Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ཙིའུ་དམར་གསོལ་བསྡུས་བསམ་དོན་མྱུར་འགྲུབ།
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགནོད་སྦྱིན་ཙིའུ་དམར་གསོལ་བསྡུས་བསམ་དོན་མྱུར་འགྲུབ།next

གནོད་སྦྱིན་ཙིའུ་དམར་གསོལ་བསྡུས་བསམ་དོན་མྱུར་འགྲུབ།

དག་སྣང་ཌཱཀྐིའི་བརྡ་སྒྲོམ་ལསཿ གནོད་སྦྱིན་ཙིའུ་དམར་གསོལ་བསྡུས་བསམ་དོན་མྱུར་འགྲུབ་བཞུགསཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཀྱཻཿ མ་བཅོས་རང་སྣང་ལྷུན་གྲུབ་དཀྱིལ་འཁོར་ནསཿ གནོད་སྦྱིན་ཙིའུ་དམར་འཁོར་བཅས་དབྱིངས་ནས་བཞེངསཿ ཐུགས་དམ་རྒྱུད་བསྐུལ་དམ་སྲིའི་དགྲ་གདོན་ཚོགསཿ མིང་ཙམ་ལྷག་མེད་མྱུར་དུ་མ་ལུས་པཿ སྐད་ཅིག་ཉིད་དུ་དྲོངས་བསྒྲལ་མ་འདའ་ཞིགཿ བསམ་དོན་ཡིད་འགྲུབ་བཅོལ་པའི་ཕྲིན་ལས་མཛོདཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཅེས་མཆོག་སྤྲུལ་བདེ་ལེགས་བཀྲ་ཤིས་དང་མཁན་སྤྲུལ་རྣམས་ནས་ལྷ་རྫས་དང་བཅས་ཡང་ཡང་བསྐུལ་བ་དང་། སླར་ཡང་བྱ་གྲུབ་ཡེ་ཤེས་དང་ཤཱཀྱ་འོད་ལེགས་ནས་ཡང་ནས་ཡང་དུ་བསྐུལ་ངོ་མི་ལྡོག་ཙམ་དུ་གར་དབང་རྒྱལ་མཆོག་གླིང་པས་སྤེལ་བའོ།།


previousགནོད་སྦྱིན་ཙིའུ་དམར་གསོལ་བསྡུས་བསམ་དོན་མྱུར་འགྲུབ།next