Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དྲག་པོའི་ལས་ཚོགས་གྲིབ་སེལ་ཤེལ་གྱི་མེ་ལོང་གི་ཕྱག་ལེན་གྱི་ཟིན་བྲིས་ཤེལ་གྱི་མེ་ལོང་གི་བུ་ཡིག་གབ་པ་མངོན་ཕྱུང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དྲག་པོའི་ལས་ཚོགས་གྲིབ་སེལ་ཤེལ་གྱི་མེ་ལོང་གི་ཕྱག་ལེན་གྱི་ཟིན་བྲིས་ཤེལ་གྱི་མེ་ལོང་གི་བུ་ཡིག་གབ་པ་མངོན་ཕྱུང་།next

བླ་མ་དྲག་པོའི་ལས་ཚོགས་གྲིབ་སེལ་ཤེལ་གྱི་མེ་ལོང་གི་ཕྱག་ལེན་གྱི་ཟིན་བྲིས་ཤེལ་གྱི་མེ་ལོང་གི་བུ་ཡིག་གབ་པ་མངོན་ཕྱུང་།


CMR010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ལས་ཚོགས་གྲིབ་སེལ་ཤེལ་གྱི་མེ་ལོང་གི་ཕྱག་ལེན་གྱི་ཟིན་བྲིས་ཤེལ་གྱི་མེ་ལོང་གི་བུ་ཡིག་གབ་པ་མངོན་ཕྱུང་བཞུགས་སོ།།


CMR010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲག་རྩལ་ལ་བཏུད་ནས༔ གྲིབ་སེལ་ཟིན་བྲིས་བྲི་བར་བྱ༔ བཅས་རྣམས་གཞུང་ལྟར་བྱས་ལ༔ ལས་བྱང་གཞུང་བསྲང་ཚོགས་བྱ༔ འགྲུབ་ན་བསྐང་བ་ཡང་བྱས་ལ༔ བསྐང་བའམ་བཤགས་པའི་བར་མཚམས་དེར་རམ་བཤགས་པ་ཚར་མ་ཐག་ཏུ་གྲིབ་སེལ་ལ་འཇུག་སྟེ༔ བདག་དྲག་པོའི་ཐུགས་ཀ་ནས་བདག་བསྐྱེད་སྨེ་བརྩེགས་སྤྲོའམ༔ དྲག་པོ་གནས་འགྱུར་ནས་སྐད་ཅིག་ལ་སྨེ་བརྩེགས་བསྐྱེད༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུྃ་དུད་ཁ༔ དེ་ལས་འོད་འཕྲོས་སེམས་ཅད་ཐམས་ཅད་ཀྱི་ཉམས་ཆག་སྡིག་སྒྲིབ་བསལ་ནས་དག་པའི་ས་ལ་བཀོད༔ བླ་མ་ཡི་


CMR010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་མཆོད་ནས་ཐུགས་དམ་གྱི་རྒྱུད་བསྐུལ༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་སྐུ་མདོག་དུད་ཁ་སྤྱན་གསུམ་བསྒྲད་པ༔ མཆེ་བ་གཙིགས་ཤིང་དབུ་སྐྲ་ཁམ་ནག་གྱེན་དུ་བརྗེས་པ་ལ་སྤྲུལ་སྔོན་པོ་ལྟོ་བ་དམར་སེར་གྱིས་དཀྲིས་པ་སྨ་ར་དང་སྨིན་མ་དམར་སེར་མེ་ལྟར་དུ་འབར་བ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མེ་འབར་བ་ནམ་མཁའ་ལ་ཕྱར་ཞིང་གཡོན་བྷནྡྷ་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པ༔ ཐོད་པ་སྐམ་པོའི་ཕྲེང་བས་སེ་རལ་ཁར་བྱས་པ༔ ཡན་ལག་ཐམས་ཅད་སྦྲུལ་


CMR010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དཀྲིས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན༔ ཞབས་གཉིས་བསྒྲད་པའི་སྟབས་ཀྱིས་ཉི་མའི་གདན་ལ་བཞུགས་ཤིང་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ནད་དང་གྲིབ་བསྲེགས་ནས་སེལ་ཞིང་༔ སྐུ་ལས་ཡེ་ཤེས་ཀྱི་ཆུ་བྱུང་བས༔ གྲིབ་དག་པར་འཁྲུད་པ་ཞིག་ཏུ་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱདམར་པོ་ཐུགས་ཀར་ཧཱུྃ་མཐིང་ནག༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ་རང་འདྲ་བ་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར༔ ཡེ་ཤེས་ལྔའི་རང་བཞིན་གྱིས་དབང་བསྐུར་བར་གྱུར༔ ཨོཾ་ཧཱུྃ་ཏྲ་བྷི༔ རང་གི་ཐུགས་ཀར་ཧཱུྃ་དུད་ཁའི་མཐར་སྔགས་ཀྱི་གཡས་སུ་འཁོར་བར་གྱུར༔ ཨོཾ་གྷར་ཁཾ་ཙིར་ཁཾ་མཱ་ན་སེ་ཨུ་ཙུཥྛ་ཀྲོ་ཏ་ཧཱུྃ་ཕཊ༔ སྔགས་བརྒྱ་རྩ་བརྒྱད་ཙམ་བཟླ༔ དེ་ནས་བུམ་པ་སྤྱི་ལྟར་བཤམས་ལ་བུམ་བསྐྱེད་ནི༔ ཨོཾ་སྭ་བྷ་ཝ་སོགས། །སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ༔ སྣ་ཚོགས་པདྨ་འདབ་མ་ལྔ་པའི་དབུས་སུ་རཾ་ལས་ཉི་མའི་སྟེང་དུ་ཡི་གེ་ཧཱུྃ་དུད་ཁ༔ སོགས་ནས་བདག་བསྐྱེད་ལྟར་ཚིག་བསྒྱུར་ལ་བསྐྱེད༔ གྲིབ་དག་པར་འཁྲུད་པ༔ འདབ་མ་ལྔ་ལ་ནམ་མཁའི་ལྷ་མོ་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ག་ཕྱག་ན་ཤེལ་གྱི་


CMR010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བསྣམས་པ༔ རླུང་གི་ལྷ་མོ་དམ་ཚིག་སྒྲོལ་མ་ལྗང་གུ་ཨིནྡྲ་ནཱི་ལའི་བུམ་པ་བསྣམས་པ༔ མེའི་ལྷ་མོ་གོས་དཀར་མོ་དམར་མོ་བྱི་རུའི་བུམ་པ་བསྣམས་པ༔ ཆུའི་ལྷ་མོ་མཱ་མ་ཀཱི་དཀར་མོ་ཤེལ་གྱི་བུམ་པ་བསྣམས་པ༔ སའི་ལྷ་མོ་སངས་རྒྱས་སྤྱན་མ་སེར་མོ་གསེར་གྱི་བུམ་པ་བསྣམས་པ༔ རང་རང་གི་ཁ་དོག་དང་མཐུན་པའི་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ༔ དེ་རྣམས་ཀྱི་དཔྲལ་བར་ཨོ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ལྷ་མོ་ལྔའི་ཐུགས་ཀར་རང་རང་གི་ས་བོན་འབྱུང་བའི་ཡི་གེས་མཚན་པ་ལས་འོད་འཕྲོས༔ རང་བཞིན་གྱི་གནས་ནས་སྨེ་བརྩེགས་འབྱུང་བ་ལྔའི་ལྷ་མོ་དང་བཅས་སྤྱན་དྲངས༔ ཨོ་བྷར་ཁུང་དྷིས༔ ཨེ་ཡཾ་རཾ་ཁཾ་ལཾ་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར༔ ཡེ་ཤེས་རྣམ་པ་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཧཱུྃ་ཏྲཾ་ཧྲི་ཨཱ༔ རང་གི་ཐུགས་ཀའི་འོད་ཟེར་བུམ་པའི་ལྷ་དང་ལྷ་མོ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ བུམ་པའི་ལྷ་དང་ལྷ་མོ་དེའི་འོད་ཟེར་ནད་པ་ལ་ཕོག་པས་ཉམས་གྲིབ་ཐམས་ཅད་འཕྲལ་དུ་དག་པར་གྱུར༔ ཨོཾ་གྷར་ཁཾ་སོགས་སྨེ་བརྩེགས་སྔགས་བརྒྱ་ཡན་ཆད་ཅི་འགྲུབ་


CMR010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཡང་འབྱུང་བའི་ལྷ་མོ་ལྔས་ཉམས་གྲིབ་དག་པའི་སྔགས་དི་རི་རི་བཟླས་པས་ཉམས་གྲིབ་ཐམས་ཅད་དག་པར་གྱུར༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ སོགས་བརྒྱ་རྩ་བརྒྱད་ཅི་འགྲུབ་བཟླ༔ སྨེ་བརྩེགས་ལྷ་མོར་བཅས་རྣམས་ལ་མེ་ཏོག་དང་ནི་བདུག་སྤོས་དང་༔ མར་མེ་དྲི་དང་ཞལ་ཟས་དང་༔ སིལ་སྙན་ཡིད་འོང་མཆོད་པའི་སྤྲིན༔ ཀུན་བཟང་བླ་མེད་མཆོད་སྤྲིན་འདི༔ སྐུ་གསུང་ཐུགས་ལ་མཆོད་པ་འབུལ༔ ཨོ་བྷར་ཁུང་དྷིས༔ ཨེ་ཡཾ་རཾ་བཾ་ལཾ་དྷ་ཀི་ནཱི་ཨནྡྷཾ་སོགས། སྨེ་བ་བརྩེགས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཧཱུྃ་སྒྲ་སྒྲོག་ཅིང་བགེགས་རྣམས་འཇོམས་མཛད་ལྷ༔ འབར་བའི་ཁྲོ་རྒྱལ་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད་ནས༔ ལྷ་རྣམས་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར༔ ཞེས་པའམ༔ བུམ་ལྷ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ལྷའི་སྐུའི་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་ཁེངས་པར་གྱུར༔ དེ་ནས་ནད་པའི་དྲུང་དུ་འགྲོ་ལ༔ གོང་དུ་འབྲང་རྒྱས་བུམ་པ་བཤམས༔ འོག་ཏུ་མདོས་བཤམས་པ་བྲན༔ བུ་མོ་མདའ་དར་ཁྱེའུ་མདའ་སོགས་གྲབ་བྱས་ལ༔ དེ་ནས་མདུན་བསྐྱེད་ནི༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་འབྲང་


CMR010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་དཔྲལ་བར་ཨོཾ་དཀར་པོ་ལྔ་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ༔ དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཤར་དུ་རྡོ་རྗེ་མཁའ་འགྲོ་ལྷོར་རིན་ཆེན་མཁའ་འགྲོ་ནུབ་ཏུ་པདྨ་མཁའ་འགྲོ་བྱང་དུ་ལས་ཀྱི་མཁའ་འགྲོ་དེའི་ཕྱི་རོལ་དུ་ཙ་དཱི་ཀ་སོགས་འབྱུང་བ་ལྔའི་བདག་མོ་དང་ཤ་ཟ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ལྷ་དང་སྲུང་མ་བརྟན་མ་སྐྱོང་མའི་ཚོགས་དང་བཅས་པ༔ དེའི་སྟེང་གི་ནམ་མཁར་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས༔ སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཐམས་ཅད་ཀྱང་མཐོལ་བཤགས་དང་དུ་བཞེས་པའི་ཕྱིར་ཞལ་འཛུམ་ཞིང་ཐུགས་བརྩེ་བ་ཆེན་པོས་སྤྱན་ནད་པ་ལ་གཟིགས་ནས་བཞུགས་པར་གྱུར༔ ཅེས་བཤགས་ཡུལ་ཡེ་ཤེས་པ་གསལ་བཏབ་ནས་མདོས་བསྐྱེད་པ་ནི༔ མདོས་བྲན་ལ༔ ཨོཾ་སྭ་བྷ་ཝ༴ སྟོང་པའི་ངང་ལས་མདོས་གཞི་ཡཾ་ལས་རླུང་གི་དཀྱིལ་འཁོར༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར༔ དེའི་སྟེང་བཾ་ལས་ཆུའི་དཀྱིལ་འཁོར༔ དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི༔ དེའི་སྟེང་དུ་གྲིབ་མཚོ་དམར་ནག་ན་བུན་འཐིབ་པ་ལྔའི་འགྲམ་དུ་རེ་སྦྲ་ནག་པོ་ལ༔ དབུས་མའི་


CMR010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ནད་དང་གྲིབ་ཀྱི་བདག་མོ་སངས་རྒྱས་མཁའ་འགྲོའི་ཕྱག་བརྙན་མ༔ ཤར་དུ་རྡོ་རྗེ་མཁའ་འགྲོའི་ཕྱག་བརྙན་མ༔ ལྷོར་རིན་ཆེན་མཁའ་འགྲོའི་ཕྱག་བརྙན་མ༔ ནུབ་ཏུ་པདྨ་མཁའ་འགྲོའི་ཕྱག་བརྙན་མ༔ བྱང་དུ་ལས་ཀྱི་མཁའ་འགྲོའི་ཕྱག་བརྙན་མ་སྟེ་ལྔ་ཁ་ཡང་བུད་མེད་ནག་མོ་རྟ་ནག་ལ་ཞོན་པ༔ གཡས་མདུང་དང་གཡོན་ཕྱགས་ཤིང་འཛིན་པ༔ དར་ནག་གི་རལ་ག་གསོལ་བའོ༔ དེ་རྣམས་ཀྱི་གཡོན་དུ་གྲིབ་བདག་ལྔ་ནི༔ དབུས་སུ་བདུད་ཀྱི་གྲིབ་བདག་མོ༔ ཤར་དུ་རྒྱལ་པོའི་གྲིབ་བདག་མོ༔ ལྷོར་གཤིན་རྗེའི་གྲིབ་བདག་མོ༔ ནུབ་ཏུ་ཀླུ་དང་བཙན་གྱི་གྲིབ་བདག་མོ༔ བྱང་དུ་གནོད་སྦྱིན་གྱི་གྲིབ་བདག་མོ་སྟེ་ལྔ་ཀ་ཡང་མི་མོ་ནག་མོའི་གཟུགས་ཅན༔ ལུས་ལ་ནད་རླངས་དང་གྲིབ་རླངས་འཕྱོ་ཞིང་འོ་དོད་ལྷང་ལྷང་འབོད་པ༔ གཞན་ཡང་བགེགས་རིགས་ནད་བདག་ཡམས་བདག་གྲིབ་བདག་ཐམས་ཅད་ཀྱིས་བསྐོར་ནས་བཀའ་ཉན་གསུང་སྡོད་པར་གྱུར༔ དེ་ལྟར་ཡེ་ཤེས་པ་དང་འཇིག་རྟེན་པ་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ཡེ་ཤེས་པ་དང་གྲིབ་བདག་རང་རྒྱུད་པ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ ཕྱི་ནི་འབྱུང་བ་ལྔ་ཡི་ཀློང་༔ ཞེས་


CMR010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས༔ བདག་དད་གུས་པས་ཕྱག་བགྱིའོ༔ ཞེས་པའི་བར་དང་༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་དང་ནི་བདུག་སྤོས་དང་༔ སོགས་ཡེ་ཤེས་ལྷ་ལ་ཕྱི་མཆོད་དྲག་པོའི་ལས་བྱང་ལྟར་འབུལ༔ དེ་ནས་བུ་མོ་རབ་མཚན་ལྡན༔ འབྲིང་གྲོང་པའི་ཁྱོས་ཀྱིས་མ་གོས་པ༔ ཐ་མ་བཙུན་མའམ་བུ་ཚ་མགོ་གཙང་གཅིག་ཁྲུས་བྱས་ཕྲག་པ་གཡས་པར་མདའ་དར་བཀལ༔ ལག་གཡོན་དུ་མེ་ལོང་རྒྱབ་ཏུ་དར་དཀར་པོ་བཀོན་ལ་མ་རལ་དང་རིགས་ལྔ་ཅོད་པན་སོགས་རྒྱན་ཅི་འཛོམ་གྱིས་བརྒྱན་ལ༔ ཨོཾ་ཨ་མྲྀ་ཏས་བསང་༔ ཨོཾ་སྭ་བྷ་ཝས་སྦྱང་༔ སྟོང་པའི་ངང་ལས་ཁྱོད་རང་ཡེ་ཤེས་ཀྱི་མཁའ་འགྲོ་སྨེ་བརྩེགས་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་རྒྱན་ཆ་ལུགས་དང་ལྡན་ཞིང་གྲིབ་དང་མི་གཙང་བ་ཐམས་ཅད་སེལ་ནུས་པ་ཞིག་ཏུ་བྷེ༔ ཅེས་རང་དང་ནད་པ་བུ་མོ་གསུམ་ཀས་བྷཻཾ༔ ཁྱོད་རང་གི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ཨོཾ་དཀར་པོ་ཨཱདམར་པོ་ཧཱུྃ་སྔོན་པོ་དེ་ལས་འོད་འཕྲོས་པས༔ ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿགཉིས་མེད་དུ་ཐིམ་པས་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་སུ་གྱུར༔ དེ་ནས་ནང་མཆོད་ནས་བུ་མོ་དེ་ལ་ཅུང་ཟད་བླུད་ནས༔ མཁའ་འགྲོ་མ་སྨེ་བརྩེགས་ཁྱོད་ཀྱིས་ནད་པ་རྗེའི་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་བསལ་བའི་ཕྲིན་ལས་མཛོད་ཅིག༔ ཅེས་


CMR010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད༔ བུ་མོས་རང་ཉིད་མཁའ་འགྲོ་མ་ཡིན་སྙམ་པའི་ང་རྒྱལ་བྷྱོ་དུ་གཞུག༔ དེ་ནས་ནད་པའི་སྤྱི་བོར་འབྲང་རྒྱས་མར་མེ་སྦར་བ་དེ་བུ་མོ་དེས་བཟུང་བཅུག་ལ༔ ད་མདུན་གྱི་ནམ་མཁར་མཁའ་འགྲོའི་དཀྱིལ་འཁོར་བཀྲ་ལམ་མེ་བ་མར་མེ་འདི་དང་ཐ་མི་དད་པ་ཅིག་གསལ་ཐོབ་ལ༔ དེའི་དྲུང་དུ་ཁྱེད་རང་གི་དུག་ལྔའི་དབང་གིས་དམ་ཚིག་ཉམས་ཆག་ཅི་བགྱིས་པ་ཐམས་ཅད་དང་༔ གཞན་དམ་ཚིགས་ཉམས་པ་དང་འགྲོགས་པ་དང་༔ ཟས་ཟོས་པ་སོགས་ཀྱིས་གྲིབ་མཁའ་འགྲོ་ཆོས་སྐྱོང་ལ་ཕོག་ནས་འཁྲུགས༔ དེའི་མྱ་ངན་ཤ་ཟ་མཁའ་འགྲོས་བྱེད་ཅིང་༔ དེའི་ཁ་རླངས་རང་ལ་ཕོག་ནས་ན་ཚ་དྲག་པོ་འབྱུང་བ་ཡིན་པས༔ དམ་ཚིག་ཆག་ཉམས་གྲིབ་བྱུང་བའི་རྒྱུར་གྱུར་པ་ཐམས་ཅད་བཤགས་སྙམ་པས་བཤགས་པ་འདིའི་རྗེས་ཟློས་ཤེས་འདུག་ན་གྱིས༔ མི་ཤེས་ན་ཡང་བཤགས་པ་མཉམ་དུ་བྱས་ཡོད་སྙམ་པའི་མོས་པ་མཛོད༔ དབྱངས་སྙན་པོས༔ ཧཱུྃ༔ རང་བཞིན་ཆོས་དབྱིངས་དག་པའི་ཕོ་བྲང་ཞེས་པ་ནས༔ ཤུདྡྷེ་ཨ་ཨཱའི་བར་བརྗོད༔ རྒྱས་པར་ན་རུ་ཏྲའི་སྨྲེ་བཤགས་བསྐང་བཤགས་ནང་གི་བཤགས་པ་འདིར་བྱ༔ འབྲང་རྒྱས་དཀར་ནག་གཉིས་སོ་སོར་མ་འདྲེས་པར་གྲིས་གཏུབ་ལ་དཀར་པོ་ཡར་མཆོད་འགྲམ་དུ་བཞག༔ ནག་པོ་མདོས་ནང་དུ་བཞག༔ གཏུབ་


CMR010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དཀར་ནག་མ་འདྲེས་པར་ཁྲིགས་སེ་སོང་ན་རྟེན་འབྲེལ་བཟང་༔ དཀར་པོ་ལ་ནག་པོ་འབྱར་ན་ད་དུང་གྲིབ་ངོ་ཚེ༔ ནག་པོ་ལ་དཀར་པོ་འགོས་ན་ཅུང་ཟད་ངན༔ དེ་ནས་བུ་མོ་དེས་མདའ་དར་ཕྲག་པ་གཡོན་དུ་བཀལ༔ ལག་གཡོན་མེ་ལོང་ཐོགས་ལ་ནད་པའི་གཟུགས་འཆར་དུ་བཅུག༔ གཡས་སུ་བུམ་པ་ཐོགས་ནས༔ ཚིག་གིས་མཚམས་རེ་དྲིལ་བུའི་སྒྲ་རེ་དང་མཉམ་དུ་མེ་ལོང་ལ་བུམ་ཆུ་རེ་བླུགས་བཅུག་སྟེ༔ ཁྱོད་རང་གི་མཁའ་འགྲོ་ཆོས་སྐྱོང་འགོ་བའི་ལྷ་ལྔ་དང་བཅས་པ་ལ་གྲིབ་ཕོག་པས༔ ནག་ཐིབས་སེ་ཡོད་པ་ལ༔ གྲིབ་དེ་བཀྲུ་བའི་དོན་དུ་མདུན་གྱི་ནམ་མཁར་འབྱུང་བའི་ལྷ་མོ་ལྔས༔ རང་རང་གི་ཁ་དོག་དང་མཐུན་པའི་བུམ་པ་རེ་ཐོགས་ནས་ཁྲུས་གསོལ་བས་འཕྲལ་དུ་དག་པར་བྷེ་ཤིག༔ དབྱངས་དང་བཅས་པས༔ ཆོས་དབྱིངས་ཡེ་ཤེས་དག་པ་ནས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ༀ་ཨེ་ཧོ་ཤུདྡྷེ་སོགས། དེ་བཞིན་ཚིག་མཚམས་རྣམས་སུ་སྔགས་དང་དྲིལ་བུ་དཀྲོལ་བ་དང་མཉམ་དུ་བུ་མོས་མེ་ལོང་ལ་ཁྲུས་བྱའོ༔ དེ་ལ་ཁྲུས་ཁང་དྲུག་ཡོད་དོ༔ དེ་ནས་འདིར་ནད་པ་ལ་ཕྱི་ཁྲུས་ཡན་ལག་ལྔ་ཁྲུས༔ ནང་ཁྲུས་ཁ་བཤལ་ལ་བླུག་གོ༔ ཁྲུས་སྣོད་སྡེར་མ་སོགས་བྱའོ༔ ཁྲུས་ཆུ་མདོས་ཀྱི་འགྲམ་དུ་བླུག་གོ༔ དེ་ནས་བུམ་པ་དེ་གཞན་གྱིས་འཛིན་རོགས་བྱས་ལ༔ བུ་མོ་དེས་ལག་པ་གཡས་པས་མདའ་དར་དཀར་པོ་ཕྱགས་མ་ལྟར་བཟུང་༔ གཡོན་པས་


CMR010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་བསྟན་ལ༔ འདོན་པའི་མཚམས་རེར་སྔགས་དང་དྲིལ་བུ་དཀྲོལ་བ་དང་མཉམ་དུ་མདའ་དར་དེས་ནད་པའི་མགོ་ལུས་ལ་ཕྱིས་ལ་མདོས་ནང་དུ་ཕྱོགས་པའི་ཚུལ་རེ་བྱས་ཏེ༔ ད་མཁའ་འགྲོ་སྨེ་བརྩེགས་མའི་ཕྱག་གཡས་ན་དར་དཀར་པོ་དང་༔ རས་དཀར་པོ་བཟུང་ནས་གྲིབ་ཐམས་ཅད་ཕྱིས་པས༔ ཉོན་མོངས་དུག་ལྔ་ལས་གྱུར་པའི་གྲིབ་ཐམས་ཅད་དག་ནས་ཡེ་ཤེས་ལྔ་མངོན་དུ་གྱུར་པར་བྷེ་ཞཤག༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རྣམས་པར་དག༔ སོགས་ནས༔ རྣམ་དག་ཡེ་ཤེས་ངང་དུ་ཕྱིས༔ ཨོཾ་སྭ་བྷ་ཝ་ནས༔ ཨ་པ་ན་ཡེ་སྭ་ཧཱ༔ དེ་བཞིན་ཏུ་ཕྱིས་ནམ་ཟེར་དུས་སྔགས་དང་དྲིལ་བུ་དཀྲོལ་བ་དང་མདའ་དར་གྱིས་ཕྱི་ཚུལ་རྣམས་བྱའོ༔ ཕྱི་ཁྲུས་དུང་བས་དཀར་གྱུར་ཅིག༔ ཨོ་གྷར་ཁཾ༔ སོགས་སྨེ་བརྩེགས་སྔགས་དང་དྲིལ་བུ་དཀྲོལ་བ་དང་མེ་ལོང་ལ་ཁྲུས་བྱེད་དུ་བཅུག་གོ༔ ནང་ཁྲུས༔ གསང་ཁྲུས་གསུམ་པོ༔ གོང་དུ་ནས་མདའ་དར་དེ་ལ་རས་དཀར་པོ་ཆེན་པོ་ཞིག་དང་༔ རས་ནག་པོའམ་མ་རྙེད་ན་ལྤགས་རས་སམ་སྣམ་རས་སམ་བལ་ནག་ཅུང་ཟད་བཏགས་པ་སྐབས་འདིར་དཀྲོལ་ལ་མར་མདོས་ནང་དུ་དོར་གྲབ་བྱས་ལ༔ ད་གྲིབ་ཕྱགས་པ་ནི་མཁའ་འགྲོ་སྨེ་བརྩེགས་མས་ཁྱེད་རང་གི་གྲིབ་ཐམས་ཅད་ལྤགས་བུའམ་རེ་ནག་བཤུས་པའི་རྫ་མའི་དྲེག་པ་བཀོག་པ་ལྟར་བཤུས་ནས་གྲིབ་བདག་ཤ་ཟའི་མཁའ་འགྲོ་


CMR010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་བདག་པོ་ལ་ནོར་གཏད་པའི་ཚུལ་དུ་གཏད་པས༔ གྲིབ་ཐམས་ཅད་གྲིབ་བདག་ཕོ་མོ་རྣམས་ལ་སིབ་སིབ་ཐིམ་བར་བྷེ་ཤིག༔ ཨོ་གྷར་ཁཾ༔ སོགས་སྨེ་བརྩེགས་སྔགས་ཉེར་གཅིག་བརྗོད་པ་དང་མཉམ་དུ་སྣམ་རས་ནག་པོ་མདོས་ནང་དུ་བུ་མོ་ལ་འཕེན་བཅུག་གོ༔ སྐབས་འདིར་རྒྱས་པར་བྱེད་ན་སྔགས་དྲུག་ཕྱག་རྒྱ་དྲུག་གིས་མདོས་བྱིན་གྱིས་བརླབས༔ བསྡུ་ན༔ ཨོཾ་སྭ་བྷ་ཝ་སོགས༔ སྟོང་པའི་ངང་ལས་མདོས་གླུད་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ༔ ནད་བདག་གྲིབ་བདག་ཐམས་ཅད་མགུ་ཞིང་ཚིམ་པ་བསྐྱེད་པར་བྱེད་པ་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿ ཨཱཿ ཞེས་བྱིན་གྱིས་བརླབས༔ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ༔ ནད་གདོན་གྲིབ་ཀྱི་བདག་པོ་བདག་མོ་ཁྱེད་རྣམས༔ མདོས་གླུད་གྲིབ་ཀྱི་བཤོས་བུ་འདིས་ཚིམ་པར་གྱིས་ལ༔ དེངས་ཕྱིན་ཚད་ནད་པ་འདི་ལ་མ་གནོད་མ་འཚེ་བར་གནས་གཞན་དུ་དེངས་ཤིག༔ དེ་ནས་ཁྱེའུ་གཅིག་གིས་མདོས་ལ་ཁ་རྒྱུ་ནས་མདའ་གསིར་བཅུག༔ འདོན་པའི་མཚམས་སུ་གྲིབ་བརྡའོ་ཟེར་བཅུག་ཅིང་དབྱངས་དང་བཅས་པས༔ ཧཱུྃ༔ ད་ནི་གྲིབ་ཀྱི་བྱུང་ཁུངས་ཏི༔ སོགས་ནས༔ ཆག་ཆེན་ཉམས་ང་བཟློག་ཏུ་གསོལ༔ བར་བརྗོད༔ དེ་ནས་མདོས་ཁ་མར་


CMR010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལ༔ བུ་མོ་དེས་མདའ་དར་དཀར་པོ་དེ་ཕྲག་པ་གཡོན་དུ་བཀལ༔ རས་ནག་པོའམ༔ སྣམ་རས་ནག་པོ་གཅིག་ལག་གཡས་སུ་ཐོགས་ནས༔ ཁ་མར་གྱུ་ནས་མདོས་ལ་གཡབ་ཅིང་བརྡ་བའི་ཚུལ་བྱ༔ ཁྱེའུ་ཁ་མར་གྲུ་ནས་མདའ་གསིར་ཞིང་༔ འདོན་པའི་ནང་དུ་གྲིབ་བརྡའོ་ནམ་བྱུང་སྔར་ལྟར་ཀུན་གྱིས་གྲིབ་བརྡའོ་ཞེས་འུར་དིར་དིར་བྱའོ༔ དེ་དང་མཉམ་དུ་གཅིག་གིས་སྲན་མ་རམ་པ་སོགས་འབྲུ་ནག་ཐོགས་ལ་རྫོངས་འདེབས་མཉམ་དུ་བྱ་སྟེ༔ རྫོངས་སུ་འདེབས་ཟེར་དུས་ཐམས་ཅད་བཏབ་རྫོངས་འདེབས་ཅིག་རང་ཡིན་ནོ༔ ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང་༔ ནས༔ ཕྱོགས་བཞི་མཚམས་བརྒྱད་གཤེགས༔ ཞེས་པའི་བར་བྱ༔ འོ་དེ་ལྟར་དང་པོ་གྲིབ་བཤགས་པ་དང་༔ གཉིས་པ་གྲིབ་བཀྲུ་བ་དང་༔ གསུམ་པ་གྲིབ་ཕྱི་བ༔ བཞི་པ་གྲིབ་ཕྱགས་པ༔ ལྔ་པ་གྲིབ་མདོས་བསྔོ་བ༔ དྲུག་པ་གྲིབ་བརྡ་བ༔ བདུན་པ་གྲིབ་རྫོངས་བཏབ་ཅིང་གྲིབ་བརྫངས་བ་རྣམས་བྱས་པས༔ ནད་པ་ནད་གདོན་ལས་གྲོལ་ཏེ་ཤེལ་སྒོང་ལྟར་གྱུརཿ་མཁའ་འགྲོ་ལྷ་སྲུང་ཐམས་ཅད་གྲིབ་ལས་གྲོལ་ཏེ༔ མདངས་དང་ལྡན་པར་གྱུར་ནས༔ བདག་གི་མཐུ་དཔུང་དང་སྡོང་གྲོགས་ལ་བཞེངས་ནས༔ གནོད་བྱེད་ཐམས་ཅད་བཟློག་ཅིང་དགྲ་བགེགས་ཀྱི་སྟེང་དུ་དམག་ཆས་པར་སྒོམས་ཤིག༔ ཅེས་ནད་


CMR010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྡའ་སྤྱད༔ ཧཱུྃ༔ ཁྲོ་བོ་རྨེ་བརྩེགས་ཆེན་པོ་སྟེ༔ ནས༔ ཟ་བ་དེ་ནི་འདྲེ་ལ་སྐྱོལ་གྱིས་བར་བརྗོད༔ དེ་ནས་མདོས་ནང་གི་ཁྲག་ཟོར་ཀོང་བུ་ལྔ་རྡོ་ནག་སྦྱོ་བྲིས་པ་ལྔ་མཚེ་དང་ཡུངས་དཀར་རྣམས་པགས་པ་ནག་པོའམ་གདན་ནག་པོའི་སྟེང་དུ་བཞག་ལ་མི་གཉིས་ཀྱིས་བཏེག་ལ༔ ཧཱུྃ༔ ད་ནི་མདོས་གླུད་གཏོང་རེ་རན༔ ཞེས་པ་ནས༔ ཟོར་ཡ་བྷྱོའི་བར་དབྱངས་དང་བཅས་པས་བརྗོད་ལ༔ ཟོར་རྣམས་དལ་བུས་མདོས་ཀྱི་འགྲམ་དུ་བཞག༔ བུ་མོས་སྣམ་རས་ཕྱར་ནས་བརྡབ་ཅིང་ཡས་ཐོག་ཏུ་གཡབ༔ མཁའ་འགྲོ་རྒྱུ་ལྡོག་རྩིས་ལ་ལྷོ་ནུབ་ནུབ་ནུབ་བྱང་གསུམ་གང་རུང་དུ་བསྐྱལ་ན་ལེགས༔ འདི་སུན་ཟློག་དང་དབྱིབས་འདྲ་བས་ཤར་ཕྱོགས་སུ་བསྐྱལ་མི་རུང་ཞེས་འགའ་ཞིག་གིས་གསུངས་སོ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ་སོགས་མཚམས་བཅད་བྱས་ལ་མདོས་ལ་ནས་ཐུན་བརྡེག་དེ་ནས་བུ་མོ་དེས་སྣམ་རས་དང་མདའ་དར་གཡབ་ཅིང་༔ ཁྱེའུས་མདའ་གསིར་ཞིང་བསྐྱལ་བཅུག་གོ༔ ༈ འདིའི་ཡོན་ཏན་ནི༔ རྩ་བའི་དམ་ཚིག་ལ་སོགས་ཏེ་ཆག་ཉམས་ཆེན་པོ་གསོ་བ་དང་༔ མཚམས་མེད་ལྔའི་གྲིབ་དང་༔ མཁའ་འགྲོའི་བཀའ་ཆད་ལ་སོགས་འདིས་སྦྱངས༔ ཆག་ཆེ་བ་དང་ཉམས་ང་བ་འཆི་བ་བཟློག་པར་འགྱུར་རོ༔ མཁའ་འགྲོ་མ་སྤྲིན་བཞིན་དུ་འདུ་བར་འགྱུར་རོ༔ ཟས་ནོར་ལོངས་སྤྱོད་མི་ནོར་ཐམས་ཅད་འདུ་ཞིང་༔ ཡམས་ནད་ཆད་པ་དང་༔ མཆོག་ཐུན་མོང་གི་དངོས་གྲུབ་ལ་སོགས་པ་ཅི་འདོད་པ་


CMR010_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབྱུང་ངོ་༔ ལྷ་འདྲེ་གང་བསྒྲུབ་པའི་སྔོན་དུ་བླ་མ་བསྒྲུབས་ནས་མདོས་འདི་བྱས་ན་འགྲུབ་ཐག་ཉེའོ༔ ཁྱད་པར་དུ་དགྲ་བགེགས་གང་ལ་བྱེད་ཀྱང་གདོན་མི་ཟའོ༔ ཕ་རོལ་གྱི་ཕུར་ཁ་ཐམས་ཅད་འདིས་བཟློག་པར་འགྱུར་རོ༔ དེའི་ཕྱིར་རྣལ་འབྱོར་པས་འདི་ལ་བརྩོན་པར་བྱའོ༔ ཞེས་ཨོ་རྒྱན་ཆེན་པོ་ཉིད་ཀྱིས་གསུངས་སོ༔ ༈ ཨེ་མ་མཁའ་འགྲོའི་གྲིབ་སེལ་ཤེལ་གྱི་མེ་ལོང་འདི༔ ཨོ་རྒྱན་བཀའ་ཉིད་རྒྱུད་ཀྱི་ཚིག་ཡིན་ཕྱིར༔ ཚིག་ཉུང་དོན་མང་ལག་ལེན་ཐེབ་པར་དཀའ༔ འགའ་ཞིག་གཟུ་ལུམ་ཡིག་ནག་ཕྲེང་དད་ཀྱང་༔ སྤྱོད་ལྡན་དག་གིས་མཐོང་ན་བཞད་བགད་ཤོར༔ དེ་ཕྱིར་གཏེར་ཁ་གཞན་ནས་བྱུང་བ་ཡི༔ གྲིབ་སེལ་རྒྱས་པ་རྣམས་དང་ཟིན་བྲིས་དང་༔ ཁྱད་པར་འདི་ཡི་ཕྱག་ལེན་འཁྲུལ་མེད་རྣམས༔ ལེགས་པར་མཐོང་ཞིང་ཁོང་དུ་ཆུད་བྱས་ནས༔ གྲིབ་སེལ་ཤེལ་གྱི་མེ་ལོང་བུ་ཡིག་བྲིས༔ འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ མ་ཚོགས་མཁའ་འགྲོ་རྣམས་ཀྱི་སྤྱན་སྔར་བཤགས༔ དགེ་བས་འགྲོ་ཀུན་ཉམས་ཆག་དག་གྱུར་ནས༔ སྒྲིབ་མེད་བདེ་ཆེན་ཞིང་དེར་སྐྱེ་ཕྱིར་བསྔོ༔ ཞེས་པ་འདི་ནི་རིག་སྔགས་འཆང་བའི་རྣལ་འབྱོར་པ་པྲ་ཝའི་མིང་ཅན་གྱིས་བསྐུལ་བ་ལ་བརྟེན་ནས༔ དགེ་སློང་ཀརྨ་ཨ་རཱ་གས་མགྱོགས་པར་བྲིས་པའོ༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousབླ་མ་དྲག་པོའི་ལས་ཚོགས་གྲིབ་སེལ་ཤེལ་གྱི་མེ་ལོང་གི་ཕྱག་ལེན་གྱི་ཟིན་བྲིས་ཤེལ་གྱི་མེ་ལོང་གི་བུ་ཡིག་གབ་པ་མངོན་ཕྱུང་།next