Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
collapse section
 expand section
collapse section
 expand section
 expand section
  
  
  
  
  
  
  
  
  
  
  
  
  
སུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མའི་རྗེས་གནང་དང་སྒྲུབ་སྐོར་གྱི་ལུང་བརྒྱུད་སོགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousསུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མའི་རྗེས་གནང་དང་སྒྲུབ་སྐོར་གྱི་ལུང་བརྒྱུད་སོགས། next

སུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མའི་རྗེས་གནང་དང་སྒྲུབ་སྐོར་གྱི་ལུང་བརྒྱུད་སོགས།


GLG001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མའི་རྗེས་གནང་དང་། སྒྲུབ་སྐོར་ལ། སྒྲུབ་ཐབས་དངོས། ཞར་བྱུང་རྨི་ལྟས། གཏོར་མའི་ཆོ་ག་དང་བཅས་པ།
ཐུན་མོང་བའི་གེགས་སེལ་ལ། འཕྲིན་ལས་འཆོལ་བ། གྲིབ་སེལ་བ། ཏིང་ངེ་འཛིན་གྱི་འདོད་ཆགས་སེལ་བ། སྨྱོ་འབོག་སེལ་བ། འདི་ལས་ཟབ་པ་མེད་པའི་གེགས་སེལ། རྟགས་མེད་ན་སྤོགས་ཆོག །རྫས་ཀྱི་ཆགས་གེགས་སེལ་བ། ནོར་རྒྱུན་མའི་ཕྲག་དོག་སེལ་བ་རིགས་གསུམ། ལྷ་མོ་དཔལ་མོའི་ཕྲག་དོག་སེལ་བ་རིགས་གསུམ་དང་བཅས་པ། ཐུན་མོང་མ་ཡིན་པའི་གེགས་སེལ་ལ། ཏིང་ངེ་འཛིན་ལ་བརྟེན་ན་ཤེས་རབ་འཕེལ་ཞིང་མི་འགྲིབ་པ། ཕོངས་པ་སེལ་བ། ཆགས་པ་སེལ་བ། སྙིང་རླུང་སེལ་བ་རྣམས་སྦྱིན་སྲེག་གི་ཆོ་ག །རྩོད་པ་ལས་རྒྱལ་བ། བསྒྲུབ་བྱ་དབང་དུ་བྱ་བ། བྱིས་པ་བློ་རྣོ་བར་བྱེད་པ། རིལ་བུའི་སྦྱོར་བ། དམ་ཚིག་མེ་ལོང་ལ་བརྟེན་པའི་ཞལ་ཤེས་དང་བཅས་པ་བྲམ་ཟེ་ཕུར་བུས་མཛད་པའི་ཡི་གེ་སོགས་གཞུང་མན་ངག་ལས་འཇམ་དབྱངས་སྨོན་ལམ་དཔལ་བ་དང་པཎྜི་ཏ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་བཞིན་བཀོད་པའི་ལུང་དང་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི། ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ་ཡན་རིང་བརྒྱུད་ལྟར་ལ། དེ་ནས་བླ་མ་གཞོན་ནུ་རྒྱལ་མཚན། རྗེ་ཚུལ་ཁྲིམས་དཔལ་བཟང་། རྗེ་བཙུན་བཙོང་ཁ་པ་ཆེན་པོ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཆོས་རྗེ་དཔལ་ལྡན་སེང་གེ །འཇམ་དབྱངས་ལེགས་པ་ཆོས་འབྱོར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་ཐུབ་བསྟན་པ། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ལྷའི་བཙུན་པ་བསོད་ནམས་དཔལ་བཟང་། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་


GLG001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བོང་ཁ་པ་སྣང་མཛད་རྡོ་རྗེ། རྩ་བའི་བླ་མ་ཟུར་འཇམ་དབྱངས་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སྒྲུབ་ཐབས། སྤོགས་ཆོག །རྟགས། རྩོད་པ་རྒྱལ་བ། དབང་སྡུད། དུག་སེལ། བྱིས་པ་བློ་རྣོ་བར་བྱེད་པ། ཁམས་འདུས་སེལ་བ་རྣམས་མན་ངག་ཚིགས་བཅད་དུ་བསྡེབས་པ་བོ་དོང་པ་བི་ཛ་ཡས་མཛད་པ། དེས་མཛད་པའི་སྒྲུབ་ཐབས་ཚིགས་ལྷུག །མན་ངག་བྱིང་བ། རྒོད་པ། འདོད་ཆགས། ཞེ་སྡང་། མི་དགའ་བ། སྡུག་བསྔལ་སོགས་གེགས་སེལ་སྦྱིན་སྲེག་དང་བཅས་པ། དེས་མཛད་པའི་ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་རྒྱན་གྱི་འཕྲེང་བ་དང་བཅས་པའི་ལུང་ནོས་པའི་བརྒྱུད་པ་ནི། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཡན་སྔར་ལྟར་ལ། དེ་ནས་འཛིམ་པ་མགོན་པོ་ཟླ་བའི་འོད། ལྷོ་པ་རིན་ཅེན་གྲགས། འཛིམས་མཁན་ཆེན་བདེ་གཤེགས། འཛིམ་པ་རྒྱལ་མཚན་དཔལ། ཀུན་སྤངས་ཆོས་གྲགས་དཔལ། ས་བཟང་མ་ཏི་པཎ་ཆེན། ལོ་ཆེན་གྲགས་པ་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་དབྱངས་ཅན་མ། པཎྜི་ཏ་ཤཱི་ལ་ཨཱ་ཀཱ་ར། ཙནྡྲ་ཤཱི། གཽ་ཏཾ་ཤཱི། ཐར་ལོ་ཉི་མ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན་མན་འདྲ། །ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་དབྱངས་ཅན་མ་དཀར་མོའི་
སྒྲུབ་ཐབས་རྗེས་གནང་གི་ཁ་སྐོང་དང་བཅས་པའི་ལུང་བརྒྱུད་ནི། ཤར་ཁང་པ་ཤེས་རབ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཐར་རྩེ་ནམ་མཁའ་སངས་རྒྱས། སྒྲུབ་ཁང་དབོན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །བྲམ་ཟེ་ཕུར་བུས་མཛད་པའི་སྒྲུབ་ཐབས་ངག་གི་འོད་ཟེར། དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པའི་ལས་སྦྱོར་གྱི་རྩ་བ། དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྗེས་གནང་སྒྲུབ་ཐབས་གེགས་སེལ་ལས་སྦྱོར་དང་བཅས་པ་ལེའུ་བཞི་པ་འོད་ཀྱི་དྲ་བ། བསྟོད་པ་གཞོན་ནུ་རོལ་དགའ་དང་བཅས་པ་རྣམས་ཀྱི་ལུང་བརྒྱུད་ནི། སུམ་པ་ལོ་ཙཱ་བ་ཡན་གོང་ལྟར་ལ། དེ་ནས་བླ་བྲང་པ་ཉི་མ་རྒྱལ་མཚན། ཀུན་མཁྱེན་ཀློང་ཆེན་པ། མཁས་གྲུབ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། བླ་མ་སངས་རྒྱས་ཡེ་ཤེས། རྗེ་སངས་རྒྱས་རྒྱལ་མཚན། རྫ་ཡིག་པ་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། རྩེ་ལེ་ཨོ་རྒྱན་བསྟན་འཛིན། རིགས་འཛིན་མཐུ་སྟོབས་རྣམ་རྒྱལ། རྗེ་པདྨ་དབང་ཆེན། སྡོམ་བརྩོན་རིན་ཅེན་དར་རྒྱས། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལའོ། །


previousསུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མའི་རྗེས་གནང་དང་སྒྲུབ་སྐོར་གྱི་ལུང་བརྒྱུད་སོགས། next