Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཞབས་བརྟན་གསོལ་འདེབས་ཟླ་བ་འདོད་འཇོ།
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousཞབས་བརྟན་གསོལ་འདེབས་ཟླ་བ་འདོད་འཇོ།next

ཞབས་བརྟན་གསོལ་འདེབས་ཟླ་བ་འདོད་འཇོ།


JSD004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྟན་གསོལ་འདེབས་ཟླ་བ་འདོད་འཇོ་བཞུགས།། ཨོཾ་སྭ་སྟི་སིདྡྷི། མཚོ་སྐྱེས་རྡོ་རྗེ་མཚོ་རྒྱལ་འབྲོག་བན་གྱི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །བསམ་བཞིན་མི་ཡི་སྲིད་པ་ཉེར་བཟུང་བ། །ཁྱབ་བདག་འཇིགས་བྲལ་ཛྙ་ནར་ཕྱག་བགྱིའོ། །གང་དེའི་ཆོས་དང་རིགས་ཀྱི་གདུང་འཚོབ་ཕྱིར། །གཞན་ཕན་བྱང་ཆུབ་སེམས་གཉིས་ཆུ་གཏེར་ལས། །ཡོངས་ཐོན་ཟླ་བ་ནོར་བུའི་མཚན་འཆང་ཁྱེད། །ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཤོག །ཀུན་བཟང་ཐུགས་ཀྱི་བསྟན་པ་བཀའ་གཏེར་ལུང་། །མན་ངག་ཕ་ནོར་བུ་ལ་བཞག་པ་རྣམས། །འཛིན་སྐྱོང་སྤེལ་བའི་སྐབས་བབ་ལ་དགོངས་ནས། །འཛམ་གླིང་ཤར་ནུབ་གདུལ་བྱ་རྗེས་བཟུང་གསོལ། །ལས་ཉོན་དྲག་པོས་གཟིར་བའི་གདུལ་དཀའི་འགྲོ། །དྲང་དོན་རྒྱུ་འབྲས་ཐེག་


JSD004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུལ་མིན་པས། །རང་བྱུང་ཡེ་ཤེས་རང་ཞལ་མངོན་བསྟན་ནས། །ཚེ་གཅིག་གདོད་མའི་རྒྱལ་སར་ཁྲིད་མཛད་གསོལ། །ཁྱད་པར་ཡབ་རྗེའི་ཟབ ཆོས་བྱིན་རླབས་ཀྱི། །ཚན་ཁ་མ་ཉམས་འཕྲད་གྲོལ་ཇི་སྙེད་པ། །ས་སྟེང་ནུབ་ཕངས་གསན་བསམ་བསྒོམ་པ་ཡིས། །གཞན་དྲིང་མི་འཇོག་བདག་གིར་མཛད་པར་གསོལ། །སྔ་འགྱུར་ཁྱད་ནོར་ཡིད་བཞིན་དབང་གི་རྒྱལ། །བཤད་སྒྲུབ་རྒྱལ་མཚན་ཏོག་ཏུ་རབ་མཆོད་དེ། །སྲིད་པའི་གདུང་བ་འཕྲོག་དང་ཆབས་ཅིག་པར། །ཟག་ཕུང་འོད་སྐུར་དེངས་གང་སྩོལ་མཛད་གསོལ། །མི་རིགས་ཡུལ་ཕྱོགས་ཀུན་སྤྱོད་མཚུངས་མིན་སྐྱོན། །ལུས་ངག་ཐོ་ཅོ་གྱ་ཚོམ་སྤྱི་བརྟོལ་སོགས། །ཐུགས་དང་འགལ་གྱུར་ཇི་མཆིས་བཤགས་པར་བགྱི། །སེམས་ཅན་སྙིང་རྗེའི་ཡུལ་དགོངས་བཟོད་པར་བཞེས། །མདོར་ན་


JSD004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་རྗེ་འགྲོ་བའི་མགོན་པོ་ཡིས། །སྔ་འགྱུར་བཀའ་གཏེར་བསྟན་པ་ཁོ་ནར་དགོངས། །སྔ་འགྱུར་བཀའ་གཏེར་བསྟན་པ་ཁོ་ནར་དགོངས། །སྙིང་པོའི་གནད་རྣམས་བཀའ་བསྡུ་མཛད་པའི་དོན། །ཆུད་མི་ཟ་བའི་ཐབས་ཚུལ་ལྷུར་བཞེས་གསོལ། །མགོན་ཁྱེད་གང་དུ་བཞུགས་པའི་ས་ཕྱོགས་སུ། །ནག་པོའི་རྩ་ལག་སྡེར་བཅས་མིང་མེད་ཆོས་མཐུན་བཞེད་རྒུ་ལྷུན་གྱིས་གྲུབ་པ་དང་། །དོན་གཉིས་འབྱོར་པ་རྒྱ་མཚོར་དབང་འབྱོར་ཤོག །གཞན་ཕན་ཚོགས་ཀྱི་ཟླ་བ་ཤར་བའི་་ མོད། །མི་ཤིས་རྒུད་པའི་སྨག་རུམ་མཐར་བྱས་ཏེ། །དགེ་ལེགས་སྣང་བ་དཀར་པོ་ཡུག་གཅིག་གིས། །འཛམ་གླིང་ས་ཆེན་ཁྱབ་པའི་བཀྲ་ཤིས་ཤོག ། ཅེས་པའང་ནུབ་ཕྱོགས་ཕ་རན་སིའི་ཡུལ་གྱི་རྗེ་གཏེར་ཆེན་བླ་མའི་ཆོས་ཚོགས་རྡོ་རྗེ་སྙིང་པོ་དང་། ཨོ་རྒྱན་བསམ་ཡས་ཆོས་གླིང་གི་སློབ་སྤྱི་མགྲིན་ནས་བསྐུལ་པའི་ངོར་རིག་པ་འཛིན་པ་ཁྲོ་རྒྱལ་རྡོ་


JSD004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ས་མོ་སྦྲུལ་ལོ་འཕྲུལ་ཟླ་བའི་ཡར་ཚེས་༡༠ལ་གུ་རུའི་སྒྲུབ་གནས་ཡང་ལེ་ཤོད་དུ་བྲིས་པ་དགེ་ལེགས་འཕེལ།།


previousཞབས་བརྟན་གསོལ་འདེབས་ཟླ་བ་འདོད་འཇོ།next