Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལྷ་མོ་ཚེ་རིང་མཆེད་ལྔའི་བསྐུལ་བྱང་གནམ་ལྕགས་ཐོག་རྒྱུག
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousལྷ་མོ་ཚེ་རིང་མཆེད་ལྔའི་བསྐུལ་བྱང་གནམ་ལྕགས་ཐོག་རྒྱུགnext

ལྷ་མོ་ཚེ་རིང་མཆེད་ལྔའི་བསྐུལ་བྱང་གནམ་ལྕགས་ཐོག་རྒྱུག

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ ལྷ་མོ་ཚེ་རིང་མཆེད་ལྔའི་བསྐུལ་བྱང་གནམ་ལྕགས་ཐོག་རྒྱུག་བཞུགསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོཿ རང་ཉིད་ཡི་དམ་ང་རྒྱལ་ངངཿ ཚེ་རིང་མཆེད་ལྔའི་གསོལ་མཆོད་བསྐང་བ་ཕྲིན་བཅོལ་ཡན་རྒྱས་པར་འདོནཿ མ་བྷྱོཿ རང་སྣང་ལྷུན་གྲུབ་ཆོས་དབྱིངས་བརྡལ་བའི་མཁའཿ སྣང་སྟོང་གཉིས་མེད་ལྷ་མོ་ཚེ་རིང་མཿ རྩལ་སྣང་རིགས་བཞི་འཁོར་ཚོགས་རོལ་པ་ཆེཿ སྣང་གྲགས་རིག་གསུམ་རྡོ་རྗེའི་དབྱིངས་ཀློང་བཞེངསཿ བསྐུལ་ལོ་ལྔ་བདོའི་དུག་རླུང་བཟློག་ཕྱིར་བསྐུལཿ མ་དག་དུག་ལྔའི་འཁྲུལ་མནོས་དགྲ་གདོན་འདིཿ མྱུར་ཁུག་དུས་བབས་མྱུར་དུ་ད་རྒྱུགས་ཤིགཿ སྲོག་སྙིང་དྲོད་མོ་ཤ་ཚིལ་རུས་པ་འདིཿ གནམ་ལྕགས་ཐོག་བབས་དགྲ་བོའི་མི་ནོར་ཀུནཿ མིང་མེད་རྡུལ་རློགས་དགྲ་རྒྱུད་རྩད་ཆོད་ཅིགཿ མི་ལ་ལྷ་མེད་བཀའ་སྲུང་ཟེར་མེད་མིཿ རྒྱུ་འབྲས་ཁྱད་བསད་དམ་ཉམས་དམ་སྲིའི་རིགསཿ ཡན་པར་ཤོར་ན་རྒྱལ་བསྟན་ཕུང་འདྲེ་འདིཿ ལྷ་མོ་ཚེ་རིང་མཆེད་ལྔ་འཁོར་བཅས་ཀྱིསཿ དགྲ་བོའི་མི་ནོར་སྙིང་ཁྲག་ད་བཞེས་ཤིགཿ གང་བསྐུལ་མིང་མེད་གཏན་བརླག་ཤུལ་མེད་ཐོངསཿ རྣམ་ཤེས་བདེ་ཆེན་ཀློང་ལ་ད་སྤོར་ཅིགཿ མདོར་ན་རྒྱལ་བསྟན་དཀོན་མཆོག་སྤྱི་ཡི་དགྲཿ རྣལ་འབྱོར་ཕྱི་ནང་དུག་ལྔའི་དགྲ་གདོན་དངཿ དུས་མཐའི་གཤེད་མའི་ཚོགས་བཅས་ད་བཞེས་ཤིགཿ མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོདཿ རིག་འཛིན་ཆེན་པོ་པད་འབྱུང་སྤྱན་སྔ་རུཿ ཁས་བླངས་དམ་ལྡན་བསྲུང་མར་ཞལ་བཞེས་ནཿ རྣལ་འབྱོར་བདག་དང་མཐའ་ཡས་འགྲོ་ཀུན་གྱིཿ ས་ལམ་གེགས་བྱེད་ཚེ་སྲོག་གཅོད་ཅིང་གཤེདཿ སྐྱེ་ཕྲེང་རིམ་བརྒྱུད་འཁོར་བའི་རྒྱ་མཚོ་སྐེམཿ རྩ་གསུམ་བསྲུང་མའི་ཚོགས་ཀྱི་རང་ཞལ་མཇལཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་ལྷུན་གྲུབ་ནསཿ མཁའ་སྤྱོད་དག་ཞིང་འཁྲིད་པའི་ཕྲིན་ལས་མཛོདཿ ས་མ་ཡཱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ པད་འབྱུང་སྙིང་གི་གནད་ཡིག་འདིཿ མཁར་ཆེན་མཚོ་རྒྱལ་ཁྱོད་སྙིང་གབཿ མ་འོངས་ལྔ་བདོས་གཟིར་གདུང་ཚེཿ སྨོན་ལམ་གཏད་རྒྱ་དུས་ལ་བབསཿ འབོད་བསྐུལ་རྦད་བསད་རྣོ་ནུས་མྱུརཿ གང་བསྐུལ་རྡོ་རྗེའི་སྲོག་ཀྱང་ཆོདཿ འདི་འཕྲད་བུ་ཡི་ཕྱི་ནང་གིཿ གཉིས་འཛིན་དུག་ལྔའི་དགོས་དགྲ་འཇོམསཿ ཡེ་རྫོགས་རིག་པའི་ཞལ་མཐོང་ནསཿ གྲོལ་བར་འགྱུར་རོ་ཐེ་ཚོམ་མེདཿ དོན་གཉིས་ལྷུན་གྲུབ་གདོན་མི་ཟཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཞེས་མཐར་དུས་ལ་བབས་ཚེ་གཙང་བླ་མ་སྐལ་ལྡན་ལ་མཁོ་ནས་ཆོས་དབྱིངས་ནམ་མཁའི་བརྡ་སྒྲོམ་ལས་གར་དབང་རྒྱལ་མཆོག་གླིང་པས་དག་པར་ཕབ་པའོཿ དགེའོཿ བཀྲ་ཤིསཿ


previousལྷ་མོ་ཚེ་རིང་མཆེད་ལྔའི་བསྐུལ་བྱང་གནམ་ལྕགས་ཐོག་རྒྱུགnext