡི་སྤུ་འདྲེ་དོམ་ར་ཅན༔ ས་ག་རྒྱལ་པོ༔ ཞང་གི་བེར་འདབ༔ གནོད་སྦྱིན་བྱ་ཀྲི་མིག་གཅིག༔ ཀླུ་བདུད་ཀླུ་བཙན༔ ཀླུ་ཐིལ༔ མཚོ་སྨན༔ གཉན་དང་ས་སྲིན༔ དཀོར་བདག་དམ་སྲི་ལ་སོགས་ནད་པ་འདིའི་ཚེ་སྲོག་ལ་བར་དུ་གཅོད་པ་རྣམས་ལ་བསྒོ་བ༔ དེང་ཕྱིན་ཆད་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་མ་བྱེད་ཅིག༔ ཁྱིམ་སྒོ་ལམ་བསྲང་དུ་མ་འགྲིམས་པར་གཞན་དུ་སོངས་ཤིག༔ གལ་ཏེ་འགྲོ་བར་མི་བྱེད་ན༔ བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔


CMR010_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ བདག་ཉིད་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་གྱི་བཀའ་བདེན་པ་དང་༔ སྐུ་མཆོག་འཇམ་དཔལ་གྱི་བཀའ་བདེན་པ་དང་༔ གསུང་མཆོག་རྟ་མགྲིན་གྱི་བཀའ་བདེན་པ་དང་༔ ཐུགས་མཆོག་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་གསོད་བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱི་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་རླབས་འདི་ལ་བརྟེན་ནས༔ གནོད་བྱེད་འབྱུང་པོ་དམ་ཉམས་བཀའ་ལྟར་མི་བྱེད་ཅིང་༔ དམ་ལ་མི་གནས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིག་ཅིག༔ སྲིད་གསུམ་རྨང་ནས་སྐྱེལ་ཞིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་བའི་མེས་སྲེགས་ཤིག༔ དམ་ཚིག་གི་དམོད་པས་སྡིགས་ཤིག༔ བཀའི་ཆད་པ་ཆོད་ཅིག༔ གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོ་ནས་ཁོས་ཤིག༔ སྲིད་གསུམ་གར་གནས་ཀྱང་ལུས་ལ་མཚོན་ཆ་རྡོ་རྗེའི་ཆར་ཕོབ་


CMR010_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ དམ་ཉམས་འབྱུང་པོ་མནའ་ཟན་འདི༔ མགོ་བོ་ཚལ་པ་སྟོང་དུ་ཁོས་ཤིག༔ ལུས་དུམ་བུ་སྟོང་དུ་ཐོངས་ཤིག༔ སྙིང་དུམ་བུ་བརྒྱད་དུ་གཏུབ་ཅིག༔ མིག་འབྲས་ཐང་ལ་ཐོངས་ཤིག༔ སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག༔ དམ་ཉམས་རུ་ཏྲ་འདི་མཐའི་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་ཅིག༔ གནོད་བྱེད་འབྱུང་པོ་འདི་ཨུ་ཙ་ཏ་ཡ་ཕཊ༔ སྟག་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་སྤྲིང་ཡིག་འདི༔ བསམ་ཡས་ཆོས་འཁོར་གླིང་དུ་བྲིས་པས་འབྱུང་པོའི་རྒྱུན་ལམ་ཆད་པར་གྱུར་ཅིག༔ ཨོཾ་སྭ་སྟི། དཔལ་ཕྱག་ན་རྡོ་རྗེའི་བཀའ། ལས་བྱེད་ཀྱི་རྡོ་རྗེ་བདེ་ལྡན་གྱི་ལུང་། སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་སྤྲིངས་བ། ནད་པ་འདི་གསང་བའི་བདག་པོ་ལ་སྐྱབས་སུ་སོང་བ་ཡིན་པས། འགལ་རྐྱེན་དུ་འགྲོ་བར་མ་བྱེད་ཅིག །དེ་ལྟར་གླུད་དང་གཏོར་མས་བརྔན་ཅིང་བྲིད་ཀྱང་མི་ཉན། བདེན་པའི་སྟོབས་ཀྱང་མི་རྩི། དམ་པའི་ཆོས་བཤད་ཀྱང་མི་ཉན་ན། བདག་གིས་དྲག་པོ་གཏོར་མའི་སྒོ་ནས་ཚར་གཅོད་པ་ཡིན་པས། ང་མ་ལེན་ནོ། ང་མ་ལེན་ནོ། །དེ་ནས་གསེར་སྐྱེམས་སྤྱི་ལྟར་འབུལ་ན་ལེགས། པད་ཞྭའམ་ཞྭ་ནག་བེར་ནག་གྱོན། ཆོས་གོས་ཕྲག་ཏུ་གཟར། སྨྱོན་པ་ཡིན་


CMR010_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ན། རང་གི་ལྷམ་གཡོན་པ་དང་། རྫས་རྒོད་ཐུན་རྫས་སྣ་ཚོགས་མེད་ན་ནས་སྡེར་བཞག༔ ཆོས་སྐྱོང་གི་དར་ནག་ཀྱང་རྟེན་དྲུང་དུ་བཞག༔ ཆོས་སྐྱོང་ཡི་དམ་གཏོར་མ་ཐམས་ཅད་ཤ་ཁྲག་དང་རྩང་གིས་བརྒྱན་ལ་རིལ་བུ་བཞག་ལ་བྲན་ནས༔ ན་མོ༔ རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས༔ སྔགས་འཆང་བདག༔ གས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་དམོད༔ ཁྱད་པར་བདག་ཅག་སློབ་དཔོན་འཁོར་བཅས་ལ༔ སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་བསམ༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ ཁ་འཇམ་སྙིང་རྩུབ་ཞེ་ནས་དམོད་པ་དང་༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙག༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་གནོད་པར་བྱེད་པའི་བདུད་དང་དམ་སྲི་སོགས༔ ཡིད་ལ་དམིགས་པའི་དགྲ་བགེགས་འདི་ཉིད་ཀྱི༔ བླ་ཚེ་རྣམ་ཤེས་སྲོག་དང་བཅས་པ་རྣམས༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་གནས་ཀྱང་གཏོར་མ་འདི་


CMR010_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ༔ ཁུག་ཅིག་བཛྲ་ཨཾ་ཀུ་ཡ་ཛ༔ སྐེ་ནས་ཆིངས་ཤིག་བཛྲ་པ་ཤ་ཧཱུཾ༔ ། ཡན་ལག་སྡོམས་ཤིག་བཛྲ་སྤོ་ཊ་ཐཾ༔ མྱོས་པར་གྱིས་ཤིག་བཛྲ་གནྡྷེ་ཧོ༔ ལྷ་དང་ཕྱེས་ཤིག་པྲ་ཝེ་ཤ་ཡ་ཕཊ༔ དབྱེར་མེད་སྙིམས་ཤིག་ཨཱ་ཝེ་ཤ་ཡ་ཨཱ༔ བདག་མདུན་ཐུགས་ལས་ཛཡིག་དམར་ནག་འཕྲོས༔ བསྒྲུབ་བྱའི་སྣ་བུག་བཤང་ལམ་གཉིས་ནས་ཞུགས༔ སྙིང་ཁར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས༔ རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས༔ ཚེ་བསོད་ནཾ་ཡིག་ལྗང་གུ་བདག་ལ་ཐིམ༔ ཤ་ཁྲག་བདུད་རྩིར་གྱུར་པ་སྲུང་མས་གསོལ༔ ཨོཾ་སརྦ་དྷརྨ་པཱ་ལ་གནོད་བྱེད་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ཁཱ་ཧི༔ དེ་ནས་ལྷ་སོ་སོའི་སྔགས་བསྔོས་ཀྱང་བྱས་ལ༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཡི་དམ་ཆོས་སྐྱོང་རྣམས་ཀྱིས་གསོལ་བར་དམིགས༔ ནད་པ་མདུན་དུ་སྔས་མགོ་མཐོ་བར་སྲུང་བ་རྣམས་བཀྲོལ་ལ་གོས་འཐུག་པོ་གྱོན་ལ་ཉལ་བཅུག་ནས་ཕཊ༔ ནད་པའི་རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་སྲན་མ་ཙམ༔ གཡོན་དུ་མ་ལས་ཐོབ་པའི་རཀྟ་དམར་པོ་སྲན་མ་ཙམ༔ ཕཊ༔ དེ་གཉིས་ཡར་བྱུང་


CMR010_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གནས་སུ་འདྲེས་པས་བྱ་མ་སེར་གྱི་སྒོ་ང་ཙམ༔ ཕཊ༔ གསང་གནས་ནས་སྤྱི་བོའི་བར་དུ་རྩ་དབུ་མ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ༔ ནང་སྟོང་པ་འོད་ཀྱི་སྤུ་བུ་སྤྱི་བོ་རག་དུང་གི་ཁ་ལྟར་ཧད་པོར་ཡོད་པ༔ སྟེང་ནམ་མཁའི་དབྱིངས་སུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པ༔ གཟི་བརྗིད་འོད་དུ་འབར་བའི་སྐུ་མངོན་སུམ་དུ་བཞུགས་པར་གྱུར༔ ཕཊ༔ གསང་གནས་ཀྱི་ཐིག་ལེ་ནད་པའི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་བླ་དང་སྲོག་གི་ངོ་བོ༔ བཀྲག་མདངས་འོད་དུ་འཚེར་བ་དེ་རིམ་པར་ཡར་འཕར༔ ཕཊ༔ ལྟེ་བ་ཕཊ༔ སྙིང་ཁ་ཕཊ༔ མགྲིན་པ་ཕཊ༔ སྤྱི་བོར་ཕཊ༔ སྤྱི་བོ་ཚངས་པའི་བུ་ག་ནས་རྒྱངས་སེ་ཐོན་ཏེ༔ ནམ་མཁའི་གནས་སུ་བཞུགས་པའི་ཨོ་རྒྱན་ཚེ་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་པར་གྱུར༔ ཕཊ་ཕཊ་ཕཊ༔ དམིགས་པ་མ་གསལ་བར་དུ་བསྒོམ༔ ཕཊ༔ ནད་པའི་ལུས་ཨེ་ལས་དུག་གསུམ་ལས་ལ་གྲུབ་པའི་བཙོན་ཁང་༔ ཞེ་སྡང་གི་མེ་འབར་བ༔ འདོད་ཆགས་ཀྱི་ཆུ་འཁྲུག་པ༔ ང་རྒྱལ་གྱི་བྲག་རི་ཉིལ་བ༔ ཕྲག་དོག་གི་རླུང་འཚུབ་པ༔ གཏི་མུག་གི་མུན་པ་འཁྲིགས་པ༔ ཕྱི་རོལ་དུ་ལས་བྱེད་ཀྱི་ཕོ་ཉ་འགུགས་སྒོལ་གྱི་མཚོན་ཆ་


CMR010_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཐོགས་པས་བསྐོར་བ༔ སྟེང་ན་ཐོག་དང་སེར་བ་མཚོན་ཆ་སྣ་ཚོགས་ཀྱིས་ཆར་འབེབས་པའི་ནང་དུ༔ རྦདང་ཏྲིལས་སྐྱེས་པའི་གནོད་བྱེད་གདོན་བགེགས་ཁ་ངུ་བ་མིག་ཤི་མིག །ལག་པ་གཡས་ཀྱིས་བྲང་བརྡུངས་ཤིང་གཡོན་པས་སྐུ་འབལ་བ་རྐང་ལག་ལྕགས་སུ་བཅུག་པ༔ བུ་ག་དགུ་ནས་ཁྲག་འཛགས་པ་མགོན་སྐྱོབ་ཀྱི་ལྷ་དང་བྲལ་བ༔ གཅེར་བུ་འདར་ཕྲི་ལི་ལི་བྱེད་པ་གཅིག་ཏུ་གྱུར༔ ན་མོ༔ དྲིན་ཆེན་རྩ་བ་དང་previous hit བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དཀོན་མཆོག་གསུམ next hit་གྱི་བདེན་པ་དང་༔ ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་བདེན་པ་དང་བདེན་པ་ཆེན་པོའི་མཐུས༔ ནད་པ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ཀྱིས་སྲོག་འཕྲོག་པ༔ ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་རློམ་པ༔ བདེན་པའི་སྟོབས་བརྗོད་ཀྱང་མི་བརྩི༔ དམ་པའི་ཆོས་བཤད་ཀྱང་མི་ཉན༔ གླུད་དང་གཏོར་མ་བྱིན་ཀྱང་མི་ཐུབ༔ བཀའ་དང་དམ་ལ་མི་གནས་འགྱུར་ལོག་འཕར་


CMR010_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་༔ མགོ་གཡོག་མགོ་སྐོར་བྱེད་པའི་གནོད་བྱེད་གདོན་བགེགས༔ ནད་འདྲེ་གཅོང་སྲི༔ ལུས་གདོན་གང་ཡིན་པ་ཐམས་ཅད་བེམ་པོ་ལིང་ག་འདི་ལ་ཁུག་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོཿ ཨང་ཀུ་ཤ་ཛ༔ ལན་གསུམ། དེ་ལྟར་བསྐུལ་པ་རྣམས་དམག་ཐབས་ཏེ་མཇུག་ནས་ཡར་འདོན་ཏེ། འདོན་ཚེ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ལྷ་དེའི་གསོལ་བས་མཉེས་པར་བསམ། བསྐུལ་རྫོགས་ནས་ལྷས་གསོལ་བའི་ལྷག་མའི་གཏོར་མ་དེ་སྐད་ཅིག་ལ་ལྷ་དེའི་ཕྱག་མཚན་ལས་མེའི་ཕུང་པོ་ཆེན་པོ་འབར་བས། ཡི་དམ་གྱི་ང་རྒྱལ་གྱིས་གནོད་བྱེད་དེ་ལ་རྒྱབ་པས། དཔེར་ན་རྩྭ་སྐྱའི་ཕུང་པོ་ལ་མེའི་ཐོག་ཕོག་པ་ལྟར་རོ། །ཞེས་ཡི་དམ་མགོན་པོའམ་ཆོས་སྐྱོང་གི་དྲག་སྔགས་ཤེས་ན་རབ། མེད་ནི་རྩ་སྔགས་ལ། གནོད་བྱེད་གདོན་བགེགས་འབྱུང་པོ་ནད་འདྲེ་གཅོང་སྲི་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རྒྱབ་བོ། །དང་པོ། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ སློབ་དཔོན་པདྨ་སྤྱན་དྲངས་ཚེ༔ ཡང་ལེ་ཤོད་ནས་བོད་ཡུལ་ཕྱོགས༔ མང་ཡུལ་ལ་ནས་མར་བྱོན་ཚེ༔ ལྷ་སྲིན་དམ་ལ་བཏགས་ཤིང་བྱོན༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་


CMR010_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཙང་གི་ཆུ་མིག་གནས་པ་ན༔ དགེ་བསྙེན་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་ཀྱི་རུ་ཐོག་བྲག་དམར་ནས༔ དྲི་ཟ་ཕོ་མོ་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཡུ་མཚོ་འབྲུག་མོའི་ནང་ཤེད་ནས༔ ཕོ་རྒྱུད་མོ་


CMR010_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འབྲོག་གི་ན་དམར་རྒོད་གང་དེར༔ ལྷ་བཙན་ཐམས་ཅད་དམ་ལ་བཏག༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མལ་གྲོ་ཀུན་གྱི་རྒྱ་མཚོ་དེར༔ ཀླུ་རིགས་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་། སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་


CMR010_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མི་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རུ་དམ་ལུང་པ་ནག་པོ་དེར༔ མ་ཡམས་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དོམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སིལ་མ་གཙང་གི་གངས་སྐོར་དེར༔ སྨན་དང་ལྷ་སྨན་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཁོ་རག་གངས་ཀྱི་ལྷོ་ཕྱོགས་དེར༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་


CMR010_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཙང་གི་ཁ་རིག་སྤྲུལ་གོང་དེར༔ འབྲོག་གནས་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅིག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསམ་ཡས་དབུ་རྩེ་རིགས་གསུམ་དེར༔ རྒྱལ་འགོང་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་


CMR010_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འོག་གི་གླུ་བ་རྐང་གཅིག་དེར༔ ཐེའུ་རང་སྤུན་དགུ་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག་བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཆད་མདོ་དང་༔ བྷྱོ༔ བརྟན་མ་སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤན་ཏིང་དཔལ༔ ཀླུ་མོ་གཟི་འབར་མ་སོགས་ཏ༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི༔ མ་མ་ཧྲི༔ མ་མ་ཧྲི༔ ཁཱ་ཧི་ཁཱ་ཧི༔ ཞེས་ཆད་མདོ་དང་བརྟན་སྐྱོང་གཉིས་གཏོར་མ་གཅིག་ལ་འདོན་ནས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་གདོན་བགེགས་ནད་འདྲེ་གཅོང་སྲི་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པས་རྒྱབ་བོ། །སྡེ་བརྒྱད་དང་བརྟན་


CMR010_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི། ཨོ་རྒྱན་གྱི་ལས་མཁན་ཡིན་པས་གལ་ཆེའོ། །གཟའ་ནི་མི་རྒྱབ་ནད་དྲག་དུས་ཚེ་ལ་གནོད་དོགས་ཡོད་པས། ཤན་པ་ཡང་དེ་དང་འདྲའོ། །བཙན་དམ་ཅན་ཁ་མོ་ཆེ་སོགས་བཀའ་སྲུང་རྣམས་གདོན་ལ་རྒྱབ་ན་བཀའ་སྲུང་རང་གི་ནུས་པ་ཉམས་ནས་མི་རྣོ་རུ་འགྲོ་བ་དེའི་གནད་ཤེས་པར་བྱའོ། །མ་མོའི་རིགས་རྒྱབ་པས་རང་ལ་གྲིབ་འོང་བས་ཁམས་མི་བདེའོ། །དེ་ནས་སྨྱོ་ཁ་འདི་རྒྱལ་འགོང་དམ་སྲི་འདུལ་བའི་མཆོག་ཡིན་པས། གནས་བརྒྱད་བསྟོད་བསྐུལ་དང་། ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ བསྟན་པ་བསྲུང་བའི་མཐུ་བོ་ཆེ༔ གཏེར་སྲུང་ཆེན་པོ་སྐུ་བཞེངས་ཤིག༔ རོལ་མཚོ་བདུན་གྱི་ཕོ་བྲང་དང་༔ བླ་མཚོ་ནག་པོའི་ཕོ་བྲང་ནི༔ འཇིགས་བྱེད་ཆེན་པོ་དྲག་ཤུལ་ཅན༔ ཀླུ་བདུད་ཆེན་པོ་གཤེགས་སུ་གསོལ༔ ནཱ་ག་རཀྵ་ས་མ་ཡ་ཛ་ཛ༔ ཧཱུྃ༔ གཞི་བདག་ནག་པོ་མི་བསྲུན་པ། གཏེར་བདག་ཆེན་པོའི་ཆོ་འབྲང་འཚལ༔ ཕ་ནི་བདུད་ལ་མ་ནི་ཀླུ༔ དེ་གཉིས་འདོད་ཆགས་འཁྲུགས་པ་ལ༔ ཀླུ་བདུད་འཚོགས་པའི་མཐུ་བོ་ཆེ༔ སྐྱེ་འགྲོའི་སྲོག་གི་བདག་པོ་སྟེ༔ ལྟས་ངན་དལ་ཡམས་ནད་ཀྱི་བདག༔ སྐུ་མདོག་མཐིང་ནག་འཇིགས་པ་ལ༔ དུག་དང་ནད་ཀྱི་རླངས་པ་འཐུལ༔ སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ཅན༔ རེས་འགའ་


CMR010_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མུན་ནག་དུད་ཁའི་མདོག༔ རེས་འགའ་དམར་ནག་སྲིན་པོའི་མདོག༔ ཞལ་གཅིག་ཕྱག་གཉིས་ཁྲོས་པའི་ཚུལ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ མགོ་ལུས་མེད་པར་མིག་གིས་གང་༔ ཕྱག་གཡས་གསེར་གྱི་འཁོར་ལོ་བསྣམས༔ དམ་ཉམས་དགྲ་བོ་གཅོད་ཅིང་གཏུབས༔ གཡོན་ན་སྦྲུལ་ནག་ཞགས་པ་འཛིན༔ ཉམས་པའི་སྐེ་ནས་འཆིངས་ཤིང་བསྡམས༔ འཇིགས་བྱེད་ཆེན་པོ་མི་བསྲུན་པ༔ རྒྱ་མཚོའི་སྟེང་ནས་རྒྱུག་ཙམ་ན༔ སྐྱ་རེངས་དཀར་པོའི་རྟ་ལ་ཞོན༔ ནམ་མཁའི་ཁམས་སུ་རྒྱུག་ཙམ་ན༔ དམར་ཐག་ཉི་མའི་ཟེར་ལ་རྒྱུག༔ སྐྱེ་འགྲོའི་སྲོག་ལ་རྒྱུག་ཙམ་ན༔ ཟླ་ཟེར་མུན་པའི་སྨག་ལ་རྒྱུག༔ ནག་པོ་ཁྲོས་མདོག་དགྲ་གཤེད་བདུད༔ ཆིབས་སུ་བྲ་ནག་རྟིང་དཀར་ཆིབས༔ གོང་ཐག་གློ་རྨེད་སྦྲུལ་ལས་བྱས༔ རྔ་རྔོག་གསེབ་ནས་སྦལ་སྦྲུལ་འཕྲོ༔ རྒྱུག་ནི་རི་རབ་གླིང་བཞིར་རྒྱུག༔ ཕོ་བྲང་སྨྱོ་ཁའི་མཚོ་ལ་གནས༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ བསྟན་སྲུང་ཆེན་པོ་དམ་ལ་བཏགས༔ དེ་ནས་བར་གྱི་བསྐལ་པ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་དཔལ་གྱི་ཕུག་རིང་དཀྱིལ་འཁོར་སྟེང་༔


CMR010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ལ་བཏགས་པའི་ཚེ༔ རང་རྟགས་སྲོག་སྙིང་དངོས་སུ་ཕུལ༔ ངག་ཏུ་དམ་རྫས་བདུད་རྩི་བྱིན༔ སྤྱི་བོར་རྡོ་རྗེ་བཞག་ནས་ཀྱང་༔ གཏེར་སྲུང་ཆེན་པོར་དབང་ཡང་བསྐུར༔ དགེ་བསྙེན་སྨྱོ་ཁར་མཚན་ཡང་གསོལ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན༔ དམུ་བདུད་ཁྱོད་ལས་ཆེ་བ་མེད༔ དམ་ཉམས་དགྲ་བོའི་སྙིང་འབྱིན་ཅིང་༔ དམ་ཚིག་ཅན་གྱི་སྡོང་གྲོགས་བྱེད༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོ༔ འོད་ཀྱིས་འཇིག་རྟེན་ཁྱབ་པར་ཁེངས༔ རྒྱུག་རྒྱུག་སྡང་བའི་དགྲ་ལ་རྒྱུགས༔ ཆོས་ཆོས་གནོད་པའི་བགེགས་ལ་ཆོས༔ སྔགས་འཆང་བདག་གིས་བོས་པའི་ཚེ༔ མངོན་སྤྱོད་རྟགས་དང་ཆོས་ལ་བྱོན༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་ཙམ་མམ། རྒྱས་པར་ན་གནས་བརྒྱད་བསྐུལ་འདིས་རྒྱབ་སྟེ༔ ཧཱུྃ༔ ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་ར་ཙ་ཁྱོད༔ བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ༔ གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་


CMR010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སྐྱི་ཤོད་ཀླུང་དུ་ཆེ་བའི་སྐུར་སྟོན་པ༔ གཉན་ཆེན་མཁར་ནག་ཅེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ ཕོ་མོ་རྫོང་རིགས་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ ཀླུ་བདུད་མགོ་དགུ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ ལྷོ་སྟོད་དབུ་རིའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ སྐུ་ལྷ་མཁར་རི་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སྒོ་ཆུ་ལྷ་རྒྱབ་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ བདུད་པོ་ཟླ་བ་བའི་མདོག་ཅན་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས།


CMR010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མོན་ཁ་རིང་མོའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ བདུད་པོ་བཀྲག་མེད་ཅེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སེང་གེ་རྫོང་གསུམ་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ ཟུ་ར་ར་སྐྱེས་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ ལྷོ་བྲག་མཁར་ཆུའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ དགེ་བསྙེན་སྨྱོ་ཁ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ ནཱ་ག་རཀྟ་ནག་པོ་ཏི་པ་ཙ་ཡ་གནོད་བྱེད་རྒྱལ་འགོང་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྒྱབ་བོ༔ ཧཱུྃ༔ བདུད་ཡུལ་ཁ་རག་མགོ་དགུ་ནས༔ བདུད་མཚོ་ཁོལ་མའི་ནང་ཤེད་ནས༔ བདུད་མཁར་ནག་པོ་རྩེ་དགུ་ནས༔ བདུད་ནི་མི་ནག་རྟ་རུ་ནག༔ སྐུ་མདོག་མཐིང་ནག་འཇིགས་པ་


CMR010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ སྐུ་ལ་བསེ་ཁྲབ་སེར་པོ་གསོལ༔ དབུ་ལ་བསེ་རྨོག་སྔོན་པོ་གསོལ༔ ཕྱག་གཡས་རྩེ་གསུམ་ཀླད་ལ་བསྐོར༔ གཡོན་པས་བེ་ཅོན་ཞགས་པ་བསྣམས༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཕུབ་དམར་པོ་ཀྱི་ལི་ལི༔ འཇའ་ཚོན་སྣ་ལྔ་ཀྱི་ལི་ལི༔ ཀླད་ན་བྱ་ནག་ཆུམས་སེ་ཆུམ༔ སྔོན་ན་མི་ནག་ཤ་ར་ར༔ ཕྱི་ན་ཁྱི་ནག་ཁེངས་སེ་ཁེང་༔ འོད་ནག་འཚུབ་མ་ཀྱི་ལི་ལི༔ བདུད་ཞགས་ནག་པོ་ཁྱུགས་སེ་ཁྱུག༔ ཞལ་ནས་ཀུ་འདེབས་ལྷངས་སེ་ལྷང་༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ བདུད་ཞགས་ནག་པོས་ད་ཆིངས་ལ༔ བདུད་ཀྱི་ཁྲམ་ལ་ད་ཐོབས་ཤིག༔ ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ དགྲ་བོའི་བླ་འཁྱམ་ཁུག་ལ་ཤོག༔ དགྲ་སྲོག་དམར་པོ་རྩད་ནས་ཆོད༔ བདུད་དམག་མང་པོ་ལས་ལ་ཆོས༔ སྡིག་ཅན་དགྲ་བོ་ལས་ངན་འདི༔ བུ་དང་ཆུང་མ་འོག་རྟར་བཅས༔ ཆོས་སྐྱོང་ཁྱོད་ལ་གཉེར་དུ་གཏད༔ ད་ལྟ་ཉིད་དུ་ཕྲིན་ལས་མཛོད༔ ཧཱུྃ༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ བཙན་བྲག་དམར་པོ་ཁྲ་ཚ་ནས༔ བཙན་མཁར་དམར་པོ་ཟངས་ཡག་ནས༔ བཙན་རྗེ་མི་དམར་རྟ་རུ་དམར༔ སྐུ་མདོག་དམར་པོ་འོད་


CMR010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ དབུ་ལ་བསེ་རྨོག་དང་རུ་གསོལ༔ ཐང་དཀར་རྒོད་སྒྲོ་ལྡེམས་སེ་ལྡེམ༔ ཕྱག་གཡས་བསེ་མདུང་དམར་པོ་ལ༔ ཁྲག་གི་བ་དན་དམར་པོ་ཕྱར༔ གཡོན་པས་བསེ་ཡི་མདའ་གཞུ་བསྣམས༔ སྤྲུལ་པའི་མི་དམར་སླད་ན་རྒྱུག༔ ཀླད་ན་བྱ་དམར་ལིངས་སེ་ལིང་༔ ཕྱི་ན་ཁྱི་དམར་བྲིངས་སེ་བྲིང་༔ འོད་དམར་འཚུབ་མ་ཀྱི་ལི་ལི༔ བཙན་ཞགས་དམར་པོ་ཁྱུགས་སེ་ཁྱུག༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཀླུ་ཡུལ་མུན་པའི་གླིང་དགུ་ནས༔ ཁྱད་པར་ནེ་ཏྲ་སེར་སྔོན་ནས༔ ཀླུ་མཁར་སྔོན་པོ་ལྡེམ་པ་ནས༔ ཀླུ་རྗེ་མྱོས་བྱེད་དབུགས་སྡུད་ནི༔ སྐུ་མདོག་སྔོན་པོ་བཻཌཱུརྱ༔ ཆིབས་སུ་ཀླུ་རྟ་སྔོན་པོ་ཆིབས༔ ཕྱག་གཡས་ནོར་བུ་སྔོན་པོ་བསྣམས༔ ཕྱག་གཡོན་ནད་རྐྱལ་སྦྲུལ་ཞགས་འཛིན༔ སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ༔ དབུ་ལ་མཐིང་རྨོག་སྔོན་པོ་གསོལ༔ དང་རུ་ཕོད་སྔོན་རླུང་ལྟར་འཚུབ༔ བྱ་སྔོན་ཀླད་ནས་ཀྱི་ལི་ལི༔ ཁྱི་སྔོན་ཕྱི་ན་ཁངས་སེ་ཁང་༔ མི་སྔོན་བརྒྱད་ནི་ཤ་ར་ར༔ རླུང་སྔོན་འཚུབ་མ་ཀྱི་ལི་ལི༔ ཀླུ་


CMR010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མྱོས་པོ་དབུགས་སྡུད་ཁྱོད༔ དགྲ་བོའི་དབུགས་ཐག་མྱུར་དུ་ཆོད༔ མཛེ་ནད་མེ་ལྟར་འབར་དུ་ཆུག༔ མཛེ་སྐྱ་རླུང་ལྟར་འཚུབ་ཏུ་ཆུག༔ གག་ལྷོག་གཟེར་གསུམ་འཁྲུག་ཏུ་ཆུག༔ དགྲ་སྲོག་ཆོད་ལ་དགྲ་དབུགས་སྡུས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྤུ་གྲི་མཆེད་གསུམ་ཁ་ལ་གཏོར་མ་གཅིག་ལ་བསྔོ་ནས། ཨོཾ་བདུད་ཏྲི་ས་མ་ཡ་བྷྱོ་བྷྱོ། །བདུད་ཁ་ལ་རཀྵ་རྦད༔ གདོན་བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད༔ ཤུ་ལ་ར་ཙ་ཏྲི་ཡཾ་དགྲ་བགེགས་ཀྱི་དབུགས་ལ་ཛ་ཛ༔ གདོན་བགེགས་ཀྱི་སྲོག་ལ་རྦད༔ ནཱ་ག་ར་ཙ་གདོན་བགེགས་ཀྱི་སྲོག་ལ་རྦད༔ སྤུ་གྲི་ཙིཏྟ་ཆད་སོད༔ ཅེས་བརྒྱབ་སྟེ༔ ཅེས་རྒྱབ་བོ། །ནད་པ་གསོ་བ་སྨྱོན་པ་དང་བགེགས་འདུལ་བ་ལ་གུ་དྲག་གི་ཕྲིན་ལས་ཐམས་ཅད་སྤུ་གྲིའི་བསྒྲུབ་དགོས་པར་གསུངས་སོ།། ༈ ཧཱུྃ༔ དུར་ཁྲོད་ཆེན་པོ་ཙཱ་རིའི་ཕོ་བྲང་ནས༔ བདུད་མགོན་དཔལ་ལྡན་སེང་གེའི་གདོང་པ་ཅན༔ སྐུ་མདོག་མཐིང་ནག་འོད་དུ་རྩེ་རེ་རེ༔ སྐུ་ལ་དར་ནག་བེར་ཆེན་ལྷུབས་སེ་ལྷུབ༔ སེང་གེའི་ང་རོ་འབྲུག་སྒྲ་དི་རི་རི༔ གཡུ་རལ་སེང་ཆུང་སྐར་ལྟར་ཁྱུགས་སེ་ཁྱུག༔ ཕྱག་གཡས་དར་ནག་བ་དན་ཕྱ་ར་ར༔ གཡོན་པས་ཁྲག་ཟོར་དམར་པོ་ཟངས་སེ་


CMR010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་༔ ཆིབས་རྟ་ནག་པོ་རྒྱུག་འདྲལ་ཁྲ་ལ་ལ༔ བམ་རོ་ཕོ་མོས་གཏོར་ཁྱེར་ཤ་ར་ར༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་འུ་རུ་རུ༔ བདུད་དམག་འབུམ་སྡེས་བཤས་ཁྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་ལས་བྱེད་སྟོང་དང་སི་ལི་ལི༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ་བཀའ་བཞིན་ལས་སྒྲུབས་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དུར་ཁྲོད་ཁྲག་མཚོ་དམར་ནག་ཁོལ་མའི་དབུས༔ བདུད་སྤྲིན་ནག་མོ་དཔལ་ལྡན་སེང་གདོང་མ༔ སྐུ་མདོག་དམར་ནག་འོད་དུ་ཀྱི་ལི་ལི༔ སྐུ་ལ་དར་དམར་བེར་ཆེན་ལྷུབས་སེ་ལྷུབ༔ ཞལ་ནས་སེང་གེའི་སྒྲ་སྐད་འུ་རུ་རུ༔ ཁྲག་རལ་སེང་ཆུང་སྤྲུལ་པ་ཤ་ར་ར༔ རིན་ཆེན་རུས་པའི་རྒྱན་ཆ་སི་ལི་ལི༔ གཡས་པས་ཁ་ཊཾ་དགྲ་སྟ་ཕྱ་ར་ར༔ གཡོན་པས་དགྲ་སྙིང་དམར་པོ་ཁྱུགས་སེ་ཁྱུག༔ ཆིབས་རྟ་དམར་ནག་ལས་ལ་འདུར་རུ་རུ༔ སྡེ་བརྒྱད་དམག་ཚོགས་དགྲ་ལ་ཤ་ར་ར༔ གཤིན་རྗེའི་དམག་ཚོགས་ཁྲོམ་ཐོག་ཉི་ལི་ལི༔ མ་མོ་མཁའ་འགྲོའི་དམག་ཚོགས་སྤུངས་སེ་སྤུང་༔ ལྷ་ཡི་དམག་ཚོགས་བླ་འགུགས་ཏི་རི་རི༔ བཙན་གྱི་དམག་ཚོགས་ཇག་པ་ཤ་ར་ར༔ བདུད་ཀྱི་དམག་ཚོགས་སྒོ་བྲོ་ཁྲིགས་སེ་


CMR010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག༔ སྲིན་པོའི་དམག་ཚོགས་སྲོག་ལེན་བྲོ་ལོ་ལོ༔ ཀླུ་ཡི་དམག་ཚོགས་ཚེ་ལེན་ཞུངས་སེ་ཞུང་༔ དམ་ཅན་དམག་ཚོགས་བསོ་སྒྲ་ཏི་རི་རི༔ དྲི་ཟའི་དམག་ཚོགས་དབུགས་ལེན་ཉི་ལི་ལི༔ གནོད་སྦྱིན་དམག་ཚོགས་སྙིང་འབྱིན་འུ་རུ་རུ༔ གཟའ་རྒོད་དམག་ཚོགས་ཐོག་སེར་ཤ་ར་ར༔ འཆི་བདག་དམག་ཚོགས་ཞགས་ཐོགས་ཁྲབས་སེ་ཁྲབ༔ མི་ནག་མང་པོས་འོ་དོད་ལྷངས་སེ་ལྷང་༔ ཨ་ཙ་ར་ཡིས་བྲོ་བརྡུང་ཆེམས་སེ་ཆེམ༔ ཤན་པ་མང་པོས་གྲི་སྐོར་ལིངས་སེ་ལིང་༔ སྔགས་པ་མང་པོས་ཕུར་ཐོགས་ལྷུབས་སེ་ལྷུབ༔ ཕོ་བརྒྱའི་དམག་ཚོགས་མདའ་སྒྲ་ཤ་ར་ར༔ མོ་བརྒྱ་མང་པོས་གཡབ་རྡེབ་ཁྱུགས་སེ་ཁྱུག༔ ཕྲ་མེན་ཉེ་འབྱེད་སེར་ལྟར་ཁྱུགས་སེ་ཁྱུག༔ ཕོ་ཉ་བྲན་གཡོག་སྒོ་ཉལ་ཁུངས་སེ་ཁུང་༔ ཇ་ཐུག་གཡབ་དར་སྣ་ཚོགས་པུ་རུ་རུ༔ ཡམས་ནད་སྣ་ཚོགས་དུད་པ་ཆི་ལི་ལི༔ བྱ་ནག་མང་པོས་གཤོག་སྒྲ་འུ་རུ་རུ༔ ཁྱི་ནག་མང་པོས་འདུར་ཟུག་ཆེམས་སེ་ཆེམ༔ ཀེང་རུས་མང་པོས་གར་བྱེད་ཤིགས་སེ་ཤིག༔ རོ་ལངས་མང་པོས་གར་ཐབས་ལིངས་སེ་ལིང་༔ སྟག་གཟིག་སེང་གེའི་མཆོངས་ཚོགས་མ་གཡེལ་ཅིག༔ ཐུན་ཁྲག་དམར་ཆེན་གཏོར་མ་


CMR010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་མྱུར་དུ་ཁུག་ལ་སོད༔ སྤྲུལ་པ་ཡང་སྤྲུལ་དམག་ཚོགས་ལས་ལ་ཁྱེར༔ ལས་ངན་བྱ་ཆེན་སྣ་ཚོགས་དགྲ་ལ་ཐོངས། བཀའ་བཞིན་ལས་གྱིས་དམ་ཉམས་སྒྲོལ་ལ་ཤོག༔ ཅེས་ཞིང་སྐྱོང་བསྐུལ་པ་ཁྲག་མཚོ་ཁོལ་མ་འདི་ཡིས་རྒྱབ་བོ། །འདི་ནི་ཤིན་ཏུ་དཔའ་གཏུམ་ཆེ་བའི་རྣོ་ནུས་ལ་ཁམས་ཆེན་ཏེ་རྒྱུག་པས་ལྷ་སྲིན་སྡུད་ལ་འཕེན་གསུངས་སོ།་།ཨོ་རྒྱན་གྱིས་ཕུང་རྟ་འུར་བ་མི་ཟན་བཏུལ་དུས་ཀྱང་། ཞིང་སྐྱོང་བསྐུལ་བས་ཐུལ་ལོ། །རཀཱ་སཱ་ཕྲིས་སྟོབས་ལས་བྱུང་བ་ཡི། །ཞེས་སོགས་སྲིན་མགོན་ཡབ་ཡུམ་བརྒྱབ་སྟེ། འདིའི་ངོ་བོ་བདེ་མཆོག་ཡིན་པས་དཔུང་ཆེ་རྣམ་པ་དབང་ཕྱུག་གི་སྤྲུལ་ཡིན་པས་གདོན་ཐུལ་ལོ། །དེ་ནས་ཤིན་ཏུ་གལ་ཆེ་ན། ༈ ཧཱུཾ་བྷྱོ༔ ལྷ་ཆེན་དཔའ་འབར་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ ཚོགས་བདག་ཆེན་པོ་གཤེགས་སུ་གསོལ༔ འཛམ་ལྷ་ནག་པོ་གཤེགས་སུ་གསོལ༔ བདུད་རྒྱལ་ཐོད་ཕྲེང་གཤེགས་སུ་གསོལ༔ གནམ་ལྕགས་སྤུ་གྲི་གཤེགས་སུ་གསོལ༔ ནག་པོ་ཐོད་ཕྲེང་གཤེགས་སུ་གསོལ༔ ཆོས་སྐྱོང་ཆེན་པོ་གཤེགས་སུ་གསོལ༔ དགྲ་བོའི་གཤེད་མ་གཤེགས་སུ་གསོལ༔ བགེགས་ཀྱི་གཉེན་པོ་གཤེགས་སུ་གསོལ༔ བདག་གི་


CMR010_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་གཤེགས་སུ་གསོལ༔ དམ་ཅན་ཆེན་པོ་གཤེགས་སུ་གསོལ༔ ནག་པོ་བརྗིད་མདངས་ཡ་ལ་ལ༔ སྲིན་མོ་མ་ཚོགས་ཐིབས་སེ་ཐིབ༔ བདུད་པོ་ཁྲམ་ཐོགས་ཉེ་རེ་རེ༔ ཤན་པ་གྲི་ཐོགས་ཟིངས་སེ་ཟིང་༔ ནག་པོ་ཟོར་ཐོགས་ཆེམས་སེ་ཆེམ༔ དར་ནག་རུ་མཚོན་དྲོངས་སེ་དྲོང་༔ གཡབ་དར་ནག་པོ་ལྷབས་སེ་ལྷབ༔ ཉི་མ་ཟླ་བ་ཏ་ལ་ལ༔ མེ་སྟག་འཚུབ་མ་འུ་རུ་རུ༔ དུག་མཚོ་ཁོལ་མ་ཆི་ལི་ལི༔ སྦྲུལ་ནག་མང་པོ་ཁྱུགས་སེ་ཁྱུག༔ དོམ་ནག་ཁྱི་ནག་ང་ར་ར༔ ལྕགས་སྤྱང་ལྕེ་སྤྱང་འདུར་རུ་རུ༔ བྱ་ནག་མང་པོ་ཐིབས་སེ་ཐིབ༔ གཡག་རོག་མང་པོ་ངུ་རུ་རུ༔ རྟ་ནག་མང་པོ་རྩེ་རེ་རེ༔ མོན་པ་གར་བྱེད་ཁྱུགས་སེ་ཁྱུག༔ ལིང་པ་མདའ་འཕེན་སྤྲེངས་སེ་སྤྲེང་༔ བྱ་རོག་ཤ་འཐེན་ལིངས་སེ་ལིང་༔ འུག་པ་རྐན་སྒྲ་ཆེམས་སེ་ཆེམ༔ ཐུན་གྱི་སེར་བ་ཤ་ར་ར༔ རླུང་ནག་འཚུབ་མ་ཀྱི་ལི་ལི༔ མི་ལྤགས་གཡབ་དོར་ལིངས་སེ་ལིང་༔ འགོང་པོ་ངུ་སྐད་ལྷངས་སེ་ལྷང་འདྲེ་ངན་སྐད་ངན་ཅེ་རེ་རེ༔ རྒྱལ་བསེན་མྱ་སྦ་ཏགས་སེ་ཏག༔ ཆོས་སྐྱོང་འཁོར་བཅས་ཐིབས་སེ་ཐིབ༔ ཚུར་བྱོན་ནག་པོ་དམ་ལ་འདུས༔ བརྒྱན་གྱི་མཆོད་གཏོར་


CMR010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ མ་ནིང་ནག་པོའི་དུས་ལ་བབ༔ དགྲ་གཤེད་ཆེན་པོའི་དུས་ལ་བབ༔ མགོན་པོ་ནག་པོའི་དུས་ལ་བབ༔ ཡབ་རྗེ་ནག་པོའི་དུས་ལ་བབ༔ འཛམ་ལྷ་ནག་པོའི་དུས་ལ་བབ༔ ཏ་ཀི་ནག་པོའི་དུས་ལ་བབ༔ མོན་པ་ནག་པོའི་དུས་ལ་བབ༔ ཤར་གིང་ནག་པོའི་དུས་ལ་བབ༔ ཚོགས་བདག་ཆེན་པོའི་དུས་ལ་བབ༔ ནག་པོ་ཚེ་བདུད་དུས་ལ་བབ༔ སྲིང་གཅིག་ཆེན་མོའི་དུས་ལ་བབ༔ འགྲོ་བ་ཀུན་བཟང་དུས་ལ་བབ༔ མཁའ་འགྲོའི་གཙོ་མོའི་དུས་ལ་བབ༔ ལས་ཀྱི་དབང་ཆེན་དུས་ལ་བབ༔ དཔལ་འབར་རེ་ཏིའི་དུས་ལ་བབ༔ མོན་མོ་ནག་མོའི་དུས་ལ་བབ༔ ཡང་ཁོལ་སྡེ་བརྒྱད་དུས་ལ་བབ༔ འཁོར་གྱི་དམག་ཚོགས་དུས་ལ་བབ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བླ་རྐུན་ཇག་པ་ལས་ལ་ཆོས༔ དམ་ཉམས་དགྲ་བོ་གཉིད་སོང་དུས༔ དགྲ་བོའི་བླ་འཁྱམ་ཁྲིད་ལ་ཤོག༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དཀོར་རྐུན་སྙིང་རྩ་ཆོད་ལ་ཤོག༔ ཅི་བཅོལ་ལས་རྣམས་ཐམས་ཅད་སྒྲུབས༔ ཟས་སུ་དགྲ་བོའི་ཤ་ལ་ཟོ༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་༔


CMR010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ༔ དེ་ནས་འོ་དོད་གནད་ནས་བསྐུལ༔ རྔ་བོན་ཐབས་སུ་བརྡུང་ཞིང་༔ ཧཱུཾ་བྷྱོ༔ མ་ཧཱ་ཀཱ་ལ་དམ་ལ་དགོངས༔ ལུས་སྲོག་རྡུལ་དུ་བརླགས་ནས་ཁྱོད་བསྒྲུབ་བོ༔ ཤ་ཁྲག་གཟན་དུ་བོར་ནས་ཁྱོད་བསྒྲུབ་བོ༔ མཐུན་རྫས་དུ་མར་བཅས་ནས་ཁྱོད་བསྒྲུབ་བོ༔ མ་གཡེལ་ལས་མཛད་རྡོ་རྗེའི་དམ་ཚིག་ཅན༔ སྔོན་ཚེ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ ལས་སུ་དེ་ནི་དམ་པའི་ཆོས་བྱས་སོ༔ དོན་དུ་དེ་ནི་ཡེ་ཤེས་ལྷ་བསྒྲུབ་བོ༔ སེ་དཀར་ཙམ་ནས་བསྒྲུབ་པའི་གཞུང་བཙུགས་ནས༔ ད་ལྟ་སྐྲ་དཀར་ཙམ་དུ་ཁྱོད་བསྒྲུབ་བོ༔ བྲག་ཕུག་ཞྭ་ལྟར་གྱོན་ནས་ཁྱོད་བསྒྲུབ་བོ༔ ཕུད་དང་ལྷག་མར་བསགས་ནས་ཁྱོད་བསྒྲུབ་བོ༔ སྨན་གཏོར་རཀྟས་མཆོད་ཅིང་ཁྱོད་བསྒྲུབ་བོ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་ལས་བསྐྱེད་པའི་གཞལ་ཡས་རྒྱ་མ་ཆུང་༔ རུ་ཏྲ་ཕོ་མོའི་གདན་བཤམ་དཔངས་མ་འདའ༔ ཉི་ཟླ་པད་གདན་བཤམས་སོ་བརྗིད་མ་བུལ༔ ཡེ་ཤེས་མགོན་པོ་བསྒྲུབས་སོ་རྒྱང་མ་རིང་༔ དམ་ཅན་སྲུང་མ་བསྒྲུབས་སོ་མཐུ་མ་ཆུང་༔ ཕོ་ཉ་མགྱོགས་བྱེད་མངགས་ཤིང་བང་མ་བུལ༔ དུར་ཁྲོད་ཐོད་མཁར་མེ་དཔུང་འཚུབ་


CMR010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ནས༔ སྔོན་གྱི་དམ་བཅའ་བཞིན་དུ་ལས་ལ་བྱོན༔ མ་གཡེལ་མ་གཡེལ་ནག་པོ་མཐུ་རྩལ་ཅན༔ བྱ་རྒྱལ་ཁྱུང་ལ་ལྟས་ངན་སྲིན་བྱས་བསྡོས༔ སྒོ་གཤོག་རྭ་ཅོ་རྒྱས་པའི་དོན་རེ་ཆུང་༔ སེང་གེ་དཀར་མོར་ཀུ་ཀུ་ཁྱི་ཡིས་རྩོད༔ རྩལ་གསུམ་ལུས་ལ་རྫོགས་པའི་དོན་རེ་ཆུང་༔ ཡིད་བཞིན་ནོར་བུ་གོར་མོ་རྡོ་དང་འཐབ༔ འདོད་དགུའི་རེ་བ་བསྐང་བ་དོན་རེ་ཆུང་༔ རྣལ་འབྱོར་བདག་ལ་དམ་ཉམས་དགྲ་བོས་བརྙས༔ རྟག་ཏུ་ཆོས་སྐྱོང་མཆོད་པ་དོན་རེ་ཆུང་༔ རྒྱ་མཚོ་དྭངས་བའི་ཆུ་ལ་སྐྱོགས་ཤིག་བཙུས༔ འབྱུང་བ་ནམ་མཁའི་རླུང་ལ་ཞགས་པས་བཟུང་༔ ཏིང་འཛིན་དང་པོར་བསྒོམས་པའི་ཐུགས་རྒྱུད་དཀྲུག༔ དམ་ཅན་ནུས་པ་ཡོད་ན་ར་མདའ་ཟློག༔ སེང་གེ་གངས་སྟོད་འགྲིམ་ཚེ་བུ་ཡུག་བྱུང་༔ རྒོད་པོ་ནམ་འཕང་བཅད་པ་རྙི་ཡིས་བཟུང་༔ ཉ་མོ་རྒྱ་མཚོ་ཉལ་བ་ལྕགས་ཀྱུས་བཟུང་༔ རྣལ་འབྱོར་དམ་ཆོས་སྒྲུབ་པ་དགྲ་ཡིས་འཚེ༔ སངས་རྒྱས་བསྟན་པའི་རྨང་རྡོ་འདི་ཡིས་བཤིག༔ རྒྱལ་ཁམས་སེམས་ཅན་ཡོངས་ལ་འདི་ཡིས་བརྙས༔ སངས་རྒྱས་བསྟན་པ་སྐྱོང་བའི་བདེན་གནས་འཕྲོག༔ དམ་ཆོས་དགེ་བ་བཅུ་ཡི་


CMR010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ནམ་བཅིག༔ ཚེ་གཅིག་སྒྲུབ་པ་བྱེད་པའི་འབྲས་བུ་བཅོམ༔ ཐར་ལམ་བྱང་ཆུབ་བསྒྲོད་པའི་ཟམ་པ་བཅག༔ བདེན་དང་རྫུན་གྱི་ཚིག་མཐའ་བཏབ་རྒྱུ་མེད༔ དམ་ཅན་རྒྱ་མཚོ་མ་གཡེ་ལ་ར་མདའ་ཟློག༔ དམ་ལ་མི་དགོངས་ཕྲིན་ལས་མི་མཛད་ན༔ བདེ་གཤེགས་བཀའ་དང་འགལ་བར་མི་འགྱུར་རམ༔ རྣལ་འབྱོར་བདག་ཅག་ཡི་ཡང་མི་ཆད་དམ༔ ཁྱེད་ཀྱང་ཐུགས་དམ་ཉམས་པར་མི་འགྱུར་རམ༔ དེ་བས་དམ་ལ་མ་འདའ་དགྲ་བགེགས་སྒྲོལ༔ ལོ་དང་ཟླ་བར་བཞག་པའི་ལོང་མེད་ཀྱི༔ ཁྱེད་ཀྱང་ཐུགས་དམ་ཉམས་པར་མི་འགྱུར་རམ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐང་ལ་ཕོས༔ ཕུང་བརླག་ཐལ་བ་རླུང་ལ་སྐུར་ལ་ཞོག༔ མ་ཧཱ་ཀཱ་ལ་གདོན་བགེགས་འབྱུང་པོ་ནད༔ འདྲེ་གཅོང་སྲིའི་སྲོག་ལ་རྦད་རྦད་རྒུད་ཆུད༔ ཨེ་ཡཾ་རཾ་སིད་དྷི༔ ཏི་ཏྲ་ལཾ་རུ་ཊ་ཧཱུྃ་བྷྱོ༔ ཞེས་བསྐུལ་བྱང་དམ་བདར་བྱ༔ དེ་ཙམ་གལ་མི་ཆེ་ན་ནི༔ ཧཱུཾ་བྷྱོ༔ ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར༔ དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན༔ སྟག་རལ་


CMR010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་ཤུབས་བཏགས་ནས་རྟ་ནག་ཞོན༔ བདུད་མདའ་དགྲ་སྙིང་གཟེར་འདེབས་གླིང་བཞིར་རྒྱུག༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འཕྲོ༔ ཁ་ཊཾ་གྲི་གུག་ལྕགས་པར་ཐོགས་ནས་སུ༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་བྲན་དུ་བཀོལ༔ ཅི་བཅོལ་ལས་རྣམས་སྐད་ཅིག་ཉིད་ལ་སྒྲུབས༔ རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ༔ མ་བསྐུལ་བར་ཡང་མནག་པའི་དགྲ་བགེགས་སྒྲོལ༔ གར་བསྐུལ་ས་རུ་མི་རོས་ཚང་མར་བརྩེགས༔ བཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད༔ སྡེ་བརྒྱད་བྲན་བཀོལ་སྟག་ཤམ་མིག་བརྒྱས་བརྒྱན༔ གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་ཆོད༔ དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ གཏེར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་ཆེན་དཔལ་འབར་ཁྱོད་ལ་ཕྱག་འཚལ་བསྟོད༔ དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལས་ཆས་རྒྱབ་སྟེ་ནད་པ་སྲིའུ་གསོ་བའི་མཆོག་ནི་མ་ནིང་ཡིན་ནོ།། ༈ ལྷ་ཆེན་བདུད་པོ་མ་རུངས་པ། །ཞེས་


CMR010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཏཱཀྐད་རྒྱབ་དེ་དམ་སྲི་འདུལ་བའི་མཆོག་མཐུ་ཆེའོ། །ཞེས་གསུངས་སོ།། ཧཱུྃ། བླ་མར་དམོད་དང་བསྟན་ལ་སྡང་། །བདག་ལ་གནོད་པའི་དགྲ་དང་བགེགས། །སྤྲུལ་པའི་ཁྲོ་བོས་མྱུར་དུ་ཁུག །ཊཱཀི་རཱ་ཛས་གཡས་ནས་ཆུམ། །བྷི་ན་ཡ་ཀས་གཡོན་ནས་ཆུམ། །གཏོར་མ་འདི་ལ་མྱུར་དུ་ཁུག །རྡོ་རྗེ་ཞགས་པས་དམ་དུ་ཆིངས། །ཌ་མ་རུ་ཡི་མྱོས་པར་གྱིས། །རྩེ་གསུམ་འབར་བས་གནས་གསུམ་ཕུག །གྲི་གུག་འབར་བས་སྲོག་རྩ་ཆོད། །ཕྲེང་བ་ཅན་གྱིས་དོན་སྙིང་ཕྱུང་། །ཐོད་ཁྲག་འབར་བས་སྙིང་ཁྲག་འཐུང་། །འཁོར་གྱི་གནོད་སྦྱིན་བཞི་པོ་དང་། །ལྷ་མོ་དཔལ་མགོན་དམ་ཅན་ཚོགས། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །རྣམ་ཤེས་པདྨ་ཅན་དུ་སྤོར། །ལོ་ཟླ་ཞག་དུས་མ་འགོར་བར། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཁྱད་པར་མྱུར་མགྱོགས་ཕོ་ཉ་ནི། །མོན་པ་ནག་པོ་མི་སྲུན་པ། །གཡས་པས་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་ཐན་སྤྲེལ་དམར་པོ་ཁྲིད།། །དགྲ་ལ་ལྟས་ངན་སྣ་ཚོགས་ཕོབ། །དུས་མཚན་ནག་མོ་བྱ་རོག་གདོང་། །ལྕགས་ཀྱི་ལུས་ལ་ཟངས་སྡེར་ཅན། །གཡས་པས་ནད་རྐྱལ་དགྲ་ལ་གཏོར། །


CMR010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་དར་ནག་གཡབ་མོ་རྡེབ། །སྡང་བའི་དགྲ་ལ་ཆོ་ངེས་ཐོབ། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཅེས་ཕྱག་དྲུག་པ་ཤཱ་ས་ནས་བརྒྱབ་སྟེ༔ བར་ཆད་ཀུན་སེལ་བ་ཡིན་ནོ༔ ཧཱུྃ༔ བྱང་ཤར་ནགས་ཚལ་དུར་ཁྲོད་ཆེན་པོ་ནས༔ ཞེས་སོགས་ཕྱག་བཞི་པ་བརྒྱབ་སྟེ་སྔགས་གཞི་སྙིང་ལ། གདོན་བགེགས་ཀྱི་ཙིཏྟ་སོགས་བསྒྱུར༔ འདི་ལྷ་དམག་དཔུང་ཆེ་བ་དང་སེམས་ཅན་ཀུན་ལ་མགོན་སྐྱབས་མཛད་གསུངས་སོ༔ ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་ནས། །ཡབ་གཅིག་ལེགས་ལྡན་ནག་པོ་ནི། །ཕྱག་ན་ཙན་དན་བེང་ཆེན་བསྣམས། །ལྷ་དམག་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མི་འགྱུར་རྡོ་རྗེ་བྲག་གི་ཐེམ་སྟེང་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །ལས་ཀྱི་མགོན་པོ་འབུམ་གྱི་དབུས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །


CMR010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་སྐྱོང་བའི་མགོན་པོ་ནི། །དཔལ་འབར་འཇིགས་པའི་ཆ་བྱད་ཅན། །ཕྱག་ན་ནོར་བུའི་ཞགས་པ་འཛིན། །མགོ་བརྙན་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ལྷོ་ཕྱོགས་སྐྱོང་བའི་ནག་པོ་ཆེ། །སེར་ཆེན་འབེབས་ཤིང་བེང་ཆེན་བསྣམས། །གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༔ ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ནུབ་ཕྱོགས་སྐྱོང་བའི་གཟི་བརྗིད་ཅན། །འཚལ་བུ་རྟིང་དཀར་ཆིབས་ཤིང་གྲུ་ཚལ་བསྣམས། །ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། །སེང་གེ་ཆིབས་ཤིང་བེང་ཆེན་བསྣམས། །གནོད་སྦྱིན་སྨུག་ནག་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་


CMR010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ཤར་ལྷོ་སྐྱོང་བའི་ཛམ་བྷ་ལ། །སྔོན་པོ་ཆུ་རིས་ཆིབས་པའི་ལྷ་དམག་འབུམ། །སྔོ་ཁྲ་རོལ་དུ་ཁྲིད་པའི་དམ་ཅན་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས། །སྟོབས་ཆེན་མགོན་པོ་ནག་པོ་ལ། །རཀྲ་སྲིན་པོའི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ནུབ་བྱང་སྐྱོང་བའི་དམ་ཅན་ནི། །བྲག་ལྷ་མགོན་པོ་ཐིག་ལེ་རྩལ། །རླུང་ལ་ཆིབས་ནས་ཕྱོགས་བཅུར་རྒྱུག །དམ་ཅན་སྐྱེས་བུ་གིང་ཆེན་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བྱང་ཤར་སྐྱོང་བའི་རྣམ་སྣང་ཅན། །གཙུག་ཏོར་ལྗང་གུ་འཁོར་བཅས་ཀྱང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་


CMR010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །སྟེང་ཕྱོགས་སྐྱོང་བའི་གཙུག་ཕུད་ཅན། །དམག་དཔོན་ཆེན་པོ་ཡ་བདུད་འཇོམས། །གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །འོག་ཕྱོགས་སྐྱོང་བའི་བརྟན་མ་ནི། །ཀླུ་ཆེན་ས་བདག་འཁོར་བཅས་ཀྱིས། །གདུག་པ་ཐམས་ཅད་འདུལ་མཛད་པ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བདུད་དམག་བྱེ་བ་འབུམ་གྱི་དབུས། །གདུག་པ་འདུལ་མཛད་ཐོད་ཕྲེང་ཅན། །རྟ་ནག་ཆིབས་པའི་མགོན་པོ་ཡང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། །ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ཁྲག་འཐུང་མ་མོ་རྫུ་འཕྲུལ་ཅན། །སྲིད་གསུམ་མ་མོའི་ཚོགས་ཀྱིས་བསྐོར། །དྲེལ་རྟ་ཆིབས་ཤིང་བསྟན་པ་སྲུངས། །འདིར་གཤེགས་


CMR010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །ཅེ་སྤྱང་ཚོགས་དང་གདུག་པའི་ཚོགས། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཤ་ལ་དགའ་ཞིང་ཁྲག་ལ་མོས། །དུར་ཁྲོད་འགྲིམ་ཞིང་བཤུག་གླུ་ལེན། །དཔལ་གྱི་འཁོར་ཚོགས་མ་ལུས་པ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རིག་འཛིན་རྣམས་ཀྱི་བསྟན་པ་སྲུངས་། །གཏུམ་ཞིང་གདུག་པའི་དགྲ་བགེགས་རྣམས། །མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་བེར་ནག་ཅན་ཡབ་རྐྱང་ཕྱོགས་བཅུའི་མགོན་པོའི་བསྐུལ་འདིས་ཕྲིན་ལས་རྣམ་བཞི་བསྒྲུབ་མི་དགོས་པས་འགྲུབ་པར་གསུངས་སོ༔ ༈ ཧཱུཾ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་བར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེང་གེའི་གདོང་༔ གཅེར་བུ་


CMR010_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱཀི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང་༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོ༔ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པས་ཡིད་ཀྱི་ཕྱག་འཚལ་ལོ༔ ན་མོ་ལྕང་ལོར་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ་ཞུ་ཆེན་གསུར་དུད་ཀྱི་ལི་ལི༔ རྔ་དུང་རོལ་མོ་ཏི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལི༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཉམས་


CMR010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱ་ཀི་སིང་ཧ་མུ་ཁ་ཨགྷཾ་སོགས། མ་ཧཱ་མཱི་ས༔ ཙིཏྟ༔ རཀྟ༔ གོ་རོ་ཙ་ན༔ བ་སུ་ཏ༔ བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབུས་ནས་བཞེངས༔ སྲུང་མ་འཁོར་དུ་རོལ་ཞིང་བཞེངས༔ བདག་ལ་བརྣག་པའི་དགྲ་བོ་འདིས༔ བླ་མ་དམ་པའི་སྐུ་ལ་བསྡོས༔ སངས་རྒྱས་བསྟན་པའི་རྨང་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཆོས་མཛད་ཡོངས་ལ་བརྙས་སུ་བྱས༔ དགེ་བ་བཅུ་ཡི་བསོད་ནམས་བཅག༔ མི་དགེ་བཅུ་ནི་དང་དུ་བླངས༔ རྣལ་འབྱོར་བདག་དང་བསྡོས་སུ་བཙུགས༔ སྔགས་སྲུང་ཁྱེད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱེད་ཀྱི་མཐུ་མེད་པ༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱོད་ཀྱང་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་ཡི་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པས་མི་བསླུ་འམ༔ དགྲ་བོ་ཚེ་ཟད་དུས་ཐེམ་ན༔ ཁྱེད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོ་དང་ཟླ་


CMR010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ དུས་ལ་བབ་བོ་ས་མ་ཡ༔ ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མཱ་ར་ཡ་ཕཊ༔ ཞེས་སེང་གདོང་མ་རྒྱབ། གདོན་དང་བྱད་ཁ་ཐམས་ཅད་འཇོམས་པའོ།། ༈ ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ནས། །རྒྱ་མཚོ་ཀློང་ཡངས་འཁྲུགས་པའི་ནད་ཤེད་ན། །བསྐལ་པའི་སྦྲུལ་དང་མུན་ནག་གཏིབས་པ་ནས། །དུག་གསུམ་རང་གཟུགས་འཆི་བདག་མགོ་དགུ་པ། །བདུད་ཀྱི་བདུད་གཤེད་གདུག་པ་ཀླུ་ཡི་གཤེད། །དེ་དང་གཉིས་མེད་གདུག་པའི་བུད་མེད་ཆེ། །སྦལ་མགོ་ཁྲག་གི་མིག་དགུ་སྦྲུལ་མཇུག་ཅན། །དགྲ་བོ་གསོད་ལ་ཁྱོད་ལས་ལྷག་པ་མེད། །སྐུ་ནི་དཔའ་བརྗིད་ནམ་མཁའི་ཁམས་དང་མཉམ། །སྟེང་གི་ས་བདག་ཐམས་ཅད་ཁ་ལོ་སྒྱུར། །སྤྱན་གྱིས་ཧུར་ཧུར་ས་དང་བར་སྣང་གཟིར། །གདུག་པ་ཅན་གྱི་གཉན་རིགས་ཐམས་ཅད་ཁོལ། །སྐུ་ནི་རི་རབ་ཆེན་པོའི་ངོས་ལ་བརྟེན། །ནང་གི་ལྷ་སྲིན་སྡེ་བརྒྱད་དམག་ཏུ་ཁོལ། །མཇུག་མ་རྒྱ་མཚོ་ཆེན་པོའི་ཀློང་ན་འཁྱིལ། །གདུག་པའི་ཀླུ་ཚོགས་ཐམས་ཅད་ཕོ་ཉར་འགྱེད།། །ཕུང་བྱེད་འཆི་བདག་འཁོར་དང་བཅས་པ་རྣམས། །དུས་


CMR010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་སངས་རྒྱས་བསྟན་པའི་མེལ་ཚེ་མཛོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཀླུ་ནད་གཉན་ནད་ས་བདག་ནད་རྣམས་ཟློག །གག་ལྷོག་གཟེར་གསུམ་རིམས་དང་འབྲུམ་ནད་དང་། །མཛེ་དང་ཤུ་བ་གཡན་པའི་ནད་རྣམས་ཟློག །གཏད་མནན་ངག་གནོན་སེམས་ཀྱི་ངན་སྦྱོར་དང་། །ཀླུ་ཆེན་རྣམས་ཀྱིས་ཞགས་པས་བཅིངས་པ་ཟློག །མཐོང་དུག་རེག་དུག་མཆེ་དུག་ཁ་རླངས་དུག །བསམ་པ་ངན་དང་ཞེ་སྡང་དུག་རྣམས་ཟློག །ཀླུ་བདུད་ཀླུ་བཙན་ཀླུ་སྨན་གནོད་པ་ཟློག །གཉན་དང་ས་བདག་ས་སྲིའི་གནོད་པ་ཟློག །ས་འདྲེ་ས་སྲིན་ཕུང་འདྲེའི་གནོད་པ་ཟློག །ཀླུ་སྲིན་འཆི་བདག་མགོ་དགུའི་དུས་ལ་བབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། །ཅེས་ནཱག་རཀ་བརྒྱབ་ནས་ཀླུ་ས་བདག་གི་གནོད་པ་ཚར་གཅོད་པ་ལ་ཟབ་བོ།། ཧཱུྃ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བྱ་གྷི་བ་མཐིང་ནག་འབར་བའི་སྐུ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཁྲུམ་ཁྲུམ་རོལ༔ རྟ་མགོ་ལྗང་


CMR010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཞུར་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ སྙན་ནས་འབྲུག་སྒྲོག་དྲེགས་པ་བརྒྱལ་ཞིང་འབོགས༔ ལྕགས་ཀྱི་རལ་པས་ས་གཞི་ཁྱབ་པར་སྤྲུགས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་བརླག༔ སྤྱན་མིག་དམར་ཟླུམ་སྡང་མིག་ཕྱོགས་བཅུར་བསྒྲད༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་བར་བྱེད༔ ཤངས་ནས་རླུང་འཚུབ་དགྲ་བགེགས་ཐལ་བར་གཏོར༔ འབར་བའི་ཞལ་བསྒྲད་གདངས་སྐད་བཏོན་པ་ཡིས༔ སྲིད་པ་གསུམ་ཡང་ཞལ་དུ་གསོལ་ཞིང་རོལ༔ ཕྱག་གཡས་རལ་གྲི་འབར་བས་དགྲ་བགེགས་གཏུབས༔ ཕྱག་གཡོན་ལྕགས་ཀྱུས་འཛིན་ཅིང་ཞགས་པས་སྡོམས༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱནུ༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ ཞིང་གི་གཡང་གཞིས་དྲེགས་པ་རུ་ཏྲ་སྒྲོལ༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན༔ བ་སྤུའི་རྩེ་ནས་མེ་ཡི་ཚྭ་ཚྭ་འཕྲོ༔ ཁྲོ་ཚོགས་མང་པོ་ནམ་མཁའི་རླུང་ལྟར་འཚུབ༔ ཞབས་གཉིས་འདོར་ཐབས་ཀླུ་དང་དགྲ་བགེགས་མནན༔


CMR010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ནག་འབར་བའི་ཐུགས་དམ་དུས་ལ་བབ༔ བདག་ནི་དབང་ཆེན་བསྒྲུབ་པའི་དམ་ཚིག་ཅན༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ ནཱ་ག་རཀཱ་འདུལ་བའི་དུས་ལ་བབ༔ གཉན་ཆེན་སྡེ་བརྒྱད་འདུལ་བའི་དུས་ལ་བབ༔ རྒྱལ་རིགས་དཀར་པོ་འདུལ་བའི་དུས་ལ་བབ༔ བྲམ་ཟེ་དམར་པོ་འདུལ་བའི་དུས་ལ་བབ༔ རྗེ་རིགས་སེར་པོ་འདུལ་བའི་དུས་ལ་བབ༔ དམངས་རིགས་ལྗང་གུ་འདུལ་བའི་དུས་ལ་བབ༔ གདོལ་པ་ནག་པོ་འདུལ་བའི་དུས་ལ་བབ༔ རྒྱལ་བསེན་ཕོ་མོ་འདུལ་བའི་དུས་ལ་བབ༔ པེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ དམ་སྲི་དཀར་ནག་འདུལ་བའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དུས་ལ་བབ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ དྲེགས་པ་འདུལ་ཕྱིར་རྟ་ནག་ཁྲོས་པའི་སྐུ༔ གནོད་སྦྱིན་ནག་པོ་ཀླུ་དང་རྒྱལ་བསེན་གཤེད༔ བཀའ་ཡི་གཏོར་མ་ཤ་ཁྲག་དམར་གྱིས་བརྒྱན༔ རྔམ་ཞིང་རྔམ་ཞིང་ཞལ་དུ་ཁ་རཾ་ཁཱ་ཧི༔ ནག་པོ་ཀུན་རྒྱུག་ཞལ་དུ་ཁ་རཾ་ཁཱ་ཧི༔ སྤྲུལ་པ་ནག་པོའི་


CMR010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་ཁ་རཾ་ཁཱ་ཧི༔ ཆེ་བཙན་ཡོན་ཏན་མ་ལུས་རྫོགས་པའི་སྐུ༔ མཐུ་སྟོབས་རྩལ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་ཚིག་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་རྟ་མགྲིན་ནག་པོ་འདི་བརྒྱབ་སྟེ༔ རྒྱལ་བསེན་དང་ཀླུ་དང་ས་བདག་གི་གནོད་པ་ཚར་གཅོད་དོ༔ ཧཱུྃ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ ལས་ཀྱི་གཤིན་རྗེའི་ཞིང་ཁམས་ནས༔ ཚ་བའི་མེ་དང་གྲང་བའི་ཆུ༔ ཚ་གྲང་འཁྲུགས་པའི་དཀྱིལ་འཁོར་ནས༔ ཤིན་ཏུ་འཇིགས་པའི་ཕོ་བྲང་ནས༔ སྟེང་ནི་རལ་གྲིའི་ལྡིང་ཁང་ཞབས༔ འོག་ནི་སྤུ་གྲིའི་ས་གཞི་ལ༔ བར་སྣང་སྤུ་གྲི་ཆུ་གྲི་དང་༔ མཚོན་ཆའི་འཆོལ་བའི་མཚོ་སྟེང་དུ༔ སྤུ་གྲི་རལ་གྲི་ཆུ་གྲི་དང་༔ དུག་ཕུར་གཏམས་པའི་ཁྲི་སྟེང་དུ༔ པདྨ་ཉི་མའི་གདན་སྟེང་ལ༔ དྲེགས་ཆེན་བཅོ་བརྒྱད་ཁྲི་རུ་བརྩིགས༔ བདུད་དང་མུ་སྟེགས་ལྷ་སྲིན་དང་༔ ཉམས་པའི་དགྲ་བོ་བམ་གྱི་ཚོགས༔ མ་རུངས་རུ་ཏྲའི་ཁྲི་སྟེང་དུ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ༔ ལས་ཀྱི་གཤིན་རྗེ་བཞུགས་པ་ནི༔ སྐུ་མདོག་དམར་ནག་མེ་ལྟར་


CMR010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འབར༔ ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས༔ གཡས་ལྗང་གཡོན་དམར་དབུས་མཐིང་ཞལ༔ གཡས་ཞལ་ལྗང་ཞིང་གཏུམ་པ་ཡི༔ དབུས་ཞལ་དམར་ནག་ཁྲོས་པ་ཡིས༔ གནོད་བྱེད་བྱེད་མ་ཞལ་དུ་གསོལ༔ དབུ་གསུམ་སྟེང་དེར་མཆོད་རྟེན་གསུམ༔ གཡས་པ་ལྕགས་ལ་གཡོན་པ་དུག༔ དབུས་ནི་ཁྲོ་ཆུའི་མཆོད་རྟེན་ཏེ༔ འདས་དང་མ་འོངས་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་དབུ་ལ་བཞུགས༔ སྲུང་སྐྱོབ་ཚེ་དབང་ཆོས་ཀྱི་སྐུ༔ ཕྱག་དྲུག་གཡས་གསུམ་དགྲ་སྟ་ཡིས༔ བྱད་མ་དམ་ཉམས་མགོ་ལུས་ཕྲལ༔ གཡོན་སྙིང་སྲོག་རྩར་བཅས་པ་ཡི༔ དྲེགས་ཆེན་བཅོ་བརྒྱད་ཞལ་དུ་གསོལ༔ སྐུ་ལ་དུག་སྦྲུལ་ཆུན་པོས་བརྒྱན༔ གདུག་པའི་ཚིགས་རྣམས་དབང་དུ་སྡུད༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས༔ སངས་རྒྱས་བསྟན་པའི་བྱ་ར་མཛད༔ ཞལ་གསུམ་གདངས་ཤིང་རབ་ཏུ་བསྒྲད༔ མཆེ་བ་བཅུ་གཉིས་གཙིགས་པ་ཡིས༔ བྱད་མའི་དོན་སྙིང་ཞལ་དུ་གསོལ༔ ལྗགས་གསུམ་འགྲིལ་ཞིང་རྐན་སྒྲ་རྡེབ༔ སྟོང་གསུམ་ལྷ་འདྲེ་ཞལ་དུ་གསོལ༔ རལ་གྲིའི་གཤོག་པ་གཡས་པ་ཡིས༔ དགྲ་བོ་ཕོ་


CMR010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རླག་པར་བྱེད༔ ཆུ་གྲིའི་གཤོག་པ་གཡོན་པ་ཡིས༔ དགྲ་བོ་མོ་རྒྱུད་དམྱལ་ཐག་གཅོད༔ སྐུ་སྐྱེད་ཆུ་སྲིན་རྔམ་ཞལ་ཅན༔ སྟོང་གསུམ་འཇིག་རྟེན་ཞལ་དུ་གསོལ༔ སྐུ་སྨད་ཁྲོ་ཆུའི་ཕུར་པ་སྟེ༔ ཟུར་གསུམ་དབལ་དང་ལྡན་པ་ཡིས༔ དགྲ་བོ་བྱད་མའི་སྲོག་སྙིང་གཟིར་སྐུ་ལ་བསྐལ་པའི་མེ་དཔུང་འབར༔ དམིགས་པའི་དགྲ་བགེགས་གཞོབ་ཏུ་བསྲེག༔ པ་སྤུའི་གསེབ་ནས་ཁྲོ་ཆུང་འགྱེད༔ དགྲ་བགེགས་བྱད་མ་རྡུལ་དུ་རློགས༔ ལས་ཀྱི་གཤིན་རྗེ་མཐུ་རྩལ་ཅན༔ འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་ཉུལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གང་ལ་དམིགས་པ་རྡུལ་དུ་རློགས༔ འཆི་བདག་ནག་པོའི་དུས་ལ་བབ༔ གནོད་བྱེད་ཕོ་རྒྱུད་ཚོགས་རྣམས་རྡུལ་དུ་རློགས༔ ཚེ་བདག་ནག་པོའི་དུས་ལ་བབ༔ དགྲ་བགེགས་མོ་རྒྱུད་རྡུལ་དུ་རློགས༔ སྲོག་བདག་ནག་པོའི་དུས་ལ་བབ༔ གནོད་བྱེད་ལྷ་འདྲེ་རྡུལ་དུ་རློགས༔ བེ་བྷ་པྲ་ཏིའི་དུས་ལ་བབ༔ གནོད་བྱེད་ལྷ་སྲིན་སྡེ་བརྒྱད་རྡུལ་དུ་རློགས༔ ཟ་བ་ལྗང་ནག་དུས་ལ་བབ༔ བདུད་དང་མུ་སྟེགས་རྡུལ་དུ་རློགས༔ ཡ་མ་རཱ་ཙའི་དུས་ལ་བབ༔ དགྲ་


CMR010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཐལ་བ་རྡུལ་དུ་རློགས༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ གནོད་བྱེད་ཐམས་ཅད་རྡུལ་དུ་རློགས༔ སྤྱི་གཤེད་དུག་གདོང་དུས་ལ་བབ༔ གནོད་བྱེད་ཕྱི་ནང་རྡུལ་དུ་རློགས༔ དགྲ་བགེགས་ཤ་ཁྲག་འདི་གསོལ་ལ༔ གནོད་བྱེད་བྱད་མ་ལྷ་སྲིན་སྡེ་བརྒྱུད་དང་༔ བན་བོན་ཤན་པ་མུ་སྟེགས་ཚོགས༔ དྲེགས་ཆེན་བཅོ་བརྒྱད་ལྷ་འདྲེ་སྟོང་༔ བྱད་མ་འབུམ་དང་བཅས་པ་རྣམས༔ སྐད་ཅིག་ཉིད་ལ་བརླག་པར་མཛོད༔ བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཁྲོ་ཆུའི་བསྐུལ་འདིས་བརྒྱབ་སྟེ༔ གཤིན་རྗེ་སྤྱི་འཇོམས་ནག་པོ་ཡིན་པས་འདི་ཡིས་མི་ཐུབ་པ་གཅིག་ཀྱང་མེད་དོ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛཿ ཆོས་ཀྱི་དབྱིངས་ནས་སྒྱུ་མར་སྐུ་བཞེངས་ལ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་


CMR010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱང་༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་དྲག་འབར་བ་ཁྱེད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱེད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་ཚོགས༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་


CMR010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་གསོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་བསྒྲད༔ དྲེགས་པ་ཕོ་མོ་འདར་ཞིང་བསྔངས་བར་བྱེད༔ ཤངས་ནས་རླུང་འཚུབ་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ དབུ་སྐྲ་ཁམ་ནག་ནམ་མཁའི་དབྱིངས་ལ་བསྒྲེངས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་རློགས༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་ཟློག༔ གཡོན་པས་ལྕགས་སྡིག་ནག་པོའི་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྤྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་རྒྱན་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ མེ་དུད་ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་


CMR010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱེད་ལ་གདུང་བས་འབོད་ལགས་ན༔ ཁྱེད་ཀྱི་ཐུགས་དམ་གནད་ནས་ད་སྐུལ་ཞིག་གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ པེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ་མཐའ་ཡི་དམག་དཔུང་བཟློག་པའི་དུས་ལ་བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དམར་ནག་ཟུར་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་གྱི༔ སྐུ་ལས་མེ་འོད་མཚོན་ཆ་ཡ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་ལྡིར༔ མཁའ་འགྲོ་རབ་འཇིགས་གཡོན་ནས་ཕཊ་སྒྲ་སྒྲོག༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་གཟིང་༔ ལྷ་སྲིན་སྡེ་བརྒྱད་བྲན་བཞིན་རོལ་དུ་ཁྲིད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟ༔ ཧོར་སོགས་འཇིགས་པའི་དམག་དཔུང་མྱུར་དུ་ཟློག༔ རང་རང་གནས་སུ་བྱང་ཆུབ་བསྒྲུབ་པ་ཡི༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔


CMR010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཧཱུྃ་ཨརྩིག་ནེར་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་འཇའ་ཚོན་ལུགས་ཀྱི་དྲག་པོ་འདིས་བརྒྱབ། ཤིན་ཏུ་གལ་ཆེ་ན་རྣམ་རྒྱལ་འབར་མ་རྒྱབ་བོ། །རྫས་རྒོད་བདུག་གོ །སུམྦྷ་ནི་དང་། རྟ་མགྲིན་རྦད་བརྒྱད་གོང་འོག་གཉིས། གུ་དྲག་སྤུ་གྲི་སྲོག་གཅོད་དྲག་སྔགས་ཤེས་ཚད་དྲག་ཏུ་བརྗོད་ཅིང་། རང་རྟ་མགྲིན་ནམ་དྲག་པོའི་ཕྱག་གཡས་རལ་གྲི་མེ་འབར་བ་དེས་བརྒྱབས་པས། གཞོབ་ཐུལ་རྗེས་མེད་དུ་སོང་བར་ཡང་ཡང་དུ་དམིགས་ཤིང་། བསྐྱེད་རིམ་ང་རྒྱལ་དྲག་པོས་ཐུན་དང་ནས་ལྕག་བྲབ། སྨྱོན་པ་ཡིན་ན་ལྷམ་གཡོན་གྱིས་བྲབ་བོ། །སྐེའམ་མགོ་ལ་རྐང་པ་བཞག་ལ། ནས་ལྕག་བྲབ། དར་ནག་བརྒྱབ། ཆོས་གོས་བྲབ་ཅིང་ཞེ་སྡང་བསྐྱེད་པར་བྱའོ། །དེ་ནས་ཅི་ཡང་མི་དམིགས་པར་སེམས་ངོའི་ངང་ལ་ཐུན་གཅིག་བཞག །དེ་ནས་ནད་པ་དང་གདོན་ལ་སྙིང་རྗེ་དྲག་པོ་ཐུན་གཅིག་ལ་བྷྱོ། དེས་རང་ལ་འཁུ་ལྡོག་མི་འབྱུང་ངོ་། །དེ་ནས།་ཕཊ༔ ནམ་མཁའི་ཚེ་དཔག་མེད་འོད་དུ་ཞུ་བ། དབྱེར་མེད་པས་བླ་སྲོག་གི་ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་བཀྲག་མདངས་འོད་དུ་འཚེར་བ་དེ་མར་བྱོན་ནས། ནད་པའི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་སྙིང་དབུས་སུ་ཐིམ་པར་གྱུར། གུ་རུ་ཨཱ་ཡུ་ཛྷཱ་ན་ཛ༔ཧཱུྃ་བཾ་ཧོ༔ཕཊ་ཕཊ་ཕཊ༔ དེ་ནས་ཕྲེང་བ་སྤྱི་བོར་བཞག་


CMR010_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིན་བརླབས་བྱས་སོ། །ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག །ལུས་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པར་གྱུར་ཅིག །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བླ་མ་ཡི་དམ་མཁའ་འགྲོའི་བདེན་པའི་མཐུས། །འགྲོ་བ་འདི་ལ་བདག་གིས་བསྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཅེས་བརྗོད། འཕྲལ་དུའམ་རྗེས་སུ་ཚེ་འགུགས་ཚེ་དབང་བསྐུར་བ་རབ། མ་རེད་ཀྱང་ཚེ་འགུགས་བྱ་སྲུང་འཁོར་སོགས་བཏགས་སོ། །དེ་ནས་སྨོན་པ་སྨྱོ་རྒོད་ལ་ནི་ཅིས་ཀྱང་ཐུབ་དཀའ་ན། རྣམ་ཤེས་མ་སྤར་བར་རྒྱབ་ན་ཐུལ་ལྷ་རེ་སྤར་ན་གདོན་དང་ནད་པའི་རྣམ་ཤེས་གཅིག་ཏུ་ཆུ་དང་འོ་མ་འདྲེས་པ་ལྟར་གདོན་ཡར་མཉམ་དུ་འགྲོ་བས་ཐུལ་དཀའོ། །དེ་ལ་ཡང་ནད་པ་དེ་ལྷ་ཁང་སྒོག་པོ་གཅིག་ཏུ་བྷེ་ལ། གཏོར་མ་མེའི་ཕུང་པོ་བརྒྱབ་པས་ནག་ལམ་གྱིས་ཚིག་པ་ཡང་ཡང་བྷེ་བས། ནད་པ་ལ་ཕན་ཆེ་ཚེ་འགུགས་ཚེ་དབང་མང་དུ་བསོགས་ལ་གལ་ཆེའོ། དེ་ལྟ་ཆོས་སྐྱོང་བརྒྱབ་རུང་མི་རུང་ཡོད་པས་འདིར་བཀོད་པ་རྣམས་ལེགས། གང་ཡིན་མི་བརྒྱབ། ཡང་ཆོས་སྐྱོང་གཅིག་ཀྱང་མི་


CMR010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབ་པར་གཏོར་ཟློག་བརྒྱབ་ན། གོང་གི་བརྒྱབ་ལུགས་འདྲ་བ་ལས། མཚོན་ཆ་འཁོར་ལོ་ཡང་དང་པོ་སྤུ་གྲི་མཆེད་གསུམ། དེ་ནས་མེ་དབལ་ནས་གྱེན་དུ་བརྒྱབ། གཙོ་བོ་མི་བརྒྱབ་པར་བརྒྱབ་བརྡེག་མང་དུ་བྱས་ལ་སྟེང་དུ་ཕུལ་བར་བྱའོ། ༈ །ཁྲོ་ཆུ་ལ་ཡང་། ཡ་མ་རཱ་ཙ་ནས་གྱེན་དུ་བརྒྱབ། གཙོ་བོ་སྟེང་དུ་ཕུལ་ལོ། །ནད་གདོན་མེད་པའི་རིགས་ལ་གཏོར་བརྒྱབ་མི་རུང་། དགོས་ཟེར་ནས་རྣམ་རྟོག་དགག་ཕྱིར་ཁོ་རང་གི་རྒྱབ་ཕྱོགས་སུ་ཆོས་སྐྱོང་ཞལ་གདངས་པའི་ནང་དུ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དེ་ཕུལ་བས་མཉེས་ནས། རང་དང་ཡོན་བདག་གི་བར་ཆད་སེལ་བར་ཞལ་གྱིས་བཞེས་པར་བསམས་ལ་སྟེང་དུ་ཕུལ་ལམ་བརྒྱབ་ཀྱང་རུང་སྐྱོན་མེད་དོ། །དེ་ལ་ནི་ཆང་རིལ་གཏོར་མ་སོགས་སྔོན་འགྲོ་མི་དགོས་དཀར་གཏོར་སྤྱི་ལྟར་ཕྱི་རུ་ཕུལ་བཅུག་པས་ཆོག་གོ །ནད་པ་ཤིན་ཏུ་གདོན་ཆེ་བ་ལ། རང་ཉིད་ནུས་པ་ཆེ་ཞིང་བསྐྱེད་རིམ་གསལ། རྟོགས་པའི་གདེང་དང་ལྡན་པ་ཡིན་ན། རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོས། གཏོར་མ་དེ་ཆོས་སྐྱོང་སོགས་གང་ཡིན་དེ་དངོས་སུ་གསལ་བས་བརྒྱབ་གདོན་དེ་བསད་བཅད་ཟོས་འཐུང་རྗེས་མེད་པར་བསྒོམ། ཆོད་ཆེ་སྟེ་རང་ནུས་པའི་གདེང་མེད་ན་རང་ལ་ལྡོག་པར་འགྱུར་བས། གལ་ཐུག་ན་མིན་པ་མི་བྱའོ། །ཞེས་པ་འདི་ནི་སྔགས་ཆང་གསར་པ་རྣམས་དང་གདོན་ཆེན་རྣམས་ལ་ཕན་པར་སེམས་བསྐྱེད་བཟང་པོས་སྔགས་འཆང་༧རཱ་ག་ཨ་སྱས་གསར་རྙིང་གི་གཞུང་དང་བླ་མ་རྣམས་ཀྱི་མན་ངག་དང་རང་གི་ཉམས་མྱོང་དང་


CMR010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ནས་བྲིས་པ་ལ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་དགོངས་པ་བཀྲོལ་ནས་འཁུ་ལྡོག་མི་བྱེད་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དགེའོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོར་ཁ་སྟོན་པའི་ཞལ་གདམས་དང་ཆང་རིལ་གཏོར་མ།next