Nitartha Digital Library
Tibetan
 
previousམཛད་བྱང་།no next

མཛད་བྱང་།

དེ་ལྟར་ནང་པའི་གྲུབ་མཐའ་བཞིའི་གནས་ལུགས་གསལ་པར་བྱེད་པའི་ཡི་གེ་ཉུང་ངུ་ཞིག་ཅེས་ཀྱང་དགོས་ཞེས་སྐྱབས་མགོན་རྗེ་བཙུན་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དེ་ཉིད་ཀྱི་མཆོག་གི་སྤྲུལ་པའི་སྐུ་འཇིགས་མེད་རིག་འཛིན་མགོན་པོའི་བཀའ་བསྩལ་གསེར་གྱི་མེ་ཏོག་གཙུག་གིས་མཆོད་དེ་གྱི་འདའ་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་ཞེས་པས་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོ་གཙོ་བོར་གྱུར་པ་ཚད་མའི་སྐྱེས་མཆོག་རྣམས་ཀྱི་ཞལ་ལུང་བཞིན་གོ་བདེར་ཅུང་ཟད་བཀྲལ་པའི་ཡི་གེ་པ་ནི་སྔགས་རམ་པ་འགྱུར་མེད་མཆོག་ལྡན་གྱིས་འདུ་བྱས་པ་འདིས་ཀྱང་ཆོས་རྣམས་ལ་རྨོངས་པ་མེད་པའི་ཤེས་རབ་ཀྱིས་སྲིད་མཚོ་བརྒལ་ནུས་པར་གྱུར་ཅིག། རྒྱས་པར་ནི་གཞུང་ཆེན་པོ་ལས་རྟོགས་པར་བྱ་དགོས་སོ།། །།

བོད་རྒྱལ་ལོ། ༢༡༣༦ ཟླ་ ༨ ཚེས་ ༣༠ ཉིན། བེ་རི་རིག་པའི་རྡོ་རྗེས་དཀར་ཆག་གསར་དུ་བསྒྲིགས་ཤིང་། ཞུས་དག་ཡམ་མེ་བ་ཞིག་བཅས་ཆོས་སྦྱིན་དུ་སྤེལ་བའོ༎


previousམཛད་བྱང་།no next