གནམ་ཆོས་ཞིང་ཁམས་ལྔའི་སྨོན་ལམ།
གནམ་ཆོས་ཞིང་ཁམས་ལྔའི་སྨོན་ལམ་བཞུགས་སོ། །ཨེ་མ་ཧོ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །བཅོམ་ལྡན་མི་བསྐྱོད་རྒྱལ་བ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །མི་བསྐྱོད་རྒྱལ་བའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །རིན་ཆེན་འབྱུང་ལྡན་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །བཅོམ་ལྡན་སྣང་མཐའ་རྒྱལ་བ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །སྣང་བ་མཐའ་ཡས་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ། །བཅོམ་ལྡན་དོན་གྲུབ་རྒྱལ་བ་འོད་དཔག་མེད། །
བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །དོན་ཡོད་གྲུབ་པའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དབུས་ཕྱོགས་གཡོ་བ་མེད་པའི་ཞིང་ཁམས་སུ། །བཅོམ་ལྡན་རྣམ་སྣང་རྒྱལ་བ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །རྣམ་པར་སྣང་མཛད་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །རྩ་བརྒྱུད་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་
ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པ་ཡི། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །པདྨོ་འདམ་གྱི་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་འཁྲུངས་པ། །བདེ་ལྷབ་ཅན་དུ་སྐྱེ་བར་ཤོག །ཅེས་སྨོན་ལམ་ཅི་རིགས་པས་རྒྱས་གདབ་བོ། །གནམ་ཆོས་ཞིང་ཁམས་ལྔ་ཡི་སྨོན་ལམ་ཨ་རཱ་གས་སྦྱར་བའོ། །དགེའོ།། །།