འཆི་མེད་རྡོ་རྗེའི་ངོར།
― JSD004_Page_0117 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཨོཾ་སྭ་སྟི། སྐྱེ་འཆིའི་འཇིགས་མེད་ཚེ་བདག་པདྨ་ཡི། །ཕྱིན་ལས་གར་མཁན་རྡོ་རྗེའི་རིག་འཛིན་གང་། །ཞབས་སེན་ནོར་བུ་སྐལ་བཟང་གཙུག་རྒྱན་དུ། །བསྐལ་བརྒྱར་འཚོ་གཞེས་གདུལ་བྱ་སྨིན་མཛད་གསོལ།། ཞེས་པའང་རས་པ་འཆི་མེད་རྡོ་རྗེའི་ངོར་བྱ་བྲལ་བུདྡྷས་སོ།།