དབང་ཆེན་པདྨོའི་ངོར།
― JSD004_Page_0109 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཨོཾ་སྭ་སྟི། ཨོ་རྒྱན་རྗེ་འབངས་ཚོགས་ཀྱི་ཐུགས་རྗེ་དང་། །སྨོན་ལམ་མཐུ་ལས་ལེགས་འཁྲུངས་དཔའ་བོ་ཆེ། །སངས་རྒྱས་རྡོ་རྗེ་ཞབས་པད་བསྐལ་བརྒྱར་བརྟན། །འགྲོ་འདུལ་རླབས་ཆེན་ཕྲིན་ལས་མཐར་རྒྱས་ཤོག །ཅེས་པའང་དབང་ཆེན་པདྨོའི་ངོར་བྱ་བྲལ་བས་སོ།། །།