Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལྷ་མོ་ཚེ་རིང་མཆེད་ལྔའི་གསོལ་བསྡུས།
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousལྷ་མོ་ཚེ་རིང་མཆེད་ལྔའི་གསོལ་བསྡུས།next

ལྷ་མོ་ཚེ་རིང་མཆེད་ལྔའི་གསོལ་བསྡུས།

དག་སྣང་དགོངས་པའི་ཀློང་མཛོད་ལསཿ ལྷ་མོ་ཚེ་རིང་མཆེད་ལྔའི་གསོལ་བསྡུས་བཞུགསཿ འབྲུ་གསུམ་བྱིན་རླབས་ནམ་མཁའ་མཛོད་ཀྱིས་སྤེལཿ རཾ་ཡཾ་ཁཾཿ ཀྱཻཿ སྣང་སྲིད་རྣམ་དག་དོན་གྱི་གཞལ་ཡས་ནསཿ ཤིན་ཏུ་ཡིད་འོང་ཉམས་དགའ་སྐྱེད་མོས་ཚལཿ ནེའུ་སིང་མེ་ཏོག་སྣ་ཚོགས་བཀྲ་བའི་དབུསཿ རིན་ཆེན་བཻཌུརྱ་ཡའི་ཁང་བཟང་སྟེངཿ འཁོར་འདས་ཡེ་ཤེས་དབང་མོ་ཌཱཀྐི་མཿ ཕྱོགས་བཞི་དབུས་ལྔ་ཚེ་རིང་མཆེད་ལྔའི་ལྷཿ ཀུན་ཀྱང་རང་རང་མདོག་དང་རྒྱན་ཆས་སྤྲསཿ སྲིད་ཞི་མཉམ་ཉིད་ཡེ་ཤེས་ཌཱཀྐི་མཿ ཐུགས་རྗེའི་རྩལ་སྣང་སྒྱུ་མར་རོལ་པའི་གཟུགསཿ ཕྱི་ནང་གསང་བའི་མཆོད་ཚོགས་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པ་པོ་ཡི་ཚོགས་དང་བཅསཿ མོས་ལྡན་བུ་ལ་བྱིན་རླབས་ད་འབེབས་ཤིགཿ དལ་མེད་དུ་ཁཿའཁོར་བའི་འདྲེ་བོ་ཆེཿ ཀུན་བཏགས་མ་རིག་གཡུལ་ངོའི་དམག་བྱུང་ཚེཿ དོན་དམ་ཡེ་ཤེས་ཀློང་ནས་ཚར་ཆོད་ལཿ སྔོན་ཚེ་མཚོ་སྐྱེས་རྡོ་རྗེའི་སྤྱན་སྔ་རུཿ མདོ་སྔགས་བསྟན་པ་བསྲུང་བར་ཞལ་གྱིས་བཞེསཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ གསང་རྒྱཿ ཟབ་རྒྱཿ གཏད་རྒྱཿ བརྡ་ཐིམཿ གུ་ཧྱཿ ཅེས་ངུར་སྨྲིག་མཛོད་འཛིན་གཙང་བླ་སྐལ་ལྡན་གྱི་མོས་ངོརཿ གཏེར་མིང་འཆང་བ་རིག་འཛིན་རོལ་བའི་རྡོ་རྗེས་ཕབ་པའོཿ ས་མ་ཡཱཿ བརྡ་ཐིམཿ


previousལྷ་མོ་ཚེ་རིང་མཆེད་ལྔའི་གསོལ་བསྡུས།next