Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུའི་ཁ་སྐོང་།
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previous དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུའི་ཁ་སྐོང་།next

དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུའི་ཁ་སྐོང་།


JSD002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུའི་ཁ་སྐོང་ནི། སི་ཏུ་པདྨ་ཉིན་བྱེད་དབང་པོའི་འཕྲོར། རྒྱལ་བས་ལུང་ཟིན་ཤེས་བྱ་མཛོད་ཆེན་ལྔས། །བསིལ་ལྗོངས་རྒྱལ་བསྟན་ཉིན་མོར་བྱེད་པ་ལ། །སྲིད་ན་འགྲན་གྱི་དོ་ཟླ་མ་མཆིས་པ། །འཆི་མེད་གཡུང་དྲུང་གླིང་པ་ལ་གསོལ་བ་འདེབས། །གང་ཐུགས་མཁྱེན་རབ་རྡུལ་བྲལ་ཨ་དཱརྴར། །རིམ་དགུའི་ཐེག་པའི་གྲུབ་མཐའ་མ་འདྲེས་ཤར། །སྔ་འགྱུར་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས། །འགྱུར་མེད་པདྨ་རྣམ་རྒྱལ་ལ་གསོལ་བ་འདེབས། །བློ་གྲོས་མཐའ་ཡས་ཐུགས་ཀྱི་ནཱིརྨ་ཀཿ སྨིན་གྲོལ་བདུད་རྩིའི་ཆར གྱིས་འགྲོ་རྒྱུད་ཞིང་། །ཕན་དང་བདེ་བའི་ལོ་ཏོག་རྒྱས་པའི་གཉེན། །འགྱུར་མེད་པདྨ་དྲི་མེད་ལ་གསོལ་བ་འདེབས། །པད་འབྱུང་བི་མའི་ཐུགས་


JSD002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཨ་མྲྀ་ཏས། རྨད་བྱུང་ཐུགས་ཀྱི་བུམ་བཟང་འགེངས་པ་ལས། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་མཛད་པ། །ཀུན་སྤངས་སངས་རྒྱས རྡོ་རྗེ་ལ་གསོལ་བ་འདེབས། །གཞན་ཡང་ཡང་ཟབ་སོགས་དཀྱུས་ལྟར་རོ། །ཞེས་པའང་སློབ་བུ་ཡེ་ཤེས་རྡོ་རྗེས་ནན་བསྐུལ་ལ་བརྟེན་ནས་རི་ཁྲོད་པ་བུདྡྷས་བྲིས་པ་དགེ་ལེགས་འཕེལ། ཡང་ཅུང་ཟད་བསྡུས་པ་ལ་དགའ་ན་བརྒྱུད་པའི་ཁྱད་པར་གཞན་རྣམས་བཏང་སྙོམས་སུ་བྱས་ཏེ་འོག་གི་དཀོན་མཆོག་གསུམ་འདུས་མན་ཆད་སྦྲེལ་ནའང་རུང་བ་ཉིད་དོ།།


previous དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུའི་ཁ་སྐོང་།next