Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།next

ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།


JSD002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ།།


JSD002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། འདིར་ཡང་ཟབ་དགོངས་པའི་གཏེར་ཁ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཉམས་སུ་ལེན་པའི་སྒྲུབ་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བའི་སྔོན་དུ་དགོས་པ་ཁོ་ན་ཙམ་མིན་པར་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་ཁྱད་པར་ཅན་རྣམས་སུ་སྔགས་སྡོམ་གསོ་་་བའི་ཡན་ལག་ཏུ་མེད་མི་རུང་བ་ལམ་དུས་ཀྱི་དབང་བདག་འཇུག་ལེན་པའི་ཚུལ་ནི། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་གསུམ་ཐ་


JSD002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་ཀྱི་ཚུལ་དུ་ལས་བྱང་གི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་བར་བཏང་ནས་བུམ་པའི་བཟླས་དམིགས། གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང་༔ རྡོ་རྗེ་གཟུངས་ཐག་ལས་བརྒྱུད་དེ༔ ཐོད་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་


JSD002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ དང་སྔགས་ལས་བདུད་རྩིའི་རྒྱུནཿ༔ དཔག་མེད་བྱུང་ནས་ཐོད་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་བབས་གྱུར༔ ཞེས་གསལ་བཏབ་ནས་བསྙེན་སྒྲུབ་ཆིག་དྲིལ་གྱི་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་བྱ། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང་༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུནཿ༔ པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་སརྦ་བིགྷཾ་ཧ་ན་ཧ་ན་ཧཱུྃ་ཕཊཿ༔ ཅེས་ཅི་རིགས་བཟླ། མཐར་ཐོད་པ་དང་ལས་བུམ་གཉིས་ཀར་དུང་ཆོས་ཀྱི་མཆོད་ཡོན་ཕུལ་ལ། ༀ་ཨཱཿཧཱུྃ། ལྷ་ཉིད་འོད་དུ་ཞུ་བ་ལས། །སོ་སོའི་བཅུད་དང་དབྱེར་མེད་གྱུར་པར་བསམ། གཏོར་མ་དང་ཚོགས་བྱིན་རླབས་ནས་ཐ་མའི་བར་བཏང་། བདག་


JSD002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དངོས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱ། སུམྦྷ་ནིའི་སྔགས་དང་གུལ་ཡུངས་རོལ་མོའི་ཚམ་རྔམ་བཅས་བགེགས་བསྐྲད། ཏུ་རཀྵ་ཨཿས་སྲུང་འཁོར་བསྒོམ། ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་ཕུལ་ལ། ཨོཾ་ཨཱཿཧཱུྃ་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་འཆིང་ཚུལ་དང་མེ་ཏོག་བླང་། གསོལ་གདབ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་མཆོག་གི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། བུ་ཁྱོད་སུ་ཡིན་ཅི་ལ་


JSD002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །སྐལ་བཟང་བདག་ནི་བདེ་ཆེན་མཆོག་ལའོ། །དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་རོ། །ཞེས་པས་དྲི་ལན་བྱ། ཛྙཱ་ན་པྲ་བེ་ཤ་ཡ་ཕཊ་ཀྱིས་སྒོ་དབྱེ། ཛཿཧཱུྃ་བྃ་ཧོཿས་ནང་དུ་གཞུག །ཐལ་མོ་སྙིང་མགྲིན་སྤྱི་བོ་རྣམས་སུ་རེག་སྟེ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ༔ ༀ་ན་མོ་ན་མ་ཧཱུྃ་གིས ཕྱག་བྱ། ཁྱོད་ཉིད་རྣལ་འབྱོར་གྲོང་ཞུགས་ནས། །རྣལ་འབྱོར་མ་ཡི་ཡེ་ཤེས་ནི། །གང་ཡིན་ཁྱོད་ལ་སྦྱིན་བྱེད་ན། །དེ་བདག་རྡོ་རྗེ་སློབ་དཔོན་གྱི། ། ༈ དམ་ཚིག་གང་ཡིན་ཁྱོད་ཀྱིས་སྲུངས། །བཛྲ་ས་མ་ཡ་ཧཱུྃ་གིས་རྡོརྗེ་སྙིང་གར་རེག ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་གིས་དམ་ཆུ་མྱང་། ཡེ་ཤེས་དབབ་པ་ནི། རང་ཉིད་སྐད་ཅིག་གིས་བདེ་ཆེན་མཚོ་རྒྱལ་དབང་མོ་རྩ་གསུམ་འཁོར་ལོ་ལྔ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལྟེ་བར་གཡུང་དྲུང་དམར་པོ་གྲྭ་བཞིར་ཧ་རི་ནི་ས་ལྟེ་བར་བཾ་ཡིག་


JSD002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཚན་པ། རྐང་པའི་འོག་ཏུ་ཡཾ་ལས་རླུང་། སུམ་མདོར་རཾ་ལས་མེ། སློབ་དཔོན་གྱིས་ཐུགས་ཀའི་འོད་ཀྱིས་བསྐུལ་བས། རླུང་གཡོས་མེ་སྦར། ལྟེ་བའི་གཡུང་དྲུང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་དང་། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ངང་དུ་གྱུར་པར་མོས་ལ། སྤོས་རོལ་དབྱངས་བཅས། ༀ་ཨཱཿཧཱུྃ། ཨ་ལ་ལ་ཧོཿསོགས་ལས་བྱང་གི་བྱིན་འབེབས་མཐར། བཾ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨ་ཨ། བཏགས་པ་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན། ཨོཾ་པུཉྫེ་པྲ་ཏཱིཙྪ་ཧོཿས་མེ་ཏོག་དོར་ཞིང་། ཨོྃ་པྲ་ཏི་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ་གྱིས་མགོ་བོར་འཆིང་།


JSD002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཛྙཱ་ན་ཙཀྑ་པྲ་བེ་ཡ་ཕཊ་ཀྱིས་གདོང་གཡོགས་བཀྲོལ་ཚུལ་བྱ། ཡེ་ཤེས་མཁའ་འགྲོའི་ཕྱི་དང་ནང་དང་སྙིང་པོའི་དཀྱིལ་འཁོར་རྣམས་མཐོང་བར་གྱུར། དེ་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ། དཔའ་བོ་དཔའ་མོ་དབང་ལྷ་མོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དབང་། །དེ་རིང་བདག་ལ་བསྩལ་དུ་གསོལ། །ལན་གསུམ། བུམ་དབང་ནི། བླ་མ་དང་དཀྱིལ་ཚུ འཁོར་གྱི་གཙོ་མོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་རྡོ་རྗེ་བདེ་སྐྱོང་གི་སྣོད་ཡེ་ཤེས་བདུད་རྩིས་གང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་གྱུར། བྷདྡྷའི་བུམ་པ་སྤྱི་བོར་བླངས་ལ། ཨོཾ༔ རང་བྱུང་བདེ་སྐྱོང་


JSD002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་སྣང་ལྷ་སྐུར་སྨིན་གྱུར་ཅིག༔ སྙིང་པོ་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཾ༔ རྡོ་རྗེའི་རྭ་རྩེས་བདུད་རྩི་སྤྱི་བོར་བླུགས། སྐུ་གང་སྒྲིབ་དག་ནུས་པ་བཞག །ཆུ་ལྷག་གྱེན་དུ་འཁྱིལ་བ་ལས། །རྡོ་རྗེ་སེམས་དཔས་དབུ་བརྒྱན་གྱུར། །ཛཿཧཱུྃ་བཾ་ཧོཿས་དབང་ལྷ་རང་ལ་བསྟིམ། དེ་ལྟར་ན་བྲིས་པའི་མཚན་མ་སྤྲུལ་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་སྨིན་པར་བྱས། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་རང་འོད་ཀྱི་ཡབ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། གསང་ཐོད་ཐོགས་ལ།


JSD002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་བྱང་སེམས་རྒྱུན༔ རྩ་ཁམས་དྭངས་བཅུད་ཀྱིས་གཏམས་པས༔ ངག་རླུང་སྔགས་སུ་དག་གྱུར་ཅིག༔ སྙིང་པོ་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དཀྱིལ་འཁོར་གྱི་ཐོད་པའི་བདུད་རྩི་མྱང་། དེ་ལྟར་ན་ཀུན་རྫོབ་བྱང་སེམས་ཐོད་པའི་བདུད་རྩི་ལོངས་སྐའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་སྨིན་པར་བྱས། རྫོགས་རིམ་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ཆོས་སྐུ་༈ འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། རང་ཉིད་སྐད་ཅིག་གིས་པདྨ་གར་དབང་ཐོད་ཕྲེང་རྩལ་དུ་གསལ་བ་ལ་བླ་མ་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་རང་འདྲའི་རིག་མ་མཚན་ཉིད་དང་ལྡན་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། མེ་ལོང་བླངས་ལ། ཧཱུྃ༔ བདེ་བ་ཆེན་


JSD002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡེ་ཤེས་ནི༔ དགའ་བ་བཞི་ལ་ཡང་དག་བསྟེན༔ ཟུང་འཇུག་མཉམ་པར་སྦྱོར་བ་ཡིས༔ ཡིད་ཐིག་ཆོས་སྐུ་གྲོལ་གྱུར་ཅིག༔ སྙིང་པོ་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲིན་ལག་གིས་སིནྡྷུ་ར་སྙིང་གར་བྱུགས། དེ་ལྟར་ན་སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཆོས་སྐུའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་སྨིན་པར་བྱས། ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ནི། ིི ཤེལ་རྡོ་བཟུང་ལ། ཧྲཱིཿ ཡེ་ནས་དག་པའི་སེམས་ཉིད་འདི༔ རང་བྱུང་མཁའ་འགྲོའི་ངོ་བོ་སྟེ༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་གསང་བའོ༔ སྙིང་པོ་དང་། དྷརྨ་དྷཱ་ཏུ་ཨ་ཨ་ཨ ཞེས་དགོངས་པ་བསྐྱངས། དེ་ལྟར་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་སྤྲོས་མེད་རྣམ་ཐར་གསུམ་


JSD002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་སྐུའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་སྨིན་པར་བྱས། དབྱིངས་རིག་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །རྗེས། གཙོ་བོ་ཇི་ལྟར་སོགས། དེང་ནས་བརྩམས་ཏེ་སོགས། གཏང་རག་གི་མཎྜལ་སྔར་ལྟར་ཕུལ། ཚོགས་ལ་རོལ པ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བཀྲ་ཤིས་པར་ཕྲིན་ལས་ལྟར་མཐར་དབྱུང་ངོ་། །འདིའི་སྒོ་ནས་སློབ་མ་རྗེས་སུ་བཟུང་ན་སྔ་འགྱུར་སྤྱིའི་བཞེད་སྲོལ་ལྟར་དོན་དབང་གི་སྨིན་བྱེད་དུའང་འགྱུར་བས་མཚམས་སྦྱོར་ཇི་ལྟར་རིགས་པ་དང་བཅས་འདི་ཁོ་ན་ལྟར་བསྒྲུབས་པས་ཆོག་ཅིང་སྤྲོ་ན་དབང་བཞི་པའི་མཐར་ཚེ་དབང་བཅས་བསྐུར་ན་སྐབས་སུ་བབ་ཅིང་ལེགས་པར་འགྱུར་རོ། །ཞེས་པའང་གཞན་ལ་དབང་བསྐུར་བའི་སྔོན་དང་མར་ངོའི་དུས་མཆོད་སོགས་ཀྱི་ཚེ་རང་ཉིད་ལ་འདོད་པ་འཇོ་བའི་ཆ་རྐྱེན་དང་སྐལ་མཉམ་གཞན་ལའང་ཕན་པའི་བློས་རིགས་མཐུན་ཁུངས་ལྡན་གྱི་གསུང་ལ་བརྟེན་


JSD002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱ་བྲལ་སངས་རྒྱས་རྡོ་རྗེས་རྣམ་རྒྱལ་ཆུ་སྦྲུལ་ཟླ་༡༢ ཚེས་༢༥ ལ་གདན་ས་ཆེན་པོ་དཔལ་ལྡན་དྭགས་ལྷ་སྒམ་པོར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་བ་ཏུ།


JSD002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།next