Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་བསྡུས།
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་བསྡུས།next

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་བསྡུས།

༄༅། ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་བསྡུས་བཞུགསཿ བཛྲ་ཝ་ར་ཧི་ལ་འདུདཿ དཀོར་སྲུང་རྒྱལ་མོའི་གསོལ་མཆོད་ནིཿ དམར་གཏོར་ཤ་ཁྲག་དཀར་གསུམ་བརྒྱནཿ ཇ་ཆང་འོ་ཕུད་འགུག་བྲན་ཏེཿ ཀྲོ་ཏི་ཀཱ་ལིའི་ཏིང་འཛིན་གྱིསཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ བྷྱོཿ དུར་ཁྲོད་གསང་ལུང་དུག་མཚོ་ནསཿ དཀོར་སྲུང་རྒྱལ་མོ་ངན་ནེ་མཿ དམར་མོ་དར་ནག་གོ་ཟུ་ཅནཿ གཡས་གཡོན་ལྕགས་ཀྱུ་མེ་ལོང་འཛིནཿ ཀླུ་མོ་གནོད་སྦྱིན་འདྲེ་མོ་ནགཿ མི་དམར་སྐྱེས་གཅིག་མི་རིང་དམརཿ ཤན་པ་ར་མགོ་ཟུ་ར་ནགཿ ལྕམ་དྲལ་འཁོར་བཅས་གཤེགས་སུ་གསོལཿ གནས་བརྟེན་དཀོར་སྲུང་བརྟན་པར་བཞུགསཿ དགྲ་བོའི་ཤ་ཁྲག་གཏོར་མས་མཆོདཿ ཇ་ཆང་འོ་ཕུད་གསེར་སྐྱེམས་བཞེསཿ དཀོར་རྫུན་དོན་སྙིང་གློ་མཆིན་རོལཿ དགྲ་ཇག་ཆོམ་རྐུན་གཅན་གཟན་གྱིཿ སྒོ་གསུམ་མྱོས་ཕུང་བརླག་པར་མཛོདཿ དཀོར་ནོར་ཁུག་ལ་དཀོར་རྐུན་སྒྲོལཿ ནད་རིམས་གོད་ཁ་བར་ཆད་བཟློགཿ གནས་རྟེན་གསང་སྔགས་བསྟན་སྲུང་མཛོདཿ ཧཱུྃ་ར་ལི་པྲ་མ་ཡ་ནྲི་ཏྲི་ཨ་མུ་ཀ་མཱ་ར་ཡ་པུཙྪ་བ་ལིང་ཏ་ཁཱ་ཧིཿ ཅེས་དཀོར་རྐུན་གཏན་བརླག་རྡོ་རྗེའི་མཁར་རྫོང་འདི་ཉིད་སྤྲང་སྨྱོན་འཇའ་ལུས་རྡོ་རྗེའི་རྣམ་རོལ་པས་སོ།།


previousཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་བསྡུས།next