Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གེ་སར་གསོལ་བསྡུས་མྱུར་མགྱོགས་ཕྲིན་ལས་ལྷུན་གྲུབ།
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགེ་སར་གསོལ་བསྡུས་མྱུར་མགྱོགས་ཕྲིན་ལས་ལྷུན་གྲུབ།next

གེ་སར་གསོལ་བསྡུས་མྱུར་མགྱོགས་ཕྲིན་ལས་ལྷུན་གྲུབ།

གེ་སར་གསོལ་བསྡུས་མྱུར་མགྱོགས་ཕྲིན་ལས་ལྷུན་གྲུབ་ཞེས་བྱ་བ་བཞུགས་སོཿ ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ འབྲུ་གསུམ་བྱིན་རླབས་ནམ་མཁའ་མཛོད་ཀྱིས་སྤེལཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཀྱཻཿ ཀུན་ཁྱབ་སྤྲོས་བྲལ་ལྷུན་གྲུབ་དབྱིངས་རུམ་ནསཿ རྩལ་སྣང་མ་འགགས་སེང་ཆེན་སྐུ་འཁོར་རྫོགསཿ འདོད་ཡོན་ལྔ་ལྡན་མཆོད་སྤྲིན་རྒྱ་མཚོ་འབུལཿ བཞེས་ནས་འདོད་དོན་གང་བཅོལ་ལས་འགྲུབ་ནསཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ས་མ་ཡཱཿ དུས་མཐའི་མུན་རུམ་སྐྱེ་འགྲོ་ཡོངས་རྫོགས་ཀུནཿ སྡུག་བསྔལ་བཟོད་མེད་མྱུར་དུ་བསལ་ནས་སུཿ མཐར་ཐུག་རིགས་ལྡན་འཁོར་དུ་ལེགས་སྐྱེས་ནསཿ མི་འབྲལ་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ས་མ་ཡཱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ ང་སྤྲུལ་རིག་འཛིན་ད་འབྱོན་རནཿ སྨོན་ལམ་མཐུ་སད་རྐྱེན་བཟློག་ནུསཿ དུས་བབས་ཕྲིན་བཅོལ་སུས་བྱེད་ནཿ ལས་འབྲས་སྡུག་བསྔལ་དགྲ་གདོན་གྲོལཿ མ་འོངས་རིགས་ལྡན་དྲག་པོའི་འཁོར་སྐྱེས་ནསཿ འདི་ཕྱིའི་དོན་ཆེན་རྒྱ་ཆེན་འགྲུབ་ནུས་འགྱུརཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ སྦས་རྒྱཿ ཅེས་སྒེག་ཁོག་ནས་གེ་སར་རྣམ་ཐར་འཆམ་ནི་དང་ཡོན་བདག་བཱ་རིས་དང་དྲི་ལོ། ཀུན་བཟང་སྣང་གསལ་སོགས་ནས་ཡང་ཡང་བསྐུལ་ངོརཿ རབ་བྱུང་བཅུ་བདུན་པའི་མེ་ཕོ་བྱི་བའི་ལོའི་ཟླ་བ་༢པའི་ཚེས་༡༥ཉིན་ཞལ་ངོ་མི་ལྡོག་ཙམ་དུ་རྩེད་མཚར་གྱི་ཚུལ་དུ་གར་དབང་རྒྱལ་མཆོག་གླིང་པས་དག་སྣང་དགོངས་པའི་བརྡ་སྒྲོམ་ནས་དག་པར་བྲིས་པ་དགེའོཿ བཀྲ་ཤིས་བདེ་ལེགསཿ བསམ་དོན་འགྲུབ་པར་ཤོགཿ


previousགེ་སར་གསོལ་བསྡུས་མྱུར་མགྱོགས་ཕྲིན་ལས་ལྷུན་གྲུབ།next