Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེའི་རྣམ་ཐར་དང་འབྲེལ་བའི་བརྟན་བཞུགས་ངོ་སྤྲོད་སྨོན་ཚིག
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousདར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེའི་རྣམ་ཐར་དང་འབྲེལ་བའི་བརྟན་བཞུགས་ངོ་སྤྲོད་སྨོན་ཚིགnext

དར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེའི་རྣམ་ཐར་དང་འབྲེལ་བའི་བརྟན་བཞུགས་ངོ་སྤྲོད་སྨོན་ཚིག


JSD004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མེད་བསྟན་པ་མཆོད་སྦྱིན་རླབས་ཆེན་མཛད་པོ་ཡོངས་གྲགས་དར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེའི་རྣམ་ཐར་དང་འབྲེལ་བའི་བརྟན་བཞུགས་ངོ་སྤྲོད་སྨོན་ཚིག་ཉུང་ཙམ་འབྲི་བར་དམ་བཅའོ། །ཨོཾ་འགྲུབ་པར་གྱུར་ཅིག །བདེ་ཆེན་མགོན་པོ་བཅོམ་ལྡན་ཚེ་མཐའ་ཡས། །སྒྲོལ་མ་དཀར་སྔོན་ལྷ་ལྕམ་མནྡ་ར། །ཐང་རྒྱལ་ཚུལ་ཁྲིམས་བཟང་དང་ཕ་དམ་པ། །དེང་འདིར་མི་འཆི་ཚེ་དབང་དངོས་གྲུབ་སྩོལ། །མདོ་ཁམས་ཤར་ཕྱོགས་མགོ་ལོག་ཁག་གསུམ་གྱི། །རུས་མཛོད་འབྱུང་གནས་སྔོ་མཚོ་དང་ཉེ་བའི། །ཙྭ་ཐང་ཉམས་དགར་ཨ་སྐྱོང་རྗེ་རིགས་འཁྲུངས། །ཐུགས་དྲན་གསོན་ཚེ་སྔོན་སྨོན་ལས་འཕྲོ་སད། །རྫོང་འགག་མཆོག་སྤྲུལ་གཙོར་བྱས་བཤེས་གཉེན་གྲངས། །སུམ་ཅུ་ལྷག་ལས་མདོ་སྔགས་རིག་གནས་ལ། །རྟག་གུས་སྦྱོར་བས་ཐོས་བསམ་


JSD004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་འདོགས་བཅད། །འཛམ་གླིང་ལྟེ་བ་འཕགས་ཡུལ་རྡོར་གདན་དུ། །སྔ་འགྱུར་སྨོན་ལམ་ཆེན་མོའི་གཞི་རྩ་བཙུགས། །རྟེན་བཞེངས་མཆོད་སྦྱིན་བགྲང་བྱ་བཅུ་གསུམ་བར། །སྒྱུ་མའི་ནོར་ལ་སྙིང་པོ་བླངས་པའི་ཚུལ། །འགྲན་པའི་ཟླ་དང་བྲལ་བ་ཡོངས་སུ་གྲགས། །ཁྱེད་ཞབས་བསྐལ་བརྒྱར་བརྟན་་གསོལ་བ་འདེབས། །བླ་མ་རྩ་གསུམ་རྒྱ་མཚོའི་ཐུགས་བསྐྱེད་དང་། །བསྟན་བསྲུང་འཇིག་འདས་དྲེགས་པའི་ཚོགས་བཅས་ཀྱིས། །བདག་ཅག་སྨོན་པ་འགྲུབ་པའི་དཔང་མཛད་གསོལ། །ཅེས་པ་འདི་ཡང་དར་ཐང་རིན་པོ་ཆེའི་སྲས་མོ་པདྨའི་མཚན་ཅན་དང་ཁོང་གི་ཐབས་གྲོགས་ཤར་རྒྱལ་མོ་ཚ་བ་རོང་ནས་ཆོས་ཕྱིར་ལྷགས་ཏེ་ནུབ་བལ་ཡུལ་ཡོལ་མོ་གངས་རིའི་སྒྲུབ་སྡེར་ལོ་གསུམ་ཕྱོགས་གསུམ་ཐོན་པའི་མཚམས་པ་དཔལ་བཟང་ཟུང་གིས་ལྷ་རེག་ཉིན་མོ་བདེ་ལེགས་དང་ཤྲཱི་ནེ་པ་ལིའི་རུབ་ཆིག་སྟོང་བཅུ་མེད་ལྔ་བཅས་


JSD004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དུ་ཕུལ་ནས་གསོལ་བ་ནན་ཏན་བཏབ་པའི་ངོར། ཁོ་བོ་རྒྱལ་ཁམས་མྱུལ་བའི་ཕ་རྒན་རང་ལོ་དགུ་བཅུར་སོན་པ་བུདྡྷ་བཛྲས་པདྨའི་སྒྲུབ་གནས་ཀྱི་རྒྱལ་པོ་ཡོངས་གྲགས་དཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་རྩེ་ཤག་ཏུ། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོ་དགོངས་འདུས་རྩིས་ལུགས་རྒྱལ་ཟླ་བའི་ཡར་ཚེས་ལྔ་ལ་སུག་བྲིས་སུ་བསྟར་བ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒལཾ༎ །།


JSD004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེའི་རྣམ་ཐར་དང་འབྲེལ་བའི་བརྟན་བཞུགས་ངོ་སྤྲོད་སྨོན་ཚིགnext