Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་གླུད་གསེར་སྐྱེམས།
   
   
   
   
   
   
   
   
   
   
   


 
previousལོ་གླུད་གསེར་སྐྱེམས།next

ལོ་གླུད་གསེར་སྐྱེམས།


CMR010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གླུད་གསེར་སྐྱེམས་ནི༔ ཧཱུྃ༔ ཉི་མ་ཤར་གྱི་ཕྱོགས་རོལ་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ ལྷ་ཡི་རྒྱལ་པོ་ཨིནྡྲ་ཡ༔ མདོག་དཀར་དུང་གི་རི་བོ་འདྲ། ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས༔ ཆིབས་སུ་གླང་པོ་མགོ་ལྔ་ཆིབས༔ ཤར་ཕྱོགས་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ཤར་ཕྱོགས་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་ཆུང་ཤར་དུ་འབུལ༔ ཕྱོགས་ཐམས་ཅད་ལ་དེས་འགྲེས་སོ༔ ཧཱུྃ༔ ཉི་མ་ཤར་ལྷོའི་མཚམས་ཤེད་ནས༔


CMR010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ དྲང་སྲོང་རྒྱལ་པོ་ཨག་ཡེ༔ དམར་སེར་ལི་ཁྲིའི་རི་བོ་འདྲ༔ ཕྱག་མཚན་བགྲང་ཕྲེང་རིལ་བ་བསྣམས༔ ཆིབས་སུ་འཕྲུལ་གྱི་ར་སྐྱེས་ཆིབས༔ ཤར་ལྷོ་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ཤར་ལྷོའི་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཉི་མ་ལྷོ་ཡི་ཕྱོགས་རོལ་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ གཤིན་རྗེའི་རྒྱལ་པོ་ཡ་མ་ཡེ༔ མདོག་སྔོན་མཐིང་གི་རི་བོ་འདྲ༔ ཕྱག་མཚན་ཕྱག་ན་ཐོད་དབྱུག་


CMR010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ ཆིབས་སུ་མ་ཧེ་ཁྲོས་པ་ཆིབས༔ ལྷོ་ཕྱོགས་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ། གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ལྷོ་ཕྱོགས་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ རྩྭ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཉི་མ་ལྷོ་ནུབ་མཚམས་ཤེད་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ སྲིན་པོའི་རྒྱལ་པོ་ནི་རི་ཏི༔ དམར་ནག་ཟངས་ཀྱི་རི་བོ་འདྲ༔ ཕྱག་མཚན་ཕྱག་ན་རལ་གྲི་འཛིན༔ ཆིབས་སུ་རོ་ལངས་འཇིགས་པ་ཆིབས༔ ལྷོ་ནུབ་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་


CMR010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་སྣོད་མཆོག་ཏ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས་ཆང་དུ་མཚོ་རོགཡུ་བརྡར་ཏེ་གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ལྷོ་ནུབ་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ འོག་ཕྱོགས་གསེར་གྱི་ས་གཞི་ནས་འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ ས་བདག་རྒྱལ་པོ་བརྟན་མ་ནི༔ གསེར་མདོག་གསེར་གྱི་རི་བོ་འདྲ༔ ཕྱག་མཚན་མཆེ་བ་བུམ་པ་འཛིན༔ འོག་ཕྱོགས་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་


CMR010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ འོག་ཕྱོགས་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཉི་མ་ནུབ་ཀྱི་ཕྱོགས་རོལ་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ ཆུ་ལྷའི་རྒྱལ་པོ་ཝ་རུ་ཎ༔ མདོག་དཀར་དུང་གི་རི་བོ་འདྲ༔ ཕྱག་མཚན་ཕྱག་ན་སྦྲུལ་ཞགས་བསྣམས༔ ཆིབས་སུ་ཆུ་སྲིན་དམར་པོ་ཆིབས༔ ནུབ་ཕྱོགས་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་


CMR010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཉི་མ་ནུབ་བྱང་མཚམས་ཤེད་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ རིག་འཛིན་རྒྱལ་པོ་ཝ་ཡ་ཝེ༔ མདོག་ལྗང་གཡུ་ཡི་རི་བོ་འདྲ༔ ཕྱག་མཚན་ཕྱག་ན་བ་དན་འཛིན༔ ཆིབས་སུ་རླུང་གི་ཤ་བ་ཆིབས༔ ནུབ་བྱང་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ནུབ་བྱང་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་


CMR010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའི་དབྱིངས་རུམ་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ ཚངས་པའི་རྒྱལ་པོ་གདོང་བཞི་པ༔ གསེར་མདོག་གསེར་གྱི་ལྷུན་པོ་འདྲ༔ ཕྱག་ན་གསེར་གྱི་འཁོར་ལོ་བསྣམས༔ ཆིབས་སུ་ངང་པའི་རྒྱལ་པོ་ཆིབས༔ སྟེང་ཕྱོགས་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རེ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔


CMR010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཉི་མ་བྱང་གི་ཕྱོགས་རོལ་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ གནོད་སྦྱིན་རྒྱལ་པོ་ཀུ་བེ་ར༔ ཨིནྡྲ་ནཱི་ལའི་རི་བོ་འདྲ༔ ཕྱག་མཚན་དབྱུག་ཐོ་ནེའུ་ལེ་བསྣམས༔ ཆིབས་སུ་རྫུ་འཕྲུལ་རྟ་མཆོག་ཆིབས༔ བྱང་ཕྱོགས་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ བྱང་ཕྱོགས་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་བ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཉི་མ་བྱང་ཤར་མཚམས་ཤེད་ནས༔ འཇིག་རྟེན་སྲུང་ཞིང་སྐྱོང་མཛད་པ༔ འབྱུང་པོའི་རྒྱལ་པོ་དབང་ལྡན་ནི༔ སྔོ་སྐྱ་མཐིང་ཤུན་རི་


CMR010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བོ་འདྲ༔ ཕྱག་མཚན་ཕྱག་ན་ཁ་ཊཾ་བསྣམས༔ ཆིབས་སུ་བ་གླང་ཁྱུ་མཆོག་ཆིབས༔ བྱང་ཤར་ལྷ་འདྲེའི་ཚོགས་བཅས་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ བྱང་ཤར་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ གངས་ཅན་བོད་ཁམས་སྐྱོང་མཛད་པ༔ བརྟན་མ་བཅུ་གཉིས་དཔོན་དང་གཡོག༔ དགེ་བསྙེན་ཉི་ཤུ་རྩ་གཅིག་དང་༔ རྗེ་ཡི་མགུར་ལྷ་བཅུ་གསུམ་དང་༔ ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་༔ གཉན་ཕྲན་བཞི་བཅུ་རྩ་གཉིས་ལ༔ མཆོད་པ་དམ་


CMR010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ བོད་ཁམས་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡུལ་ཕྱོགས་འདི་དག་སྐྱོང་བའི་ལྷ༔ སྐུ་རྒྱལ་དབྱི་རྒྱལ་གཟེ་རྒྱལ་དང་༔ ངོམ་རྒྱལ་གོ་རྒྱལ་ཛོ་རྒྱལ་དང་༔ ཀླུ་རྒྱལ་གཏམ་རྒྱལ་ལ་སོགས་པ༔ ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་དང་༔ དབྱི་དོ་དགེ་བསྙེན་ལ་སོགས་པ༔ ངོམ་གྱི་མཚོ་ནག་སྤྱན་གསུམ་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་


CMR010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཆང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ཡུལ་འདིའི་ལྷ་འདྲེ་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཁྱད་པར་ཡུལ་དང་གྲོང་གི་ལྷ༔ ཡུལ་རྗེ་གནས་བདག་མཐུ་ཆེན་སོགས༔ མདུན་རི་རྒྱབ་རི་གཡས་རི་དང་༔ གཡོན་རི་ཉིན་སྲིབ་ཕུ་མདའ་ལ༔ གནས་པའི་གཞི་བདག་ཐམས་ཅད་ལ༔ མཆོད་པ་དམ་པ་འབུལ་བ་ནི༔ རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་ལ༔ རིན་ཆེན་འབར་བའི་གསེར་བརྡར་ཏེ༔ གསེར་འོད་སེར་པོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གསེར་གྱི་སྐྱེམས༔ ཚང་དུ་མཚོ་རོ་གཡུ་བརྡར་ཏེ༔ གཡུ་འོད་སྔོན་མོ་ལམས་སེ་ལམ༔ མིང་ནི་བདུད་རྩི་གཡུ་ཡི་མངོན༔ ལྷ་ནས་སྔོན་མོ་འབྲུ་


CMR010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བླུགས༔ དཀར་གསུམ་བརྒྱན་པའི་གཏོར་མ་བཤམས༔ གསེར་སྐྱེམས་གཡུ་མངོན་བཤོས་བུ་བཅས༔ ཡུལ་བདག་གྲོང་བདག་ཐམས་ཅད་ལ༔ ལོ་ཡི་གླུད་དང་སྐྱིན་དུ་འབུལ༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་བཅུ་གསུམ་ཚར་རྗེས་རོལ་མོ་དང་བཅས་ཏེ་ཧཱུྃ༔ ཕྱོགས་བཅུའི་འཇིག་རྟེན་སྲུང་མ་དང་༔ བརྟན་མ་མགུར་ལྷ་དགེ་བསྙེན་སོགས༔ སྣང་སྲིད་ལྷ་འདྲེ་གཉེན་པོ་ཀུན༔ རྣལ་འབྱོར་བདག་ལ་སྙན་གསོན་དང་༔ ཆང་བས་དེ་ནི་ངོ་ཆེ་མེད༔ མེད་པ་དེ་ནི་མི་ལས་བཙལ༔ ཆང་གིས་མཆོད་པ་ཡ་མ་ང་༔ གསེར་བས་དེ་ནི་རིན་ཆེ་མེད༔ སྲ་བ་དེ་ནི་བྲག་ལས་བརྐོས་གསེར་གྱིས་མཆོད་ན་ཕྲག་མ་དོག༔ འཚོ་བའི་ཟས་ལ་ཀུན་ཀྱང་འདུ༔ གཏོར་མས་མཆོད་ན་མགུ་མ་དཀར༔ གཡུ་བས་དེ་ནི་བཀྲག་ཆེ་མེད༔ གཡུ་མངོན་མཆོད་ན་ངོ་མ་དམའ༔ ནས་བས་དེ་ནི་འཕེལ་ཆེ་མེད༔ འབྲུ་ཡིས་མཆོད་ན་ཐུགས་མ་ལོག༔ མཆོད་ཅིང་བསྐུལ་ན་ཕྲག་མ་དོག༔ བཅོམ་ལྡན་ཤཱཀྱ་ཐུབ་པ་དང་༔ ཆེ་མཆོག་གསང་བདག་རྟ་མགྲིན་དང་༔ པདྨ་འབྱུང་


CMR010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པཀི་སོགས༔ རྒྱལ་བའི་བཀའ་ལ་མ་འདའ་བར༔ འཇིག་རྟེན་བདེ་ཞིང་ལོ་ལེགས་མཛོད༔ ཟས་ཀྱི་ངོ་ཞིག་ཁྱོད་ཀྱིས་མཛོད༔ མཐུ་རྩལ་ཅི་འདུག་བདག་གིས་བལྟ༔ ལེ་ལོ་བཏང་སྙོམས་མ་མཛད་པར༔ ལོ་ཐོགས་རྣམས་ལ་སྲུང་སྐྱོབ་མཛོད༔ བཀའ་དང་དམ་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ༔ བདེ་ལེགས་ཕུན་སུམ་ཚོགས་པ་ཡི༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཅེས་ལོ་གླུད་གསེར་སྐྱེམས༔ ཨ་རཱ་གས་སྦྱར་བས་འཇིག་རྟེན་བདེ་བར་གྱུར་ཅིག༔ དཀར་ཆུང་བརྒྱན་པའི་གཏོར་ཆུང་བཅུ་གསུམ་བཅའ་འོ། བྷ་ཝནྟུ། ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལོ་གླུད་གསེར་སྐྱེམས།next