Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མའི་ཟོར་མདོས་ཁྱེར་བདེ་བར་བཀོད་པ།
   
   


 
previousགནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མའི་ཟོར་མདོས་ཁྱེར་བདེ་བར་བཀོད་པ།next

གནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མའི་ཟོར་མདོས་ཁྱེར་བདེ་བར་བཀོད་པ།


CMR039_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མའི་ཟོར་མདོས་ཁྱེར་བདེ་བར་བཀོད་པ་བཞུགས་སོ། །


CMR039_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཛྙཱ་ན་དྷ་ཀི་ན་མོ། དགོངས་གཏེར་རྡོ་རྗེའི་གསུངས་ལས་བཀོད་པའི་དོན། །དབང་ཕྱུག་མ་ཡི་ཟོར་མདོས་བསྡུས་པ་བཀོད། །ཌཱཀི་རྣམས་ཀྱིས་བཀའ་གནང་བྱིན་གྱིས་རློབས། །མདོས་གདན་གཡང་གཞི་གང་ཡང་རུང་བའི་སྟེང་། །དབུས་སུ་ཟོར་ཆེན་གཅིག་གི་ཕྱོགས་བཞི་རུ། །ཀོང་ཟོར་དེ་ལས་ཆུང་བ་བཞི་ཡིས་བསྐོར། །དེ་རྒྱབ་ཀོང་ཟོར་ཆུང་ངུ་ཉི་ཤུ་བརྒྱད། །བསྡུས་ན་ཉེར་བརྒྱད་བཞི་ལ་བསྡུས་པས་ཆོག །ཀོང་ཟོར་རྣམས་ནི་ཀོང་བུ་ཟུར་གསུམ་དབྱིབས། །ནང་དུ་ཟོར་མེད་དམར་གཏོར་ཆུང་ངུ་རེ། །ཟུར་གསུམ་རྩང་དེ་རྩེགསུམ་བསྣོལ་ལ་བཙུགས། །ཞིབ་པར་དཔེའུ་རིས་ལ་བལྟས་པས་གསལ། །གལ་ཆེན་ཡོད་ན་ཤོག་ལིང་བྲིས་ནས་ཀྱང་། །གཡང་གཞི་དང་ནི་མདོས་སྣོད་བར་དུ་བཅུག །བསྡུས་ན་ཟན་


CMR039_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་གཅིག་བྱས་མགོ་ཐུར་དུ། །ཟོར་ཆེན་མདུན་དུ་བཞག་པས་འཐུས་པ་ཡིན། །ཤ་ཁྲག་མཚེ་དང་ཡུངས་ཀར་སྒང་བུས་བརྒྱན། །དེ་ནི་ཟོར་སྒྲུབ་ཟོར་མདོས་བཅའ་ཚོགས་ཏེ། །བཀའ་གཏད་རྐྱང་པར་ཟོར་ཆུང་ལྔ་ཡིས་ཆོག །ཟོར་མདོས་དེ་ལ་ཟོར་ཁེབས་ཟུར་གསུམ་བཀབ། །ལྷ་གཞུང་སྔོན་དུ་སོང་ནས་ཟོར་མདོས་བྲན། །འདི་ལ་བསྙེན་དང་སྒྲུབ་པ་ལས་སྦྱོར་གསུམ། །དང་པོ་བསྙེན་པ་བྱ་བའི་རིམ་པ་ནི། །ཡེ་ནས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་བཞིན། རང་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། སྐུ་མདོག་མཐིང་ནག་གྲི་ཐོད་འཛིན་པ་ཞབས་གར་སྟབས་མཛད་པ། ཐུགས་ཀར་ཉི་སྟེང་སྔགས་ཕྲེང་གཡོན་དུ་འཁོར་བ། དེའི་


CMR039_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་མ་མོ་མཁའ་འགྲོ་ལྷ་སྲིན་ཐམས་ཅད་སྤྲིན་ལྟར་འཁྲིགས་ནས་ལས་བསྒྲུབ་པར་གྱུར། ཨཿཀཿསཿམཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བརྒྱ་ལས་མི་ཉུང་ཅི་མང་བསྙེན་པ་བྱ། །སྐད་ཅིག་གིས་རང་ཉིད་གནས་འགྱུར་ནས་བདག་དང་མདུན་བསྐྱེད་ཟོར་དང་རྩང་རྣམས་སོ་སོར། མཁའ་འགྲོ་བྱད་ཟློག་མ་སྐུ་མདོག་ལྕགས་སྲེག་ལྟ་བུ། གནམ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ་ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ། ཕྱག་གཉིས་ཟངས་གྲི་དང་ཐོད་ཁྲག་འཛིན་པ། སྐུ་སྨད་ལྕགས་སྲེག་གི་ཕུར་པས་བན་བོན་ཉམས་པའི་སྙིང་གར་གཟིར་བ། དེའི་ཤར་དུ་དཀར་མོ་སེང་གདོང་། ལྷོ་རུ་སེར་མོ་སྟག་གདོང་། ནུབ་ཏུ་དམར་མོ་དྲེད་གདོང་། བྱང་དུ་ནག་མོ་དོམ་གདོང་། ཐམས་ཅད་ཀྱང་གཙོ་མོ་ལྟ་བུ་རང་རྟགས་ཀྱིས་མཚན་པའི་ཟངས་གྲི་དང་ཐོད་ཁྲག་འཛིན་པ། སེང་གེ་དང་སྟག་དང་དྲེད་དང་དོམ་གྱི་ཤུན་པ་གྱོན་པ་སྐུ་སྨད་ལྕགས་སྲེག་གི་ཕུར་པ་ཅན། འཁོར་དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ། །བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། བྷྱོཿ མུ་ལེ་མཚོ་དང་ཡོངས་འདུས་ཤིང་། །དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས། །བྱད་ཟློག་ལྷ་མོ་


CMR039_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ལྔ་དང་། །དབང་མོ་ཉེར་བརྒྱད་སྤྱན་འདྲེན་ན། །སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས། །ཨོཾ་སརྦ་པཉྩ་དྷཱ་ཀི་བྷྱོ་ས་ཡ་སི་ཧཱུྃཛཿཛཿ་ཧཱུྃ་བཾ་ཧོཿ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་བུ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་སྨན་གཏོར་རཀྟའི་ཚོགས། །ཁྱད་ཟློག་ལྷ་མོ་མཆེད་ལྔ་དང་། །ལ་དབང་མོ་འཁོར་དང་བཅས་ལ་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་པཉྩ་དྷ་ཀི་བྷྱོ་ས་ཡ་སི་ཨ་མྲ་མ་ཧཱ་ཏ་བ་ལི་ཏ་རཀྟ་ཁཱ་ཧི་ཁཱ་ཧི། ཨདྷཾ་སོགས། བྷྱོཿ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །འགྲོ་བའི་དོན་དུ་སྐུ་སྤྲུལ་ནས། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །མ་དང་སྲིང་ལྟར་སྒྲུབ་ལ་བརྩེ། །བྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་མོ་ཉེར་བརྒྱད་ལ་བསྟོད་དོ། །དམ་རྫ་ས་མཆོད་གཏོར་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཡམས་ནད་རིམས་ནད་ཞི་བ་དང་། །འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ། །མ་


CMR039_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་མྱུར་དུ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷ་མོ་ལྔ་ཡི་ཐུགས་ཀ་རུ། །ཧཱུྃཿཨཿཧྲཱིཿནིཿསཿཡིས་མཚན། །གཙོ་འཁོར་ཀུན་གྱི་སྔགས་ཀྱི་སྒྲ། འབྲུག་སྟོང་ལྡིར་བ་ལྟར་བུ་བཟླ། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམས། །ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་འདར། །བྱད་མས་བྱས་པས་བསམ་སྦྱོར་ཀུན། །ཁོ་རང་ཐག་ཏུ་ལོག་སྟེ་སོང་། །སྐུ་ལས་གནམ་ལྕགས་དྲག་པོའི་ཐོག །ཚྭ་ཚྭའི་ཚུལ་དུ་དཔག་མེད་འཕྲོས། །གནོད་བྱེད་ཐམས་ཅད་གཞོབ་ཏུ་བསྲེག །སྐུ་སྨད་ལྕགས་སྲེག་ཕུར་པ་ནི། །གནོད་བྱེད་རྣམས་ཀྱི་སྙིང་གར་གཟིར། །སྒོ་གསུམ་ནུས་པ་བཅོམ་པར་གྱུར། །དེ་ལྟར་བསྒོམ་ཞིང་སྔགས་དེ་ཉིད། ཅི་ནུས་བཟླས་པ་སྒྲུབ་པ་ཡིན། བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོ་བྷྱོཿ དུ་དུ་ཙ་ཤ་ནན། ཨཿཀ་མ་ནུ་ཁྲོམ་བྷྱོ། ཤད་བུ་གྱེན་བུ་ནན། ས་ར་མ་ནི་ཁྲོམ་བློ། ཏྲ་ནི་ཏྲ་ནི་ནན། ནི་ལི་དྷ་ར་ཁྲོམ་བློ། ཏྲི་ཕུ་ཏྲི་ཕུ་ནན། ཧྲཱིཿཤ་ཏྲ་ཁྲོམ་བྷྱོ། དུན་ཏིང་དུ་ནན། ཨཱ་ཧྲིནི་ས་བྷྱོ་བྱད་མ་ལྷ་སྲུང་བཅས་པ་མཱ་ར་ཡ་ཕཊ༔ དེ་ནས་ཟོར་མདོས་ཡིན་ན་ནི། དབང་ཕྱུག་མའི་སྔགས་འདི་བརྗོད། བྷྱོཿས་ཡ་སི་བྷྱོ། དེ་ནི་ཅི་ལྕོགས་བཟླས་པར་བྱ། འདི་ཡི་བཀའ་གཏད་བྱེད་པ་ནི། །འདི་


CMR039_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་བརྗོད་རྗེས་ཟོར་ལྔ་པོ། །རིམ་བཞིན་ལག་ཏུ་གཏད་ནས་ཀྱང་། །ཕྱོགས་གཙང་ཕྱོགས་སུ་འཕེན་དུ་འཇུག །དེ་ནས་མཎྜལ་ཕུལ་བར་བྱ། །དེས་ནི་འདི་ཡི་བཀའ་གཏད་ཐོབ། །ཟོར་སྒྲུབ་ཟོར་མདོས་གང་ཡང་རུང། །ཟོར་མདོས་ཡིན་ན་གསོ་བྲན་བྱ། །ཐུགས་དམ་བསྐངས་བར་མ་བྱས་ན། །རྐྱེན་དབང་བཟློག་པར་མི་འགྱུར་བས། །དེ་ཕྱིར་དང་པོ་བསྐང་བ་ནི། །ཧཱུྃ། མ་མོ་ཀུན་གྱི་ཡང་རྗེ་མོ། །ཡེ་ཤེས་མཁའ་འགྲོ་བྱད་ཟློག་མ། །འཁོར་བཅས་ཐུགས་དམ་བསྐང་བའི་རྫ་ས། །སྲིད་པའི་ཟོར་མདོས་གཞུང་བཞིན་བཤམས། །དམར་གཏོར་ཤ་ཁྲག་རྩང་གིས་བརྒྱན། །མཚེ་དང་ཡུངས་ཀར་སྒང་བུ་བཙུགས། །མ་མོ་མཁའ་འགྲོའི་སྤྱན་ལམ་དུ། །ཅི་འདོད་མཆོད་པའི་སྤྲིན་ཕུང་གཏིབས། །བྱད་ཁ་བཟློག་པའི་མཐུ་མོ་ཆེ། །ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང། །སེང་གདོང་དཀར་མོའི་ཐུགས་དམ་བསྐང་། །སྟག་གདོང་སེར་མོའི་ཐུགས་དམ་བསྐང་། །དྲེད་གདོང་དམར་མོའི་ཐུགས་དམ་བསྐང་། །དོམ་གདོང་ནག་མོའི་ཐུགས་དམ་བསྐང་། །མཁའ་འགྲོའི་བཀའ་སྡོད་སྲུང་མ་ནི། །དབང་ཕྱུག་མ་ཚོགས་ཐུགས་དམ་བསྐང་། །མི་མཐུན་ཕྱོགས་རྣམས་ཞི་བའི་ཕྱིར། །ཤར་གྱི་མ་བདུན་ཐུགས་དམ་


CMR039_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང། །ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར། །ལྷོ་ཡི་མ་བདུན་ཐུགས་དམ་བསྐང་། །ཁམས་གསུམ་དབང་དུ་བསྡུས་པའི་ཕྱིར། །ནུབ་ཀྱི་མ་བདུན་ཐུགས་དམ་བསྐང་། །དྲག་པོའི་ལས་རྣམས་མཐར་ཕྱིན་ཕྱིར། །བྱང་གི་མ་བདུན་ཐུགས་དམ་བསྐང་། །བྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་མོ་ཉེར་བརྒྱད་ཐུགས་དམ་བསྐང་། །བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱར། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང། །ཐུགས་དམ་བསྐང་བའི་དམ་རྫས་ནི། །རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་། །མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་། །རང་བྱུང་དམ་རྫས་བདུད་རྩི་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །རཀྟ་དམར་གྱི་དགྱེས་མཆོག་དང་། །ཤ་ཆེན་སྤོས་ཀྱི་དམ་རྫས་དང་། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་། སྣང་གསལ་ཞུན་མར་མདངས་ལྡན་དང་། །མཁའ་ལྡིང་མདངས་དང་ཤེལ་དགོངས་མདངས། །ཙ་ར་འདི་ཡི་མདངས་ཀྱིས་བསྐང་། །དེ་ལྟར་བསྐང་བསྐང་གསོལ་གསོལ་ནས། །ཐུགས་དམ་གཉན་པོ་དེས་


CMR039_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་ལ། །ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག །བདག་གི་གཡར་དམ་སོར་སྩོལ་ཅིག །གཡར་དམ་བསྐང་ལ་རྐྱེན་དབང་ཟློག །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །ཐུགས་དང་འགལ་བ་གང་གྱུར་བ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་དང་ཡིག་བརྒྱ་བཟླས། དེ་ནས་སྨད་ལས་ཟློག་པ་ནི། ཨོཾ་ཀེ་ལས་བྱུང་བའི་ཀོང་ཟོར་རྣམས། །གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་པ། །དེ་ནང་དགྲ་བགེགས་བྱད་མ་རྣམས། །མངོན་སུམ་ལྟ་བུར་གསལ་བའི་སྟེང་། །རྩང་རྣམས་མཁའ་འགྲོ་དབང་ཕྱུག་མ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །དགྲ་བགེགས་གནོད་བྱེད་ཐམས་ཅད་ནི། སྦྱར་མ་རླུང་གིས་བསྡུས་པ་ལྟར། །བསྡུས་ནས་ཀོང་ཟོར་ནང་དུ་ཐིམ། །ཧཱུྃ་ཧཱུྃ་ཛཿ ལས་ཀྱི་མཁའ་འགྲོ་རྫུ་འཕྲུལ་ཅན། ཁྲི་འབུམ་བྱེ་བ་ས་ཡ་རྣམས། །ཀུན་ཀྱང་སྲོག་གི་བདག་མོ་སྟེ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ད་ལྟ་ནམ་གྱི་གུང་ཤེད་ལ། །འབྱུང་བ་ཆུ་ཡང་གཉིད་ལོག་གིས། །དམ་ཉམས་དགྲ་བོ་གཉིད་དུ་སོང་། །བླ་ཚེ་འཁྱམས་པོ་ཁྲིད་ལ་ཤོག །དམ་


CMR039_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལྟད་མའི་སྲོག་རྩ་ཆོད། །ཞོ་ལྟར་དཀྲུགས་ལ་སྙིང་རྩ་དྲོངས། །གྲུ་གསུམ་ལྕགས་ཀྱི་ཁང་པ་འདིར། །མཁའ་འགྲོའི་ཚོགས་ཀྱིས་ཁྲིད་ལ་ཤོག །ལས་དབང་དྲག་པོས་ཁྲིད་ལ་ཤོག །བྷྱོ། ལས་ཀྱི་མཁའ་འགྲོ་ཁྱེད་རྣམས་ཀྱིས། །དགྲ་བོའི་སྙིང་ནས་ལྕགས་ཀྱུས་ཟུངས། །དགྲ་བོའི་སྐེ་ནས་ཞགས་པས་ཆིངས། །དགྲ་བགེགས་ཡོན་ལག་ལྕགས་སྒྲོག་སྡོམས། །དགྲ་བོའི་རྒྱབ་ནས་དྲིལ་བུས་ཕུལ། །དགྲ་བོ་འགུགས་པའི་དུས་ལ་བབ། །སརྦ་དྷ་ཀི་ནཱི་ཛཿཧཱུྃ་བཾ་ཧོཿ ཏྲཾ་མཱ་ཡ་ར་ཛཿ ཛྲ་ཨངྐུ་ཤ་ཛཿཛཿ ཐུམ་རི་ལི་ལི་ཛཿཛཿ མཁའ་འགྲོའི་སྐུ་སྨད་ཕུར་པའི་དབལ། །ཟུག་པས་གནོད་བྱེད་དགྲ་བགེགས་བསྒྲལ། །ཟོར་ཀོང་དགྲ་བགེགས་ཤ་ཁྲག་གིས། །གང་བ་མཁའ་འགྲོ་རྣམས་ཀྱིས་གསོལ། །ཨ་སརྦ་ཛྙཱ་ན་དྷཱཀི་པཉྩ་ཤ་རི་མ་དགྲ་བགེགས་ཀྱི་མ་ཧཱ་ནཱཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། ཙིཏྟ་ཁཱ་ཧི། བ་ལིང་ཏ་ཁཱ་ཧི། བྷྱོ། བྱད་ཟློག་ལྷ་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་ཀྱི། །སངས་རྒྱས་རིགས་ཀྱི་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་


CMR039_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །བཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །ཨ༔ སེང་གདོང་དཀར་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་ཀྱིས། །རྡོ་རྗེ་རིགས་ཀྱི་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །བཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །ཧྲཱིཿ སྟག་གདོང་སེར་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་ཀྱིས། །རིན་ཆེན་རིགས་ཀྱི་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །བཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །ནི༔ དྲེད་གདོང་དམར་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་ཀྱིས། །པདྨ་རིགས་ཀྱི་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །བཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །སཿ དོམ་གདོང་ནག་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་ཀྱིས། །


CMR039_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རིགས་ཀྱི་བྱད་མ་ཟློག། ཉམས་པ་ལྷ་སྲུང་བཅས་པ་ཀུན། །བཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །བྷྱོཿ ཡེ་ཤེས་མཁའ་འགྲོ་བྱད་བཟློག་མས། །འདུ་བ་རྣམ་བཞི་དགྲ་ལ་ཟློག །བད་ཀན་དམར་སྨུག་དགྲ་ལ་ཟློག །མཁྲིས་པ་བཤལ་ཡམས་དགྲ་ལ་ཟློག །རླུང་དབང་འཕྱོ་བ་དགྲ་ལ་ཟློག །ཁྲག་དང་འདུས་པ་དགྲ་ལ་ཟློག །བྷྱོཿ ཤར་གྱི་དཀར་མོ་སེང་གདོང་མས། །སྨྱོ་ནད་ཉེར་ལྔ་དགྲ་ལ་ཟློག །སྨྱོ་འབོག་བརྒྱལ་ནད་དགྲ་ལ་ཟློག །འགྱུར་བུ་འདིར་བུ་དགྲ་ལ་ཟློག །རླུང་སྨྱོ་ཆེན་མོ་དགྲ་ལ་ཟློག། བྷྱོཿ ལྷོ་ཡི་སེར་མོ་སྟག་གདོང་མས། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཟློག །མཛེ་ནད་འབྲུམ་ནད་དགྲ་ལ་ཟློག །སིབ་དང་བས་ལྡག་དགྲ་ལ་ཟློག །དྲེག་དང་གྲུམ་བུ་དགྲ་ལ་ཟློག །ལྷོག་པ་འབྲས་ཆེན་དགྲ་ལ་ཟློག །སྐེམ་དང་གཡེམ་པ་དགྲ་ལ་ཟློག །ཤུ་བ་རྒྱ་ཐོར་དགྲ་ལ་ཟློག །རླུང་སྐམ་འབྲས་ཆེན་དགྲ་ལ་ཟློག །ཕོལ་མིག་སྐེམ་པ་དགྲ་ལ་ཟློག་ཚབ་དང་སྣ་ནད་དགྲ་ལ་ཟློག །བྷྱོཿ ནུབ་ཀྱི་དམར་མོ་དྲེད་གདོང་མས། །རིམས་ནད་སྣ་ལྔ་དགྲ་ལ་ཟློག །ཀླད་གཟེར་བལ་ནད་དགྲ་ལ་ཟློག །རྒྱུ་གཟེར་བལ་ཚད་དགྲི་ལ་


CMR039_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །གློ་སྙིང་རིམས་གཟེར་དགྲ་ལ་ཟློག །བྷྱོཿ བྱང་གི་ལྡང་མོ་དོམ་གདོང་མས། །མཚོན་འཁྲུག་སྣ་དགུ་དགྲ་ལ་ཟློག །མདའ་གྲི་མདུང་གྲི་དགྲ་ལ་ཟློག །ཁ་ཊཾ་ཏྲི་ཤུལ་དགྲ་ལ་ཟློག །སྐྱོགས་དང་འུར་རྡོ་དགྲ་ལ་ཟློག །མཚོན་འཁྲུག་བསྐལ་པ་དགྲ་ལ་ཟློག །སརྦ་དྷཱ་ཀི་ནི་ཧཱུྃ་བྷྱོ་ཟློག་ཟློག །བྷྱོཿ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །ལྷ་ཆེན་དྲག་པོའི་གདུག་རྩུབ་ཟློག །ལྷ་ཆད་གནམ་ནས་བབ་བ་ཟློག །ལྷ་མ་ཡིན་གྱི་རྒྱུ་ཐབས་ཟློག །སྐེམ་བྱེད་ལྕགས་ཀྱུས་ཟིན་པར་ཟློག །དྲང་སྲོང་རྣམས་ཀྱི་༡། དམོད་པ་ཟློག །མ་མོའི་ཐུན་སྔགས་དམག་ཚོགས་ཟློག །ཕྲ་མེན་མ་ཡི་ཉེས་བྱེད་ཟློག །ས་བདག་ཀླུ་ཡི་གདུག་རྩུབ་ཟློག །ཕོ་ཉའི་རྦོད་གཏོང་བྱུང་བ་ཟློག །ཕུར་པའི་དབལ་ཁ་འཕེན་པ་ཟློག །ཡུངས་ཟོར་མདའ་ལྟར་འཕེན་པ་ཟློག །མུ་སྟེགས་བོན་པོའི་བྱད་ཟོར་ཟློག །བན་དེའི་ཧོམ་སྦར་ངན་སྔགས་ཟློག །ཞང་ཞུང་ཆེན་པོའི་ཛོ་དམར་ཟློག །སུམ་པའི་གླང་ཐབས་ལིང་སྐྱོག་ཟློག །མེ་ཉག་ལྟག་པའི་འབོ་ལེབ་ཟློག །ཁྱུང་པོའི་བཙན་དང་ངན་ཐབས་ཟློག །ཀླད་ན་ཐང་ཤ་འགྱེད་པ་ཟློག །ཡས་ཀྱི་བདུད་དུ་


CMR039_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་པ་ཟློག །མས་ཀྱི་སྲི་རུ་ལྡང་བ་ཟློག །དཔྲལ་བའི་གཤེད་དུ་འཁོར་བ་ཟློག །ལྟག་པའི་བདུད་དུ་བབ་པ་ཟློག །ཕོ་སྲི་མོ་སྲི་ཆུང་སྲི་ཟློག །དམ་སྲི་ཕུང་སྲི་དབུལ་སྲི་ཟློག །ཕ་མྱེས་དུར་སྲི་བཙན་སྲི་ཟློག །བདུད་ཀྱི་ལྟས་ངན་ཕྱག་བརྙན་ཟློག །ལོ་ཀག་གླིང་ཤང་གཤེད་སྲི་ཟློག །ལོ་ཀག་ཟླ་ཀག་ཞིག་ཀག་ཟློག །ས་ལ་ཞིག་རྩིས་འདེབས་པ་ཟློག །གནམ་ལ་གྲངས་རྩིས་འདེབས་པ་ཟློག །གཟའ་སྐར་ལོ་ཀག་ཟླ་ཀག་ཟློག །དུས་ཚོད་རྩིས་ལ་འདེབས་པ་ཟློག །གཤེད་ཁ་རྒོད་གཏོང་ཐམས་ཅད་ཟློག །གནམ་ནས་དལ་ཁ་བབ་པ་ཟློག །ས་ཡི་མི་ཁ་བྱུང་བ་ཟློག །ཐོག་དང་སེར་བ་འབེབས་པ་ཟློག །བྱ་ཉེས་དམེ་གྲིབ་ངན་པ་ཟློག །ཡུལ་མི་ཁྱིམ་མཚེས་དམོད་མོ་ཟློག །གཡས་ནས་ཕོ་བརྒྱས་མདའ་བདར་ཟློག །གཡས་ན་མོ་བརྒྱས་དུག་གཡོས་ཟློག། མདུན་ནས་རྩང་བཞིན་འཛུགས་པ་ཟློག །རྒྱབ་ན་ཁྱི་བཞིན་འབྲང་བ་ཟློག །མོ་ངན་སོག་པར་བཇིགས་པ་ཟློག །ངོ་ལ་གདོང་ཐུག་བྱེད་པ་ཟློག །ལྐོག་ནས་འབུ་བཞིན་གཡེང་བ་ཟློག །ལུས་ལ་ན་ཚ་གཏོང་བ་ཟློག །སེམས་ལ་སྡུག་བསྔལ་གཏོང་བ་ཟློག །ཚེ་ལ་བར་ཆད་བྱེད་


CMR039_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག །ཁ་རྗེ་ཟ་ཁ་འགག་པ་ཟློག །མོ་ངན་པྲ་ངན་བརྡེག་པ་ཟློག །རྨིས་ལྟས་མཚན་མ་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་དགུ་བཅུ་རྩ་གཅིག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །ཕ་ཚན་ནང་གི་རྒྱབ་འདྲེ་ཟློག །མ་མཚན་ངན་གི་སྟོང་འདྲེ་ཟློག །མ་བུའི་བྱུར་འདྲེ་བཟློག་ཏུ་གསོལ། །ཕས་ཀྱི་ཕུང་འདྲེ་བཟློག་ཏུ་གསོལ། །བྱུར་གྱི་སྣ་འདྲེ་བྱེད་པ་ཟློག །མི་ཁ་བྲ་མཆུ་བཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཧཱུྃ༔ སྨུག་ནག་གཡག་གི་མགོ་བོ་ཅན། །ཕྱག་ན་ཞིང་དབྱུག་བྷན་བསྣམས། །དམ་ཉམས་དགྲ་བོའི་ཤ་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་སེར་སྦྲུལ་གྱི་མགོ་བོ་ཅན། །ཕྱག་ན་སྤུ་གྲི་བྷནྡྷ་བསྣམས། །དམ་ཉམས་དགྲ་བོའི་ཁྲག་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དཀར་དམར་སྲེ་མོང་མགོ་བོ་ཅན། །ཕྱག་ན་ཞིང་དབྱུག་བྷན་བསྣམས། །དམ་ཉམས་དགྲ་བོའི་པགས་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སེར་ནག་ཕ་ཝང་མགོ་བོ་ཅན། །ཕྱག་ན་ཞིང་དབྱུག་བྷན་


CMR039_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །དམ་ཉམས་དགྲ་བོའི་རུས་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་སེར་དྲེད་ཀྱི་མགོ་བོ་ཅན། །ཕྱག་ན་ཞིང་དབྱུག་བྷན་དམར་ཐོགས། །དམ་ཉམས་དགྲ་བོའི་རྒྱུས་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་སེར་དོམ་གྱི་མགོ་བོ་ཅན། །ཕྱག་ན་དབྱུག་ཏོ་བྷནྡྷ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སྔོ་ནག་ཆུ་སྲིན་མགོ་བོ་ཅན། །ཕྱག་ན་བམ་རིལ་བྷནྡྷ་བསྣམས། །དམ་ཉམས་དགྲ་བོའི་དབུགས་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སྔོ་སྐྱ་སྡིག་པའི་མགོ་བོ་ཅན། །ཕྱག་ན་གློ་སྙིང་བྷནྡྷ་བསྣམས། །དམ་ཉམས་དགྲ་བོའི་སྲོག་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སེར་ནག་ཁྲ་ཡི་མགོ་བོ་ཅན། །ཕྱག་ན་བེ་ཅོན་དུང་དམར་བསྣམས། །དམ་ཉམས་དགྲ་བོའི་གློ་སྙིང་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །མཐིང་ནག་སྟག་གི་མགོ་བོ་ཅན། །ཕྱག་ན་ཞིང་དབྱུག་བྷན་བསྣམས། །དགྲ་བོའི་རྒྱུ་ཁྲག་ལོངས་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་ནག་བྱ་རྒོད་མགོ་བོ་ཅན། །ཕྱག་ན་


CMR039_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག་བྷནྡྷ་བསྣམས། །དགྲ་བོའི་དབང་པོ་ལྔ་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་ནག་རྟ་ཡི་མགོ་བོ་ཅན། །ཕྱག་ན་རྡོར་དབྱུག་བྷནྡྷ་བསྣམས། །དགྲ་བོའི་ཕུང་པོ་ལྔ་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་སེར་བྱི་ལའི་མགོ་བོ་ཅན། །ཕྱག་ན་སྤུ་གྲི་བྷནྡྷ་བསྣམས། །དམ་ཉམས་དགྲ་བོའི་བླ་ཚེ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སེར་ནག་གཟིག་གི་མགོ་བོ་ཅན། །ཕྱག་ན་རྡོར་དབྱུག་བྷན་དམར་བསྣམས། །དགྲ་བོའི་ཁམས་ཆེན་བཅོ་བརྒྱད་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་སེར་ཁྱུང་གི་མགོ་བོ་ཅན། །ཕྱག་ན་རྡོ་རྗེ་བྷན་དམར་བསྣམས། །དགྲ་བོའི་སྐྱེ་མཆེད་བཅུ་གཉིས་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་ནག་ཁྱི་ཡི་མགོ་བོ་ཅན། །ཕྱག་ན་ཙིཏྟ་བྷན་དམར་བསྣམས། །དགྲ་བོའི་རྣམ་ཤེས་ཚོགས་བརྒྱད་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དཀར་དམར་པུ་ཤུད་མགོ་བོ་ཅན། །ཕྱག་ན་པདྨ་བྷན་དམར་བསྣམས། །དགྲ་བོའི་ཡན་ལག་ལྔ་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །ལྗང་སེར་ཤ་


CMR039_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མགོ་བོ་ཅན། །ཕྱག་ན་ཞིང་ཆེན་བྷན་དམར་བསྣམས། །དགྲ་བོའི་སྙིང་ཁྲག་རྩ་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་ནག་ཁྭ་ཏའི་མགོ་བོ་ཅན། །ཕྱག་ན་རྗེའུ་ཆུང་བྷན་དམར་བསྣམས། །དམ་ཉམས་དགྲ་བོའི་མགོ་ལ་རོལ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །ལྗང་ནག་སྲིན་བྱའི་མགོ་བོ་ཅན། །ཕྱག་ན་རྒྱུ་ཞགས་བྷན་དམར་བསྣམས། །ཕུང་ཐལ་སྣ་ཚོགས་དགྲ་ལ་ཐོངས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་སེར་ཕག་གི་མགོ་བོ་ཅན། །ཕྱག་ན་རྩེ་ལྔ་བྷན་དམར་བསྣམས། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཕོབ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སེར་ནག་ཁྱུང་ཀའི་མགོ་བོ་ཅན། །ཕྱག་ན་རྒྱུ་ཞགས་བྷན་དམར་བསྣམས། །སྨྱོ་བའི་ཉེར་ལྔ་དགྲ་ལ་ཐོངས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །ལྗང་ནག་བ་གླང་མགོ་བོ་ཅན། །ཕྱག་ན་ཞིང་བམ་བྷན་དམར་བསྣམས། །མཚོན་འཁྲུག་ལྕེབས་གྲི་དགྲ་ལ་ཐོངས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སྔོ་སྐྱ་བྱ་རོག་མགོ་བོ་ཅན། །ཕྱག་ན་ཟངས་གྲི་བྷན་དམར་བསྣམས། །དུས་འཁྲུགས་མཚོན་ཆར་དགྲ་ལ་ཐོངས། །བཟློག་


CMR039_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྒྱུར་བའི་དུས་ལ་བབ། །ནག་མོ་ཁུ་བྱུག་མགོ་བོ་ཅན། །ཕྱག་ན་ལྕགས་ཀྱུ་བྷན་དམར་བསྣམས། །དལ་ཡམས་སྣ་ཚོགས་དགྲ་ལ་ཐོངས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སྔོན་མོ་ར་ཡི་མགོ་བོ་ཅན། །ཕྱག་ན་ཞགས་པ་མདུང་དམར་བསྣམས། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆད། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དམར་མོ་སྤྲེའུ་མགོ་བོ་ཅན། །ཕྱག་ན་ལྕགས་སྒྲོག་བྷན་དམར་བསྣམས། །ལྟས་ངན་སྣ་ཚོགས་དགྲ་ལ་ཐོངས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །ལྗང་ནག་སྤྱང་མོའི་མགོ་བོ་ཅན། །ཕྱག་ན་དྲིལ་བུ་བྷན་དམར་བསྣམས། །གཏད་ཁྲམ་སེལ་ངན་དགྲ་ལ་ཐོངས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི། །མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་ཤིང་། །དགྲ་བགེགས་བསྒྲལ་བར་དམ་བཅས་བའི། །ཁས་བླངས་དམ་བཅས་མ་གཡེལ་བར། །བརྣག་པའི་ལས་ལ་མཐུ་མ་ཆུང་། །གང་ལ་བྱ་བ་ཁྱེད་ཀྱིས་ཤེས། །བརྣག་པའི་དགྲ་བགེགས་ཐམས་ཅད་སྒྲོལ། །ཕ་རོལ་


CMR039_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྦོད་གཏོང་རྦད་འདྲེ་ཟློག །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །བཟློག་ཅིང་བསྒྱུར་བའི་ལས་མཛོད་ཅིག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག་གློ་བུར་དགུ་བཅུ་རྩ་རྩ་ཟློག །དུས་མིན་འཆི་བ་རྣམས་བརྒྱད་ཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག །རྨི་ལམ་མཚན་ལྟས་ངན་པ་ཟློག །རྦོད་གཏོང་རྦད་འདྲེ་ཐམས་ཅད་ཟློག །བྱད་ཟོར་གཏད་ཁྲམ་ཐམས་ཅད་ཟློག །ལྷ་འདྲེའི་དལ་ཁ་བབ་པ་ཟློག །གནམ་ལ་བྱ་རྒོད་སྡེར་འཛིངས་བཟློག་་ས་ལ་གཅན་གཟན་མཆེ་འཛིངས་ཟློག །ཡུལ་དུ་ཝ་སྤྱང་དུ་བ་ཟློག །འུག་པས་ཧ་ཧ་རྒོད་པ་ཟློག །སྲིན་བྱས་རོ་བྱུང་ཟེར་བ་ཟློག །སྲོད་ལ་ཁྱིམ་བྱས་འབོད་པ་ཟློག །ནམ་གུང་འོག་རྟ་མཚེར་བ་ཟློག །ཐོ་རངས་སྒོ་ཁྱིས་ངུ་བ་ཟློག །སྟེང་ནས་གཟའ་སྐར་དལ་ཁ་ཟློག །འོག་ནས་ཀླུ་ཡི་གཏོང་རིགས་ཟློག །བར་ནས་སྡེ་བརྒྱད་གཡོས་པ་ཟློག །བཟློག་གོ་དམར་ཆེན་གཏོར་མས་བཟློག །སྒྱུར་རོ་དམ་ཉམས་དགྲ་ལ་བསྒྱུར། །བཛྲ་མ་ནུ་རཀྟ་སི་བྷྱོཿ བྲ་ཧྥ་ཎཱི་བྷྱོཿ རོའུ་ཏྲི་མ་བྷྱོཿ བྷ་ན་བྷེབྷྱོཿ ཀུ་


CMR039_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་རཱི་བྷྱོཿ ཨིནྡྲ་མ་བྷྱོཿ ཀཱ་ལ་མ་བྷྱོཿ བཛྲ་བྷི་ཀ་ལ་མ་བྷྱོཿ ཨ་མྲྀ་ཏཾ་བྷྱོཿ སོའུ་མ་བྷྱོཿ ཏ་ན་ཧ་བྷྱོཿ རཀཱ་སི་བྷྱོཿ བྷཀྵ་སི་དྡྷོ༔ ཙ་ཀ་ལ་མ་བྷྱོཿ བཛྲ་ར་ཏྲི་མ་བྷྱོཿ རུ་དྷི་ར་མ་བྷྱོཿ ཨེ་ཀ་ཙ་ར་མ་བྷྱོཿ མ་ནུ་ཧ་ར་མ་བྷྱོཿ སིདྡྷི་ཀཾ་བྷྱོཿ བྷ་ཡ་བྷུ་བྷྱོཿ ཀུ་ལ་མ་བྷྱོཿ བཛྲ་མཱ་རཱ་ཎ་བྷྱོཿ ཨགྷ་ཡེ་བྷྱོཿ བྷ་ར་ཧི་བྷྱོཿ ཙ་མུནྟི་བྷྱོཿ ཨུ་དྷ་མ་བྷྱོཿ བ་རུ་ན་བྷྱོཿ ལཾ་བོ་དྷ་ར་བྷྱོཿ དེ་ནས་གཏོར་ཆུང་ཤ་དུམ་དང་བཅས་པ་ལྔ་བཤམས་ལ་བྲན། དེ་དག་སོ་སོར་འབུལ་ལམ་དུས་གཅིག་ཕུལ་ཀྱང་ཆོག་སྟེ། ཨོཾ་ཨཱཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ། བྷྱོཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །བྱད་ཁ་ཐམས་ཅད་བཟློག་མཛད་མ། །སྐུ་མདོག་དམར་ནག་ལྕགས་སྲེག་མདོག །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོས། །ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། །སྐུ་སྨད་ལྕགས་སྲེག་ཕུར་པ་འདྲིལ། །གདོན་བྱད་དགྲ་བགེགས་བྱད་མ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་རིགས་ཀྱི་བྱད་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤར་ནས་དཀར་མོ་སེང་གདོང་མ། །ཕྱག་ན་ཟངས་གྲི་


CMR039_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་འཛིན། །ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འདྲིལ། །གནོད་བྱེད་དགྲ་བགེགས་སྙིང་ལ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྡོ་རྗེ་རིགས་ཀྱི་བྱད་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷོ་ནས་སེར་མོ་སྟག་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འདྲིལ། །གནོད་བྱེད་དགྲ་བགེགས་སྙིང་ལ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རིན་ཆེན་རིགས་ཀྱི་བྱད་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནུབ་ནས་དམར་མོ་དྲེད་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འདྲིལ། །གནོད་བྱེད་དགྲ་བགེགས་སྙིང་ལ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །པདྨ་རིགས་ཀྱི་བྱད་ཁ་བཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་ན་ནག་མོ་སེང་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འདྲིལ། །གནོད་བྱེད་


CMR039_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྙིང་ལ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ལས་ཀྱི་རིགས་ཀྱི་བྱད་ཁ་བཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོཿ རྡོ་རྗེ་དབང་ཕྱུག་མ་བདུན་ནི། །སྲིན་མོ་ཚངས་མ་ལ་སོགས་པ། །རིག་འཛིན་ཀུན་གྱི་ཡུམ་གཅིག་མ། །ཁྱད་པར་རྣལ་འབྱོར་བདག་གི་མ། །ཡུམ་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །རིན་ཆེན་དབང་ཕྱུག་སྲིང་བདུན་ནི། །རྡོ་རྗེ་བདུད་རྩི་ལ་སོགས་པ། །རིག་འཛིན་ཀུན་གྱི་སྲིང་མོ་སྟེ། །ཁྱད་པར་བློ་རྣལ་འབྱོར་བདག་གི་སྲིང་། །སྲིང་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །པདྨ་དབང་ཕྱུག་མཛའ་བདུན་ནི། །དགའ་བ་སྟོབས་ཆེན་ལ་སོགས་པ། །རིག་འཛིན་ཀུན་གྱི་མཛའ་མོ་སྟེ། །ཁྱད་པར་རྣལ་འབྱོར་བདག་གི་གྲོགས། །གྲོགས་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །ལས་ཀྱི་དབང་ཕྱུག་བྲན་བདུན་ནི། །གསོད་བྱེད་མ་མོ་ལ་སོགས་པ། །རིག་འཛིན་ཀུན་གྱི་བྲན་མོ་སྟེ། །ཁྱད་པར་རྣལ་འབྱོར་བདག་གི་བྲན། །བྲན་གཅིག་


CMR039_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་ལ་ལྷན་ཅིག་བཞེས། །ཧཱུྃ། གདུག་རྩུབ་དྲག་པོའི་ཟོར་མདོས་འདིས། །ད་ནི་བཟློག་སྒྱུར་དུས་ལ་བབ། །སྟེང་ཕྱོགས་ལྷ་ཡི་གདུག་པ་དང་། །འོག་ཕྱོགས་ཀླུ་ཡི་གདུག་པ་དང་། །བར་སྣང་གཉན་གྱི་གདུག་རྩུབ་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །གནམ་ལོ་རྒྱལ་པོའི་ཀག་ཆེན་དང་། །ཟླ་བ་བློན་པོའི་མཆིད་འཚལ་དང་། །ཞག་གི་དམག་མའི་སྣ་དྲངས་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །དུས་ཚོད་མཚོན་ཆའི་བདུད་གཅོད་དང་། །དགྲ་འདྲེ་བྱུར་གསུམ་མི་ཁ་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །སྤར་ཁ་རུས་པའི་གཏིང་ཚིག་དང་། །སྨེ་བ་ཤ་ཡི་རྒྱ་རལོ་དང་། །དར་རྒུད་ལྤགས་པ་རལ་བ་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །ཤིང་སོགས་འབྱུང་ལྔའི་ས་བདག་དང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི། །བསམ་སྦྱོར་གདུག་རྩུབ་ངན་པ་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་དང་། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་རྣམས། །དམར་


CMR039_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཟོར་གྱིས་བཟློག་ཏུ་གསོལ། །སྲེ་མོང་བྱི་རོ་ཁུར་བ་དང་། །ནལ་ཕྲུག་འོང་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །རྨོས་གླང་བྲེས་ནས་འདུན་པ་ནི། །ས་བདག་གནོད་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །སྦྲ་ཡི་གུང་ཤིང་ཆག་པ་དེ། །ཕོ་ལྷ་གྱེས་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །རི་དྭགས་ཁྱིམ་དུ་འོང་བ་ནི། །མ་དང་བུ་མོའི་ནལ་སྡིག་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །ར་ལུག་གཤའ་སྦྱད་ཁྱེར་བ་ནི། །ཡུལ་ཕུད་འོང་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །སྦལ་སྦྲུལ་ཁྱིམ་དུ་འོང་བ་ནི། །བུ་སྲིང་བྱེ་ཡུགས་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །དྲེལ་རྟའི་རྔ་རྔོག་འཆའ་བ་ནི། །མཚོན་ཆ་གཡོས་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །ལུག་ཤ་ལག་པྲ་ངན་པ་དང་། །ར་ལུག་ཆད་ལྷག་མང་བ་དང་། །སོག་པའི་མེ་ལོང་རྡོལ་བ་རྣམས། །རིམས་ནད་འོང་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །ཕ་སྤུན་ཟོར་ཁ་སྡིག་ག་པ་


CMR039_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ལྟས་ངན་བྱེ་བྲལ་མང་བ་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །འུག་པ་སྒོ་ནས་རྒོད་པ་དང་། །སྲིན་བྱས་ཉིན་པར་ཀུས་འདེབས་རྣམས། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །སྒོ་ཁྱི་ངུ་ཟུག་བྱེད་པ་ནི། །བུ་ཚ་དྭ་ཕྲུག་ལུས་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །བྱི་ལོང་ལམ་ཁར་མོང་བ་དང། །བུད་མེད་ནག་མོས་ཅོ་འཛིན་ནི། །ཉེས་པ་ཀུན་གྱི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་བཟློག་ཏུ་གསོལ། །ལྟས་ངན་ཐམས་ཅད་ཟོར་གྱིས་ཟློག །སྐྱེས་པ་ཕོ་ཡི་རུས་འདྲེ་བསྒྱུར་དུ་གསོལ། །ཟ་མ་མོ་ཡི་སྐག་འདྲེ་བསྒྱུར་དུ་གསོལ། །གཉེན་ཕྱོགས་གཉེན་འདྲེ་འཁོར་བ་བསྒྱུར་དུ་གསོལ། །ཕ་མྱེས་བསྒྲེན་འདྲེ་བསྒྱུར་དུ་གསོལ། །ལྟས་ངན་ཆེ་དགུ་བསྒྱུར་དུ་གསོལ། །ཁང་ཁྱིམ་བཀྲག་མདངས་བསྒྱུར་དུ་གསོལ། །དུར་སར་ཝ་མོ་བརྒྱལ་པ་ཟློག །དེ་ཕོའི་སྲོད་ལ་འབོད་པ་ཟློག །ཐོ་རངས་སྒོ་ཁྱི་ངུ་བ་ཟློག །ཕུ་ཡི་ཤ་ཕོ་རུ་འཛིངས་ཟློག །མདའ་ཡི་ཉ་མོ་རྔ་འཛིངས་ཟློས། །བར་གྱི་བྱ་དོད་སྡེར་འཛིངས་ཟློག །སྲིན་བྱས་ཕུང་ཕུང་ཟེར་བ་ཟློག །སྦྲུལ་ནག་ལམ་ལ་ཉལ་པ་ཟློག་


CMR039_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ཀྱི་འགྲམ་འཁྲུག་ངན་པ་ཟློག །མཚེ་བ་མང་པོ་བཟློག་ཅིང་བསྒྱུར་དུ་གསོལ། །བཟློག་བསྒྱུར་ཆེན་པོ་དུས་ལ་བབ། །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །དེ་ཡན་ཟློག་པའི་གཞུང་དེ་ཉིད། །ཞག་གསུམ་ལྔ་བདུན་ལ་སོགས་པ། །བསྒྲུབས་པས་ཉིན་རེ་དུས་གསུམ་འདོན། །ཉིན་རྫོགས་བྱེད་ན་ཚར་གྲངས་ནི། །གསུམ་ལྔ་བདུན་དགུ་སྐབས་དང་བསྟུན། །དེ་ནས་འབུལ་ཁར་དཀར་གཏོར་འབུལ། །གསེར་སྐྱེམས་སྤྱི་ལྟར་མཆོད་བྱས་ལ། །ཁྱིམ་དེར་རྐྱེན་ཆགས་ཆེ་བ་ནི། །ཁྱིམ་དེའི་ཕྱོགས་ནི་གཙང་ཕྱོགས་སུ། །སླ་ངའི་ནང་དུ་ལིངྒ་བཞག །དགུག་གཞུག་བྱས་ལ་ཟོར་རྣམས་ནི། །བསྲུང་བྱ་ཡོན་བདག་ཐམས་ཅད་ཀྱིས། །གཅིག་གིས་གཅིག་གཏད་ལག་འགྲིམ་བྱ། །དང་པོ་སློབ་དཔོན་ཉིད་ཀྱིས་གཏད། །མཐར་ནི་མཆོད་གཡོག་པ་གཅིག་གིས། །ལིངྒ་ཉིད་ལ་རྒྱབ་ཏུ་བཅུག་ག། རི་ལ་འབུལ་ན་ཕྱོགས་གཙང་སར། །ལིངྒ་བཅུག་ལ་དགུག་གཞུག་བྱ། །སྔགས་པ་ཉིད་ཀྱིས་ལིངྒར་བརྒྱབ། །དམག་ཐབས་ཡིན་ཕྱིར་བསྐུལ་པ་ཡང་། །འདི་ལྟར་གོ་ལྡོག་མཇུག་ནས་འདོན། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེན་གྲུབ་ཀུན་གྱི་བདེན་སྟོབས་དང་། །མ་མོ་མཁའ་འགྲོའི་མཐུ་སྟོབས་ཀྱིས། །བདག་དང་བསྲུང་བྱ་འདི་དག་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ནད་


CMR039_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདོན་དང་བར་ཆད་རྐྱེན། །བྱད་ཁ་ཆག་ཆེན་ཉམ་ང་ཀུན། །ལིངྒ་འདི་ལ་མྱུར་དུ་ཁུག །བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ རོལ་ཆེན་དང་བཅས་ལན་གསུམ་བརྗོད། །བྷྱོཿ དཔལ་གྱི་བཀའ་ཉན་ལས་བྱེད་མ། །མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་སྟེ་སྤྱི་བོ་ཡི། །གཙུག་ཏུ་བླངས་ཏེ་བཀུར་བར་བྱའོ། །དེ་སྐད་ཁྱོད་ཀྱིས་ཞལ་བཞེས་པས། །དཔལ་གྱི་བཀའ་བཞིན་བདག་སྒྲུབ་ཀྱིས། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །བྷྱོཿ གསོད་བྱེད་ལྗང་ནག་རལ་གྲི་འཕྱར། །སྤྱང་མོའི་མགོ་ཅན་དུས་ལ་བབ། །མེ་མོ་དམར་མོ་གསལ་ཤིང་འཛིན། །སྐྱིན་བུའི་མགོ་ཅན་དུས་ལ་བབ། །ཕག་མོ་ནག་མོ་མཆེ་ཞགས་བསྣམས། །ཕག་གི་མགོ་ཅན་དུས་ལ་བབ། །སྐེམ་བྱེད་དམར་མོ་ཞིང་ཆུང་ཟ། ཁྭ་ཏའི་མགོ་ཅན་དུས་ལ་བབ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་། །བ་གླང་མགོ་ཅན་དུས་ལ་བབ། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །བྱ་རོག་མགོ་ཅན་དུས་ལ་བབ། །གསུས་འཛིན་སེར་ནག་


CMR039_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འཛིན། །སྐྱ་གའི་མགོ་ཅན་དུས་ལ་བབ། །བསྔགས་ཤིང་བསྐུལ་བ་ང་ཡི་བྱེད། །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛད། །བྷྱོཿས་ཡ་སི༔ གནོད་བྱེད་དགྲ་བགེགས་མ་རཱ་ཡ་ཐུན་བྷྱོཿ ཅེས་བྱང་གི་ཟོར་ཆུང་བདུན་སྔགས་ཏེ་བརྗོད་ཅིང་འཕང་ངོ། །དེ་བཞིན་དུ། བྷྱོཿ དགའ་བ་དམར་མོ་རྐེ་དར་འཆང་། །བྱ་རྒོད་མགོ་ཅན་དུས་ལ་བབ། །སྟོབས་ཆེན་དཀར་མོ་ཐོང་གཤོལ་འཛིན། །རྟ་ཡི་མགོ་ཅན་དུས་ལ་བབ། །སྤྱི་སྤྱོད་སྔོན་མོ་སྤུ་གྲིས་གཅོད། །།བྱི་ལའི་མགོ་ཅན་དུས་ལ་བབ། །འདོད་པ་དམར་མོ་མདའ་གཞུ་འགེངས། ཁྱི་ཡི་མགོ་ཅན་དུས་ལ་བབ། །ནོར་སྲུང་དཀར་མོ་བུམ་པ་འཛིན། །པུ་ཤུད་མགོ་ཅན་དུས་ལ་བབ། །རླུང་ལྷ་སྔོན་མོ་བ་དན་ཕྱིར། །ཤ་བའི་མགོ་ཅན་དུས་ལ་བབ། །བུམ་རྣ་དམར་ནག་ལྕགས་སྒྲོག་བསྡམས། །སྤྲེའུ་མགོ་ཅན་དུས་ལ་བབ། །བསྔགས་ཤིང་བསྐུལ་བ་ང་ཡི་བྱེད། །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །བྷྱོ་ས་ཡ་སི། གནོད་བྱེད་དགྲ་བགེགས་མ་རཱ་ཡ་ཐུན་བྷྱོཿ ཞེས་ནུབ་ཀྱི་ཟོར་ཆུང་བདུན་འཕང་ངོ། བྷྱོཿ རྡོ་རྗེ་སེར་མོ་ཁྲག་ཆེན་འཐུང་། །དོམ་གྱི་མགོ་ཅན་དུས་ལ་བབ། །བདུད་རྩི་དམར་


CMR039_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བུམ་པ་འཛིན། །ཆུ་སྲིན་མགོ་ཅན་དུས་ལ་བབ། །ཟླ་བ་དཀར་མོ་པུནྣ་འཛིན། །སྡིག་པའི་མགོ་ཅན་དུས་ལ་བབ། །བེ་ཅོན་མཐིང་ནག་དབྱུག་ཐོ་ཕྱར། །ཁྲ་ཡི་མགོ་ཅན་དུས་ལ་བབ། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཝ་ཡི་མགོ་ཅན་དུས་ལ་བབ། །བྱ་བ་ལྗང་ནག་བ་སུ་འདྲེན། །སྟག་གི་མགོ་ཅན་དུས་ལ་བབ། །ར་གདོང་སྔོན་མོ་ཞགས་པ་ཐོགས། །ར་ཡི་མགོ་ཅན་དུས་ལ་བབ། །བསྔགས་ཤིང་བསྐུལ་བ་ང་ཡིས་བྱེད། །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །བྷྱོ་ས་ཡ་སི༔ གནོད་བྱེད་དགྲ་བགེགས་མ་རཱ་ཡ་ཐུན་བྷྱོཿ ལྷོའི་ཟོར་ཆུང་བདུན་འཕང་། བྷྱོཿ སྲིན་མོ་སྨུག་ནག་ཐོད་རློན་འཆང་། །གཡག་གི་མགོ་ཅན་དུས་ལ་བ། །ཚངས་པ་དམར་སེར་པདྨ་འཛིན། །སྦྲུལ་གྱི་མགོ་ཅན་དུས་ལ་བབ། །ལྷ་ཆེན་དཀར་ལྡང་ཏྲི་ཤུལ་ཐོགས། །གཟིག་གི་མགོ་ཅན་དུས་ལ་བབ། །གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་། །སྲེ་མོང་མགོ་ཅན་དུས་ལ་བབ།། གཞོན་ནུ་དམར་མོ་མདུང་ཐུང་འཕེན། །ཕག་གི་མགོ་ཅན་དུས་ལ་བབ། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །ཁྱུང་གི་མགོ་ཅན་དུས་ལ་བབ། །རྡོ་རྗེ་ནག་མོ་


CMR039_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་འཛིན། །ཁུ་བྱུག་མགོ་ཅན་དུས་ལ་བབ། །བསྔགས་ཤིང་བསྐུལ་བ་ང་ཡི་བྱེད། །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། བྷྱོཿས་ཡ་སི༔ གནོད་བྱེད་དགྲ་བགེགས་མ་རཱ་ཡ་ཐུན་བྷྱོཿ ཤར་གྱི་ཟོར་ཆུང་བདུན་འཕང་། སཿ དོམ་གདོང་ནག་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་དང་། །ཀརྨ་རིགས་ཀྱིས་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོ་བྷྱོ་དུ་དུ་ཙ་ཤ་ནན། ཨཿཀ་མ་ནུ་ཁྲོམ་བྷྱོ། ཤད་བུ་གྱེན་བུ་ནན། ས་ར་མ་ནི་ཁྲོམ་བྷྱོ། ཏྲ་ནི་ཏྲ་ནི་ནན། ནི་ལི་དྷ་ར་ཁྲོམ་བྷྱོ། ཏྲི་ཕུ་ཏྲི་ཕུ་ནན། ཧྲཱིཿཤ་ཏྲ་ཁྲོམ་བྷྱོ། དུན། ཏིང་དུ་ནན། ཨ་ཧྲིནི་ས་བྷྱོ། བྱད་མ་ལྷ་སྲུང་བཅས་པ་མཱ་ར་ཡ་ཕཊ༔ ཅེས་བསྙེན་པའི་སྔགས་རིང་བརྗོད་ཅིང་བྱང་གི་གཏོར་མ་བྱང་དུ་གདེངས་ཙམ་བྱས་ལ་ལིངྒར་རྒྱབ། དྲེད་གདོང་དམར་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་དང་། །པདྨ་རིགས་ཀྱིས་བྱེད་མ་ཟློག །ཉམས་


CMR039_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷ་སྲུང་བཅས་པ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །ཧཱུྃ་ཧཱུྃ་ཏྲི་མ་ནུ་ཁྲོ་བྷྱོཿ དུ་དུ་ཙ་ཤ་ནན། ཨཀ་མ་ནུ་ཁྲོམ་བྷྱོ། ཤོད་བུ་གྱེན་བུ་ནན། ས་ར་མ་ནི་ཁྲོམ་བྷྱོ་ཏྲ་ནི་ཏྲ་ནི་ནན། ནི་ལི་དྷ་ར་ཁྲོམ་བློ། ཏྲི་ཕུ་ཏྲི་ཕུ་ནན། ཧྲཱིཿཤ་ཏྲ་ཁྲོམ་བྷྱོ། དུན་ཏིང་དུ་ནན། ཨ་ཧྲཱིཿཝཿནི་ས་བྷྱོ། བྱད་མ་ལྷ་སྲུང་བཅས་པ་མཱ་ར་ཡ་ཕཊ༔ ཅེས་བསྙེན་པའི་སྔགས་རིང་བརྗོད་ཅིང་ནུབ་ཀྱི་གཏོར་མ་ནུབ་ཏུ་གདངས་ཙམ་བྱས་ལ་ལིངྒར་རྒྱབ། སྟག་གདོང་སེར་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་དང་། །རིན་ཆེན་རིགས་ཀྱིས་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོ་བྷྱོཿ དུ་དུ་ཙ་ཤ་ནན། ཨཀ་མ་ནུ་ཁྲོམ་བྷྱོ། ཤད་བུ་གྱེན་བུ་ནན། ས་ར་མ་ནི་ཁྲོམ་བྷྱོ། ཏྲ་ནི་ཏྲ་ནི་ནན། ནི་ལི་དྷ་ར་ཁྲོམ་བྷྱོ། ཏྲི་ཕུ་ཏྲི་ཕུ་ནན། དྭིཤ་ཏྲ་ཁྲོམ་སྦྱོ། །དུན་ཏིང་དུ་ནན། ཨ་ཧིན་ས་བྷྱོ། བྱད་མ་ལྷ་སྲུང་བཅས་པ་མཱ་ར་ཡ་ཕཊ༔ ཅེས་བསྙེན་པའི་སྔགས་རིང་བརྗོད་ཅིང་ལྷོའི་གཏོར་མ་ལྷོར་གདེངས་ཙམ་བྱས་ལ་ལིངྒར་རྒྱབ། སེང་གདོང་དཀར་


CMR039_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་དང་། །རྡོ་རྗེ་རིགས་ཀྱིས་བྱེད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོ་བྷྱོཿ དུ་དུ་ཙ་ཤ་ནན། ཨཀ་མ་ནུ་ཁྲོམ་བྷྱོ། ཤད་བུ་གྱེན་བུ་ནིན། ས་ར་མ་ནི་ཁྲོམ་བློ། ཏྲ་ནི་ཏྲ་ནི་ནན། ནི་ལི་དྷ་ར་ཁྲོམ་བྷྱོ། ཏྲི་ཕུ་ཏྲི་ཕུ་ནན། དྭིཤ་ཏྲ་ཁྲོམ་བྷྱོ། དུན་ཏིང་དུ་ནན། ཨ་ཧྲིནི་ས་བྷྱོ། བྱད་མ་ལྷ་སྲུང་བཅས་པ་མཱ་ར་ཡ་ཕཊ༔ ཅེས་བསྙེན་པའི་སྔགས་རིང་བརྗོད་ཅིང་ཤར་གྱི་གཏོར་མ་ཤར་དུ་གདེངས་ཙམ་བྱས་ལ་ལིངྒར་རྒྱབ། བྷྱོཿ བྱད་ཟློག་ལྷ་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་དང་། །སངས་རྒྱས་རིགས་ཀྱིས་བྱད་མ་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །བློ་ཧཱུྃ་ཏྲི་མ་ནུ་ཁྲོ་དུ་དུ་ཙ་ཤ་ནན། ཨཀ་མ་ནུ་ཁྲོམ་བྷྱོ། ཤད་བུ་གྱེན་བུ་ནན། ས་ར་མ་ནི་ཁྲོམ་བྷྱོ། ཏྲ་ནི་ཏྲ་ནི་ནན། ནི་ལི་དྷ་ར་ཁྲོམ་བྷྱོ། ཏྲི་ཕུ་ཏྲི་ཕུ་ནན། ཧྲཱིཿཤ་


CMR039_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཁྲོམ་བྷྱོ། དུན་ཏིང་དུ་ནན། ཨ་ཧྲིནི་ས་བྷྱོ། བྱད་མ་ལྷ་སྲུང་བཅས་པ་མཱ་ར་ཡ་ཕཊ༔ ཅེས་དབུས་ཀྱི་ཟོར་མ་འཕངས། དེ་ནས་ཟོར་རྣམས་ཐམས་ཅད་བསྡུས་བྱས་ལ་གཏོར་མའི་རིགས་རྣམས་བྱ་ཁྱིས་ཟ་རྒྱུ་གཏོར། སའི་ཀོང་ཟོར་ཐམས་ཅད་བཅག་སྟེ་གཏོར། རྩང་རྣམས་ཐམས་ཅད་བསྡུས་ཏེ་མེ་ལ་བསྲེག །བྱད་ཟློག་ལྷ་མོ་མཆེད་ལྔ་དང་། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀུན། །མ་མོ་མཁའ་འགྲོ་བཞུགས་པའི་གནས། །བྱང་ཤར་ཆོས་ཀྱི་དབྱིངས་སུ་གཤེགས། །སརྦ་ཛྙཱ་ན་དྷ་ཀི་ཤྭ་རི་བཛྲ་མུཿ༔ དེ་ནས་གཏོར་སྣོད་ཐམས་ཅད་མདུན་དུ་སྦུབས། རི་ལ་ཡིན་ན་དར་ནག་དྲིལ་ཏེ་སྟེང་དུ་བཟུང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ རང་ཉིད་དྲན་རྫོགས་མཁའ་འགྲོ་སེང་གདོང་མ། །གྲི་ཐོད་ཁ་ཊཾ་འཛིན་ཞིང་གར་སྟབས་མཛད།། །གནོད་བྱེད་གདོན་བགེགས་དམ་སྲི་ཐམས་ཅད་ནི། །རྒྱ་ཁབ་ས་འབོལ་ནང་དུ་བརྡབ་པ་ལྟར། །རིམ་དགུའི་ས་ཡི་འོག་ཏུ་ཏ་ལེར་སོང་། །གཏོར་གཞོང་རི་རབ་གླིང་བཞིའི་སྟེང་ནས་ནོན། །བྱམས་མགོན་མ་བྱོན་མར་དུ་མ་ལྡང་ཞིག །རྡོ་རྗེ་རྒྱ་གྲམ་དུ་རྒྱས་བཏབ་ལ། །ༀ་ལཾ་ཧཱུྃ་ལཾ་སུཾ་བྷ་ཡ་ནན། དེ་ནས་ཕྱི་མིག་མི་ལྟ་ནང་དུ་ལོག །བཀྲ་ཤིས་གང་ཤེས་བརྗོད་པ་མ་གཏོགས་པར། །རྗེས་ཆོག་གཞན་ནི་འདི་ལ་མི་


CMR039_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །སྤར་ཁ་ལི་ལ་རྩུབ་ལ་སྤར་ཁའི་བཅོས། །བྱད་ཟློག་རིགས་ལ་འདི་བས་ལྷག་པ་མེད། །ནད་རིམས་རྐྱེན་ངན་དྲག་པོ་ཀུན་ལ་ཕན། །དེ་ཕྱིར་དབང་ཕྱུག་མ་ཡི་ཟོར་མདོས་འདི། །མོ་རྩིས་གཞུང་ཆེན་ཀུན་ནས་ལུང་སྟོན་པའི། །ཇི་བཞིན་ཤེས་མཁན་ཉིན་མོའི་སྐར་མ་ཙམ། །སྔར་གྱི་རྙིང་མའི་དཔེ་རྒྱུད་འགའ་མཆིས་ཀྱང་། །ཆ་ལག་མ་ཚང་དབང་ལུང་བརྒྱུད་པ་ཆད། །དེ་ཕྱིར་དགོངས་གཏེར་ནང་ནས་བྱུང་བ་ཡི། །དོན་བཀྲོལ་ཕྱག་ལེན་གཏན་ལ་ཕབ་པ་ཡིན། །དབང་གི་དུས་སམ་ཡང་ན་ཟོར་གྱི་དུས། །ཟོར་དེ་ཚུར་ལ་ལོག་པར་གྱུར་པ་ན། །མཁའ་འགྲོ་མ་དགའ་བ་ཡི་རྟགས་ཡིན་པས། །རྗེས་ནས་བསྐང་ཐུང་ཚར་གྲངས་མང་ཞིག་འདོན། །དེ་ཡི་དབང་ལུང་བཀའ་གཏད་ཞུ་བའི་དུས། །ཡོན་དུ་མཚོན་ཆ་ཕུལ་ན་ཕན་ཐོགས་ཆེ། །མ་འོངས་འགྲོ་ལ་ཕན་པའི་སེམས་བསྐྱེད་ནས། །གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ཡིན། །ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཡིན། །ཉེས་འགལ་མཆིས་ན་མ་མོ་མཁའ་འགྲོར་བཤགས། །དགེ་བས་ཕན་ཐོགས་རྒྱ་ཆེར་འབྱུང་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མའི་ཟོར་མདོས་ཁྱེར་བདེ་བར་བཀོད་པ།next